《འབྲུག་གི་ཞི་ལ》
I’m not going to make movies that tell children, “You should despair and run away.”
བདག་གིས་གློག་བརྙན་དཔར་བ་ནི་བྱིས་པ་རྣམས་ལ“ཁྱོད་ཅག་གིས་ཡིད་ཆེས་བོར་ཞིང་འབྲོ་དགོས”ཟེར་བའི་སླད་དུ་མིན་ནོ།།

《སྟོང་དང་སྟོང་འཚོལ》
Always believe in yourself. Do this and no matter where you are, you will have nothing to fear.
དུས་དང་རྣམ་པ་ཀུན་དུ་རང་ཉིད་ལ་ཡིད་ཆེས་བྱོས། གང་དུ་གནས་ཀྱང་རང་ལ་ཡིད་ཆེས་ཡོད་ཚེ་ལས་ཀུན་ལ་འཇིགས་པ་མེད།

《རླུང་གི་གྲོག་རོང》
Personally I am very pessimistic. But when, for instance, one of my staffs has a baby you can’t help but bless them for a good future. Because I can’t tell that child, ‘Oh, you shouldn’t have come into this life.’ And yet I know the world is heading in a bad direction. So with those conflicting thoughts in mind, I think about what kind of films I should be making.
བདག་ནི་འཁོར་བར་ངེས་འབྱུང་གཏིང་ནས་སྐྱེས་མོད། འོན་ཀྱང་སྐབས་ལ་ལར།དཔེར་ན་བདག་གི་ལས་བཟོ་བ་ཞིག་ལ་བྱིས་པ་བཙའ་དུས། བདག་གིས་རང་དབང་མེད་པར་ཁོ་ཚོས་འོད་སྟོང་འབར་བའི་མདུན་ལམ་ཞིག་རྙེད་པར་སྨོན་ལམ་རྒྱག་ཀི་ཡོད་ལགས།རྒྱུ་མཚན་ནི་བདག་གིས་འདི་ལྟར་བརྗོད་མི་རུང་སྟེ”གནམ་རྒན་མ། ཁྱོད་འཇིག་རྟེན་འདིར་ཡོང་བ་ནོར་འཁྲུལ་རེད” འོན་ཀྱང་བདག་གིས་གསལ་བོ་ཤེས་པ་སྟེ་འཛམ་གླིང་འདི་ཇེ་སྡུག་ནས་ཇེ་སྡུག་གི་གནས་སུ་གཤེགས་བཞིན་ཡོད། དེའི་ཕྱིར་བདག་གིས་ཀླད་པའི་ནང་དུ་སྔ་ཕྱི་འགལ་བ་ཡིན་པའི་བསམ་བློ་ཁྱེར་ནས་གློག་བརྙན་ཇི་འདྲ་ཞིག་དཔར་བར་འདང་རྒྱག་གིན་ཡོད་ལགས།

《བར་སྣང་གི་གྲོང་ཁྱེེར།》
I’ve become skeptical of the unwritten rule that just because a boy and girl appear in the same feature, a romance must ensue. Rather, I want to portray a slightly different relationship, one where the two mutually inspire each other to live- if I’m able to, then perhaps I’ll be closer to portraying a true expression of love.
བདག་གིས་ཡོངས་གྲུབ་མིན་པའི་སྒྲིག་སྲོལ་ལ་དོགས་པས་ཁེངས་ཡོད། རྒྱུ་མཚན་ནི་གཞོན་ནུ་གང་དང་གཞོན་ནུ་མ་གང་ཡོད་པའི་ཟློས་གར་ཞིག་ཡིན་ཕྱིན་དེར་མཐུད་ནས་ངེས་པར་དུ་བརྩེ་དུང་གི་ཟློས་གར་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་གིན་ཡོད། དེ་ལས་ཟློག་པར་བདག་གིས་ཅུང་འགྲོ་འོང་ཡོད་པའི་འབྲེལ་བ་ཞིག་ཞིབ་བརྗོད་བྱེད་འདོད་ཀི་ཡོད། ཕན་ཚུན་བར་བསྐུལ་འདེད་སྒོས་འཚོ་བ་རོལ་བའི་འབྲེལ་བ།–གལ་སྲིད་ནུས་ཚེ།བདག་གིས་ཀྱང་སྔར་ལས་ལེགས་པའི་སྒོས་དོན་ངོ་མའི་བརྩེ་བར་ཞིབ་བརྗོད་བྱེད་ཐུབ།

《ཧཱར་གྱི་འགུལ་བཞིན་པའི་མཁར་གྲོང》
The creation of a single world comes from a huge number of fragments and chaos.
སྒེར་འཛུགས་ཀྱི་འཇིག་རྟེན་ཞིག་སྐྲུན་པའི་རྒྱུ་ཆ་ནི་གྲངས་ལས་འདས་པའི་གས་རྡུལ་དང་འཛིང་རེག་ལས་གྲུབ་པ་ཡིན།

《རྣ་བ་བླགས་ནས་ཉན་པ》
Many of my movies have strong female leads-brave, self-sufficient girls that don’t think twice about fighting for what they believe in with all their heart. They’ll need a friend, or a supporter, but never a saviour.
བདག་གི་གློག་བརྙན་མང་པོའི་ནང་མདུན་སྐྱོད་ཀྱི་རེ་སྙེག་དྲག་པོ་ཞིག་གིས་གཏམས་ཡོད། ཡིད་རྟོན་གྱིས་ཁེངས་བའི་བུ་མོ་དག་དད་འདུན་གྱི་སླད་དུ་ཁོ་ཚོས་ཐེ་ཚོམ་བྱེད་མི་སྲིད། ཁོ་ཚོར་ལྷན་གྲོགས་མཁོ། ཁོ་ཚོར་རྒྱབ་སྐྱོར་མཁོ། འོན་ཀྱང་ཁོ་ཚོར་ནམ་ཡང་འཇིག་རྟེན་སྐྱབས་མགོན་མི་མཁོའོ།།