2015ལོའི༼ནས་སོན༽སྔར་བཞིན་དཔེ་རྟགས་དང་། ལེ་ཚན་སྔོན་མ་སོར་བཞག་གིས་དཔར་རྒྱུར་ངེས་པས། རྒྱབ་སྐྱོར་གནང་མཁན་གྱི་རྩོམ་པ་པོ་རྣམ་པས་དེ་ལྟར་ཐུགས་ཁུར་རེ་གནང་རོགས་ཞུ་གི་ཡོད། རྩོམ་ཡོན་སྟབས་བདེ་རེ་སྔར་མཚུངས་བཞིན་དབུལ་རྒྱུ་དང་། རྩོམ་བསྡུས་ཡུན་ཚད་ཕྱི་ཟླ་བཞི་བའི་ཟླ་མཇུག་ཚུན་ཡིན།

རྩོམ་བསྐུར་དུས་གློག་རྡུལ་ཡིག་སྒམ་དང་། གླེང་མོལ་གང་རུང་སྟེང་བསྐུར་དགོས་ཤིང་དེ་དང་མཉམ་དུ་རྩོམ་མཁན་གྱི་རུས་མིང་དང་སྡོད་གནས་སོགས་སྤྱི་དམངས་ཐོབ་དཔང་དུ་གསལ་བ་ལྟར་དང་། ལག་འཕྲིན་ཨང་། སྦྲག་ཨང་བཅས་གསལ་བར་བྲི་དགོས། རྩོམ་ཡིག་ནི་དྲ་དེབ་གང་དུ་མ་འཁོད་པའི་རིགས་ཡིན་པ་གལ་ཆེ། རྩོམ་ཡིག་གང་ཞིག་བདམས་གྲུབ་རྗེས་རྩོམ་མཁན་ལ་གསལ་བརྡ་གཏོང་རྒྱུ་ཡིན།

༼ཆོས་ལུགས་དང་ཆེད་བརྗོད༽དུ་དགོན་སྡེ་དང་། ཆོས་ལུགས་ལ་ལེགས་སྤེལ་ཉེས་འགོག་གི་རྩོམ་ཡིག་རེ་ཡོད་ན་དམིགས་བསལ་གལ་ཆེན་བལྟས་ནས་དགོད་རྒྱུ་ཡིན་པས། དེ་ལྟར་ཐུགས་འཇགས་གནང་རོགས་ཞུ་ཁུ་ཡོད།

གསལ་བཤད་དགོས་པ་ཞིག་ལ། ངེད་རྩོམ་སྒྲིག་པས་ལས་འབྲས་དཔང་བཞག་གིས་རྩོམ་ཡིག་གི་རྒྱུ་སྤུས་ཁོ་ནས་རྩོམ་ཡིག་བདམ་གསེས་བྱ་རྒྱུ་ཡིན་པས། རྩོམ་སྐུར་མཁན་རྣམ་པས་ཀྱང་རྩ་དོན་དེ་ཉིད་ལ་ཐུགས་གནང་རེ་མཛད་རྒྱུ་གལ་ཆེའོ།།

ཡིག་སྒམ། 1844359704@qq.com
གླེང་མོལ། 1844359704
སྐད་འཕྲིན། 1844359704