ནམ་ཞིག་ང་རང་རྒས་པར་འགྱུར་ངེས།
རྒས་པར་གྱུར་ནས་ཁ་བཏོན་དཔེ་ཆ་དག་གི་མགོ་མཇུག་བསྲེ་བར་བྱ་ངེས།
རྒས་པར་གྱུར་ནས་གླེང་མོལ་མཉེན་ཆས་དག་ལ་འཇུག་བྱེད་ཀྱི་གསང་གྲངས་བརྗེད་པར་འགྱུར་ངེས།
རྒས་པར་གྱུར་ནས་རང་གི་ཁ་པར་ཨང་གྲངས་ཀྱང་བརྗེད་པར་འགྱུར་ངེས།
རྒས་པར་གྱུར་ནས་གངས་རིའི་ཕར་ངོགས་ན་ཅི་ཞིག་ཡོད་པ་བརྗེད་པར་འགྱུར་ངེས།
རྒས་པར་གྱུར་ནས་ཉི་མ་ལྷ་སའི་རྡོ་རིང་དག་ཀྱང་བརྗེད་པར་འགྱུར་ངེས།
དེ་དག་ལས་ཀྱང་ཤིན་ཏུ་སྐྱོ་བ་ཞིག་ལ།
རྒས་པར་གྱུར་ནས་ཁྱོད་ཀྱི་ཕ་ཡུལ་ས་ཕྱོགས་གང་ན་ཡོད་པ་བརྗེད་པར་འགྱུར་ངེས།
རྒས་པར་གྱུར་ནས་ཁྱོད་ཀྱི་མིང་ཡིག་ཐོག་མ་བརྗེད་པར་འགྱུར་ངེས།
རྒས་པར་གྱུར་ནས་བེམ་པོ་རྙིང་བ་གཅིག་ཁོ་ནར་བདག་པོ་རྒྱག་ངེས།
དེ་དུས་ཁྱོད་རང་ང་ཡི་མྱ་ངམ་ཐང་ལ་མི་ཉུལ་རོགས།