བཀུར་འོས་བཙན་པོ་ཚང་གི་དྲ་གྲོགས་ལྷན་རྒྱས་ཀྱི་སྤྱན་སྔར།

ཉེ་ཆར་ངེད་བཙན་པོ་ཚང་དྲ་བར་ཐོ་འགོད་བྱེད་མཁན་གྱི་མི་གྲངས་དེ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན་ནས་འཕྲུལ་ཆས་མིས་རང་འགུལ་ཐོ་འགོད་བྱེད་པ་ཡང་ཅུང་ཚབས་ཆེན་ཡིན་ལ། ངེད་དྲ་བར་གཏོར་སྐྱོན་བཟོ་བཞིན་པ་ཡང་མངོན་གསལ་རེད། སྔོན་མར་དྲ་གྲོགས་གང་ཞིག་གིས་ཐོ་འགོད་བྱས་མ་ཐག་ཏུ་རྩོམ་བསྐུར་མཁན་གྱི་ཐོབ་ཐང་ཡོད་ལ་མ་ཟིན་ཏུ་ཉར་བའམ་བཤེར་སྤྲོད་བྱེད་པ་སོགས་ཀྱི་དབང་ཚད་སྦྱིན་ཡོད།

ཡིན་ཡང་དེ་རིང་ནས་བཟུང་ཏེ་ཐོ་འགོད་བྱས་མ་ཐག་ཏུ་སྔོན་མངག་པའི་ཐོབ་ཐང་ལས་སྤྲོད་རྒྱུ་མིན་ལ། འཕྲུལ་ཆས་མི་མ་ཡིན་པར་ཞིབ་བཤེར་ར་སྤྲོད་བྱས་རྗེས་ད་གཟོད་རྩོམ་བསྐུར་མཁན་གྱི་དབང་ཚད་སྟེར་གྱི་ཡིན། སྒེར་གྱི་རྒྱུ་ཆའི་ཁྲོད་དུ་རུས་མིང་བྲིས་ཡོད་ཚེ་མྱུར་ཏུ་དབང་ཚད་སྟེར་གྱི་ཡིན། ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད་དུ་ནོར་འཛོལ་ཅི་རིགས་བྱུང་ཚེ་ངེད་དྲ་བའི་རྩོམ་སྒྲིག་པའི་ཡིག་ཟམ་ tsanpo@qq.com ནང་དུ་ཡི་གེ་གཏོང་བའི་རེ་བ་ཤིན་ཏུ་ཆེ།

བཙན་པོ་ཚང་དྲ་བའི་རྩོམ་སྒྲིག་ཁང་ནས།
2015/08/07