འཇིག་རྟེན་འདི་ཆུང་དྲགས་སོང་ཞེས་ང་ཚོས་རྒྱུན་ཏུ་ངག་ནས་ཟློ་བཞིན་ཡོད་ལ། ཨ་རིའི་པར་བ་ཕེའོ•བྷོར་རྗེ་སིས(Phil Borges)བསམ་བཞིན་དང་བསམ་བཞིན་མ་ཡིན་པར་སའི་གོ་ལའི་གྲོང་ཚོ་ཞེས་པའི་དེང་འདིར་དར་སྲོལ་བྱེད་པའི་སྤྱི་འགྲོས་འདི་ལ་དང་དོད་བྱས་པ་རེད། ཁོང་གི་པར་ལས་ང་ཚོས་མིའི་རིགས་ཀྱི་སྤྱི་མཐུན་གྱི་ཆ་ཞིག་མཐོང་ཐུབ་ལ། རིགས་རྒྱུད་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རྒྱལ་ཁབ་མི་འདྲ་བའི་མིའི་སྤྱི་མཐུན་གྱི་ཆ་དེ་མཐོང་ཐུབ་པ་ཡིན།

20100705phil07

པར་རྒྱག་པར་དགའ་བའི་དགའ་བ་དེས་དྲངས་ནས་ཕེའོ•བྷོར་རྗེ་སི་འཛམ་གླིང་གི་ཕྱོགས་གང་སར་ཡུལ་སྐོར་མང་པོར་ཕྱིན་ལ།དགའ་བ་དེ་དག་ལ་བརྟེན་ནས་ཁོང་གིས་ང་རང་ཚོའི་མིག་གི་དགའ་སྟོན་དུ《བོད་མིའི་སྣང་བརྙན》དང་《མི་ནུབ་པའི་སྙིང་སྟོབས》ཞེས་པའི་པར་རིས་ཆེད་དེབ་གཉིས་བཤམས་ཡོད།

4467905

ཁོང་གིས་པར་མིག་གཏོད་སའི་ཡུལ་དུ་འཚོ་གནས་ཀྱི་ཆེད་དུ་ཐོག་དང་པོར་ཕྱི་རོལ་འཇིག་རྟེན་དུ་འགྲིམ་པའི་གཉུག་མའི་མི་དང་། ལོ་ངོ་མང་པོར་སྐད་འབོད་འཐབ་རྩོད་བྱས་པའི་མི། སེམས་གཏིང་ནས་ནུབ་ལ་ཉེ་བའི་རང་གི་རིག་གནས་ལ་རང་ནུས་འདོན་པའི་མི། འབད་བརྩོན་སྒོས་རང་གི་རིག་གནས་གཙོ་རྒྱུགས་རིག་གནས་ཀྱིས་ཁྱུར་མུད་གཏོང་དུ་མི་འཇུག་པའི་མི་སོགས་ཡོད།

140313ren01

པར་བ་ཕེའོ•བྷོར་རྗེ་སིས་སུ་དང་གང་གིས་་རྗེས་ལུས་་དང་་བླུན་རྨོངས་་ཀྱི་ཐ་སྙད་སྤྱད་ནས་མི་རིགས་དང་རིགས་རྒྱུད་གཞན་གང་ལ་ཡང་དམོད་པའི་དབང་ཆ་མེད། ཞེས་སྡོམ་ཚིག་གསུངས་བ་ནང་བཞིན་ཁོང་གི་པར་རིས་བརྩམས་ཆོས་ཀྱིས་སེམས་འགུལ་ཐེབས་པའི་མི་མང་པོ་ཞིག་གིས་ཀྱང་དེ་ཁོ་ན་ཉིད་དུ་འདོད་ཅིང་དེ་ལྟར་ཁས་ལེན་བཞིན་ཡོད་དོ།།

140313ren10

 

140313ren03

 

140313ren02

 

140313ren04

 

140313ren14

 

140313ren12

 

140313ren11

20100705phil06

 

20100705phil10

 

རེབ་གོང་རྨུ་ཐག་ཚང་གི་སྐད་འཕྲིན་སྟེགས་བུ་ལས་བཏུས། སྐད་འཕྲིན་ཨང་གྲངས། Rebgongdream

 

1864827677