རླུང་བུ་མ་འདུག་རླུང་བུ་ཤོག

རླུང་བུ་རྒྱ་མཚོའི་སྟེང་ནས་ཤོག

རི་ནས་མ་བཞུགས། རླུང་ལྷ་རྒན་པོ།

ཡུལ་ནས་མ་འདུག   རླུང་གི་ཨ་ཅེ།
ཨོ     ཨ་མས་འབྲུ་དང་ཕུག་མ་བགར་དགོས་ཟེར།

       ཨ་ཕས་ཕུག་རྩྭ་རླུང་ལ་བསྐུར་དགོས་ཟེར།

རླུང་བུ་མ་འདུག་རླུང་བུ་ཤོག

རླུང་རྟ་ཁམ་པ་ཞོན་ནས་ཤོག

 

རླུང་བུ་མ་འདུག་རླུང་བུ་ཤོག

རླུང་བུ་རྒྱ་མཚོའི་སྟེང་ནས་ཤོག

ཤར་ནས་མ་འཇོག   རླུང་གི་སྤུ་གྲི

ནུབ་ནས་མ་སྐྱུར།     རླུང་གི་རྒྱལ་མཚན།

ཨོ     ཨ་མས་རླུང་བུ་གཡུལ་གར་བཞུགས་རོགས་ཟེར།

       ཨ་ཕས་རླུང་གི་དེ་ཉིད་སྒོམ་རོགས་ཟེར།

རླུང་བུ་མ་འདུག་རླུང་བུ་ཤོག

རླུང་རྟ་ཁམ་པ་ཞོན་ནས་ཤོག

༼དབྱངས་རྩོམ་པ་པོ།  གསང་བདག༽