སྤྱི་ལོ2017 ལོའི་ཟླ1པོའི་ཚེས20ཉིན་གྱི་ཞོགས་པའི་ཆུ་ཚོད10:30 སྟེང་རེབ་གོང་རྨུ་ཐག་ཕོ་བྲང་དུ་རོང་བོ་དགེ་འདུན་ལྷུན་གྲུབ་དང་། རོང་བོ་གངས་དཀར། རླངས་ཚང་བསོད་ནམས་རྡོ་རྗེ་བཅས་ཀྱིས་རྩོམ་སྒྲིག་བྱས་པའི་དགེ་འདུན་ཆོས་འཕེལ་སྐོར་གྱི་བཅར་འདྲི་ཞེས་པ་དངོས་སུ་འགྲེམ་སྤེལ་གྱི་མཛད་སྒོ་བསྡུས་ཤིང་། སྐུ་མགྲོན་དུ། རོང་བོ་དགོན་པའི་དགེ་བཤེས་སྒོ་དམར་དགེ་འདུན་དོན་གྲུབ་ལགས་དང་། མཁས་པ་རྒན་པ་པདྨ་བདུད་འདུལ། དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ། རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་མགོ་བ་བཀྲ་ཤིས་དོན་གྲུབ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་གུར་མགོན་སྐྱབས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔའ་རྩེ། འབུམ་རམས་པ་སྒྲོལ་མ་རྒྱལ། རེབ་གོང་རྫོང་སློབ་དཔྱོད་ཁང་གི་ནག་ཀྱཱ་བ་ཤ་བོ་ཚེ་རིང་། ལྕང་སྐྱ་དགེ་འདུན་བཀྲ་ཤིས། རྩེ་སྨིན་གྲོལ། ཏཱ་ནི་ཆོས་གྲགས། རྐ་སར་དགེ་འདུན་དར་རྒྱས། བྱང་སྒྲ་སྙན། དཀོན་མཆོག་སྐྱབས། མར་ཁུ་རྒྱལ་མཚན། གཅན་རང་སད། གཅན་མེ་སྟག རེ་རྐང་གླིང་། གཅན་རང་སྐྱེས། ཁུ་བྱུག་སྔོན་མོ། ཐོ་རངས། ས་དཀྱིལ་ཚེ་བཀྲ། སྒོ་རབ་རྒྱས། ཏཱ་ན་འབྲོག་ཕྲུག ཚེ་རིང་འབུམ། ཚེ་འབུམ་རྒྱལ། ཤ་བོ་ཀླུ་རྒྱལ། རིན་ཆེན་རྒྱལ། ཐོགས་མེད། སྒྲ་གཅན། འཇིགས་མེད་སྐྱབས། བཀྲ་ཤིས་རྒྱལ། རྡོ་རྗེ་ཚེ་རིང་། ལྷ་འབྲུག་རྒྱལ། བསམ་གཏན། འཇམ་དབྱངས་ཉི་མ་བཅས་མཛད་སྒོར་ཞུགས་ཤིང་སོ་སོས་དཔེ་དེབ་གསར་བར་རྟེན་འབྲེལ་དང་འབྲེལ་རང་རང་གིས་གླེང་འདོད་པ་དག་ལྷུག་པོར་གླེང་།