ཕུན་ཚོགས་ཚོགས་པའི་ཨ་མདོ་གློག་བརྙན་འཕྲིན་གྱི་རྩོམ་བསྡུའི་བརྡ་ཐོ།
imageརྩོམ་བསྡུའི་ཆ་རྐྱེན།
རྩོམ་ཡིག་གི་ནང་དོན་ནི་བོད་མི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་གཞིར་བཟུང་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་མངོན་པར་བྱེད་པ་དང་། ཁ་བྱང་རང་གིས་གཏན་ཁེལ་བྱས་ཏེ་སྒྲུང་གཏམ་གྱི་ལམ་ནས་རྒྱ་ཡིག་དང་བོད་ཡིག་གང་རུང་གི་ལམ་ནས་བྲིས་ཆོག
བྱ་འགུལ་སྤེལ་ཡུན།
༢༠༡༦ལོའི་ཟླ་༣་པའི་ཚེས་༢༤་ནས་༢༠༡༦ལོའི་ཟླ་༦་པའི་ཚེས་༢༤་ཉིན་གྱི་བར།

རྩོམ་བསྡུའི་བྱ་དགའ།
༡ བྱ་འགུལ་ལ་ཞུགས་མཁན་ཡོངས་ལས་ཕུལ་བྱུང་རྩོམ་ཡིག་བརྒྱད་འདེམ་ཏེ་ངེད་ཕུན་ཚོགས་ཚོགས་པའི་དྲ་དང་འཕྲིན་ཕྲན་སྟེགས་བུ་རུ་བཀྲམས་པ་དང། གོང་གི་མི་སྣ་བརྒྱད་ལ་ངེད་ཕུན་ཚོགས་ཚོགས་པའི་དབང་རྒྱས་རྟགས་ཅན་གྱི་བོད་ལྭ། བྱ་དགའི་དཔང་ཡིག་དང་ལེགས་སྐྱེས་བཅས་ཡོད།
༢ ང་ཚོས་བྱ་དགའ་ཐོབ་པའི་རྩོམ་ཡིག་དག་ངེད་ཚང་གི་འཕྲིན་ཕྲན་སྟེགས་བུ་དང་དྲ་བ།བོད་ཀྱི་དྲ་ཚིགས་གང་མང་རུ་འགྲེམ་སྤེལ་བྱེད་པ་དང་། དེ་ཉིད་འཁྲབ་གཞུང་ལ་བསྒྱུར་ཏེ་ཕུན་ཚོགས་ཚོགས་པའི་ཨ་མདོ་གློག་བརྙན་འཕྲིན་གྱི་བརྙན་ལེན་མ་གཞིར་གདམས་ངེས།
༣ བྱ་འགུལ་ལ་ཞུགས་མཁན་ཡོངས་ལས་སྔོན་ཐོན་རྩོམ་ཡིག་༢༠འདེམས་ཏེ་དྲ་བ་དང་འཕྲིན་སྟེགས་སོགས་སུ་བཀོད་དེ་ཀློག་གྲངས་མཐོ་ཤོས་༡༥འདེམས་རྗེས། ཕུན་ཚོགས་ཚོགས་པའི་སྟོད་ལྭ་གཅིག་དང་བྱ་དགའི་དཔང་ཡིག་བཅས་ཡོད།
༤ གཞན་པའི་བརྩམས་ཆོས་བཅུ་འདེམས་ཏེ་བྱ་དགའི་འཛིན་ཡིག་དང་ལེགས་སྐྱེས་སྤྲོད་རྒྱུ་ཡིན།
༥ འགྲན་ཞུགས་མཁན་ཚོས་རང་གི་རུས་མིང་དང་སྡོད་གནས། འབྲེལ་གཏུགས་ཁ་པར། རང་ཉིད་ཀྱི་འདྲ་པར་བཅས་གསལ་བོར་སྐུར་རོགས།༼རྗེས་མར་སྦྲགས་སྲིད་བརྒྱུད་དེ་བྱ་དགའ་སྐུར་བར་ངེས་པར་མཁོ།༽

དོ་སྣང་བྱ་ཡུལ།
1.འགྲན་ཞུགས་བརྩམས་ཆོས་ཚང་མ་གསར་བ་གསར་རྐྱང་ཡིན་དགོས།
2.ཡིག་འབྲུ་3000ལས་ཉུང་མི་རུང་། དེ་དང་འབྲེལ་ཡོད་གྱི་འདྲ་པར་ཡོད་ན་སྐུར་ཆོག
3.རྩོམ་པ་པོ་དག་གི་འགྲན་ཞུགས་བརྩམས་ཆོས་ངེད་ཕུན་ཚོགས་ཚོགས་པའི་དྲ་བ་དང་འཕྲིན་སྟེགས་གང་རུང་ལ་སྤེལ་བར་མོས་མཐུན་ཡོད་དགོས།

ཡིག་ཟམ། yangchangdongzhi @163.com(བོད་ཡིག)
2446447646@qq.com(རྒྱ་ཡིག)