ལུག་ཚང་དཔལ་ཡོན་གྱི་དྲ་ཐོག་རླུང་འཕྲིན་དེ་རིང་ནས་དངོས་སུ་ཤར་གཏོང་བྱས་པ་ཡིན།

  • བཅུ་ཕྲག་རིག་པ་མཐའ་ཡས་རྒྱ་མཚོ་ལས།།
  • རང་གིས་ནུས་པས་དཔོག་པའི་ཆུ་ཐིགས་ཙམ།།
  • ལུག་ཚང་གླིང་ནས་རིགས་ཞེན་ལྷག་བསམ་སླད།།
  • ངོ་སྤྲོད་བརྒྱུད་སྤེལ་བྱས་པ་དགེ་བར་འགྱུར།།

ལེན་ཚན།

༡ སྒྲུང་གཏམ་འཚོ་བའི་མེ་ལོང་།  

༢ སྙན་རྩོམ་དྲི་ཟའི་གླུ་དབྱངས།

༣ དམངས་སྲོལ་མེས་པོའི་མཆོད་པ།


 

  • ལུག་ཚང་དཔལ་ཡོན་གྱི་གསལ་བསྒྲགས། 

༄༅།།འདི་ཡང་༼ལུག་ཚང་དཔལ་ཡོན་༽ཞེས་པའི་གླེང་སྟེགས་འདི་ནི་ནི་བོད་ཀྱི་གནའ་བོའི་གྲོང་ཁྱེར་ལྷ་སའི་་ཆུ་ཤུར་རྫོང་སློབ་འབྲིང་གི་དགེ་རྒན་དཀྱུས་མ་ཡེ་ཤེས་བསྟན་འཛིན། དྲ་ཐོག་ཏུ་羊兄ཞེས་འབོད་པའི་མི་བུ་ཞིག་གིས་༢༠༡༣ལོའི་ཟླ་༣པའི་་ནང་བཟོས་པའིའཕྲིན་ཕྲན་སྟེགས་བུ་ཞིག་རེད།

དེ་ཡང་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་། བོད་ཀྱི་རིག་གནས་རྒྱུན་ཤེས་སོགས་བོད་སྐད་ཡིག་དང་རང་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་སྐྱེ་བོ་རྣམས་ལ་མཁོ་འདོན་དང་མཉམ་སྤྱོད་བྱེད་པའི་ཀུན་སློང་བཟང་པོ་ཞིག་ཁྱེར་སྟེ་ལོ་གཅིག་དང་ལོ་ཕྱེད་ལྷག་རིང་གི་དུས་ཡུན་ནང་ཉིན་ལྟར་ཟམ་མི་ཆད་པར་ནང་དོན་གསར་སྤེལ་བྱེད་པ་དང་།དོ་སྣང་བྱེད་མཁན་གྱི་དགོས་མཁོ་ལྟར་དྲི་བ་མི་འདྲ་བར་ལན་འདེབས་ཀྱི་ཡོད།

སྔ་རྗེས་སུ་ལུག་ཚང་དཔལ་ཡོན་གྱི་བོད་རྒྱ་ཟུང་འབྲེལ་གྱི་དྲ་ཚིགས་དང་།ཟིན་བྲིས་བཟོས་ནས་ཀློག་པ་པོ་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཡོད། ཉེ་འཆར་ལུག་ཚང་དཔལ་ཡོན་གྱི་བོད་ཡིག་ཁ་གཙང་གི་དྲ་ཚིགས་ཀྱང་ཤར་གཏོང་བྱས་ཟིན།དེའི་ཐད་རྩམ་ཁུག་དྲ་བའི་འགན་འཁུར་བ་བྱམས་པ་ལགས་ཀྱིས་རིན་མེད་ངང་ལག་རྩལ་མཁོ་འདོན་གནང་བ་དང་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ །

ལས་དང་དམ་ཚིག་བཟང་པོས་ལུག་ཚང་དཔལ་ཡོན་གྱི་དྲ་ཐོག་རླུང་འཕྲིན་དེ་ཡང་དེ་རིང་ནས་འགོ་འཛུགས་ཐུབ་སོང་། དེ་ཡང་སྙན་སྒྲོན་པ་བློ་བཟང་དོན་ཡོད་དང་བསྟན་འཛིན་ནོར་བུ།རྩོམ་སྒྲིག་པ་པ་སངས་ཚེ་རིང་དང་བྱམས་པ་ཚེ་བརྟན། ཁྱོན་ཡོངས་ཀྱི་འགན་འཁུར་བ་ཡེ་ཤེས་བསྟན་འཛིན་བཅས་མིས་ལྔས་མིག་སྔའི་ལུག་ཚང་དཔལ་ཡོན་གྱི་ཚོགས་མི་ཡིན། ང་ཚོས་རང་ནུས་ཅི་ལྕོག་གིས་ལུག་ཚང་དཔལ་ཡོན་གྱི་ཉིན་རེའི་རྩོམ་ཡིག་དང་དྲ་ཐོག་རླུང་འཕྲིན་དེ་སྤུས་ཚད་ལྡན་པ་དང་དོན་སྙིང་ལྡན་པ་ཞིག་གཉེར་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ལ་འབད་རྩོན་ཡང་ལྷོད་མེད་བྱ་རྒྱུ་ཡིན།

གལ་ཏེ་ཁྱེད་ཉིད་ལུག་ཚང་དཔལ་ཡོན་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན། བོད་སྐད་ཡིག་དང་རིག་གནས་ཀྱི་རྨང་གཞིའི་ཤེས་བྱེའི་ཐད་དཀའ་ངལ་འཕྲད་ཚེ། ལུག་ཚང་དཔལ་ཡོན་ནང་ཡིག་ཐོག་ནས་དྲི་བ་བཞག་ན་ང་ཚོས་གང་མགྱོགས་ལན་ཕུལ་ཆོག

གཞན་ཡང་ཁྱེད་ཉིད་ལུག་ཚང་དཔལ་ཡོན་ལ་དོ་སྣང་བྱེད་འདོད་ན་འཕྲིན་ཕྲན་ནང་ཐད་ཀར་羊兄乐园ཞེས་རྒྱ་ཡིག་ཐོག་ནས་འཚོལ་བཤེར་བྱས་ན་རྙེད་ཐུབ།

མཐའ་མཇུག་ཏུ་ལྷན་རྒྱས་རྣམ་པའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ལུག་ཚང་དཔལ་ཡོན་ནས་བཀའ་དྲིན་ཆེ་ཞུ། །

ལུག་ཚང་དཔལ་ཡོན།

羊兄乐园微信公众平台

ID:tbsheep