མྱེས་ཁྲི་སྲོང་བཙན་གྱི་སྐོར།

༄༅།། སངས་རྒྱས་ལ་ཕྱག་འཚལ་ལོ། ། དེ་ཡང་འོག་གི་ལོ་རྒྱུས་འདི་རྣམས་ཚལ་པའི་དེབ་དམར་དུ་བསྡུས་ཏེ་བཀོད་པ་དེ་དང་ཁུངས་གཅིག་ཅིང་། འདིར་རྒྱའི་ལོ་རྒྱུས་唐书ཐང་ཧྲུའུ་བྱ་བ་དང་། 资治通鉴纲目ཙེ་ཀྲེ་ཐུང་ཅན་ཀང་མུ་བྱ་བ་ལས་བཏུས་པའི་བོད་ཀྱི་སྐོར་འགའ་ཞིག་ཡི་གེར་བཏབ་པར། བོད་ཀྱི་རིགས་རྣམས་ནུབ་ཕྱོགས་ཀྱི་འཇང་བྱ་བ་ལས་བྱུང་། ནུབ་ཀྱི་འཇང་རྣམས་ལ་རིགས་ཚོ་བརྒྱ་དང་ལྔ་བཅུ་ཡོད་ཅིང་རྨ་ཆུ་དང་། མུན་ཇང་ཆུ་བོའི་འགྲམ་དུ་ས་བཟུང་། བོད་རྣམས་མི་སྟོབས་ཤུགས་ཅན་ལ་རྒྱལ་དུ་འབོད་ཅིང་། སྐྱེས་པའི་མིང་ལ་ཕོ་ཟེར་བས་རྗེ་ལ་རྒྱལ་པོར་འབོད༑ བཙུན་མོ་ལ་མོ་མིན་(མོ་སྨན)དུ་འབོད། བློན་ཆེ་ཤོས་ལ་བློན་ཅི་(བློན་ཆེན)ཟེར། བློན་གྲོགས་ལ་བློན་ཇི་ཧུ་མན་(བློན་ཆེ་འོག་མ)ཟེར། དེ་གཉིས་ལ་བློན་ཆེ་ཆུང་དུ་ཡང་འབོད། དམག་དཔོན་ལ་སིས་དཔོན་ཇི་ཧུ་(རྡོ་རིང་ལ་རྩིས་དཔོན་ཆེ་མོ་བྱ་བ་འདུག་པས་དེའི་ཟུར་ཆག་གམ་དཔྱོད)ཟེར། ནང་བློན་ལ་བློན་ཇི་ཧུ་འམ་བློན་མན་ཇོ་(མང་པོ་རྗེ)དང་། དེའི་གྲོགས་ལ་ནང་བློན་མིས་ལན་ཕྱུ། (འདི་ཚིག་ཅི་ལྟར་ཟུར་ཆག་པ་མི་ཤེས། )དེ་གཉིས་ལ་ནང་བློན་ཆེ་ཆུང་དུ་ཡང་འབོད། རྒྱལ་སྲིད་ཀྱི་ཡིག་མཁན་ཆེ་བ་ལ་ཡུ་ཡི་ཁན་པོ་ཅེ་ཧུ་(ཡི་གེ་མཁན་ཆེན་པོ་)(ཡིག་མཁན་རྣམས་ལོ་ཙཱ་བྱེད་མཁན་ལ་ཟེར་རམ་སྙམ)དེའི་གྲོགས་ལ་ཡུ་ཡི་ཁན་པོ་མིས་ལན་ཕྱུ་ཟེར། ཡིག་མཁན་ཆུང་བ་ལ་ཡུ་ཡི་ཁན་པོ་ཆུང་ཆུང་དུ་འབོད། (ཡང་ན་འདི་བོད་ཀྱི་སྲོལ་སྤྱིར་བཤད་པ་ཙམ་ཡིན་པས་དེ་དུས་བོད་ཡིག་ཡོད་པ་སོགས་མི་དགོས་སྙམ༑)  བློན་རྣམས་འདུ་བའི་ཁང་པ་ལ་ཞང་ལོན་ཆི་ཧུ་ཏུ་ཅུའི་(ཞང་བློན་ཆེན་པོ་འདུ་ས)ཟེར༑ (བར་འདིར་བོད་ཀྱི་གྲང་དྲོ་སོགས་དང་སའི་ཆགས་རིམ་བཤད།) བོད་ཀྱི་བཙན་པོ་དེ་ཆུ་བོ་བ་བུ་ཆོའན་དང་། ལོ་སོ་ཆོའན་གཉིས་ཀྱི་འགྲམ་དུ་བཞུགས། བོད་རྣམས་གྲོང་དང་ཁང་པར་སྡོད། བཙན་པོ་གུར་གྱི་ནང་དུ་བཞུགས། གུར་ཆེ་བའི་ནང་དུ་མི་བརྒྱ་ཕྲག་འགའ་རེ་ཤོངས། གུར་དེ་ལ་ཕྷོ་ལུའུ་ཟེར། (ཕོ་རང) གུར་གྱི་མཐར་དར་མདུང་མང་པོ་བཙུགས་ཤིང་དམག་རྣམས་ཀྱིས་བྱ་ར་བྱེད། བོད་མི་རྣམས་ཚེ་ཤིན་ཏུ་རིང་ཞིང་འགའ་རེ་ལོ་བརྒྱ་ལོན་པར་སྡོད༑ མི་རྣམས་ཀྱིས་སྣམ་བུ་དང་པགས་པ་གྱོན། བུད་མེད་རྣམས་གདོང་ལ་ཚོན་དམར་པོ་བྱུགས༑ ཤིང་གི་སྣོད་མཐིལ་ཀོ་བས་གཡོགས་པ་ཞིག་ཏུ་ཟས་ཟ། སྡེར་མའི་དོད་དུ་ཕྱིང་བ་ས་ལ་བཏིང་ནས་བྱེད། དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་བྱས་ནས་སྐམ་སྟེ་ནང་དུ་འོ་མ་སོགས་བླུགས་ཏེ་འཐུང་ཞིང་ཟས་བཟས་ནས་མཐར་དཀར་ཡོལ་ཡང་ཟ། ཆང་འཁྱོར་བའི་ནང་དུ་བླུགས་ནས་འཐུང་། གསེར་དངུལ་གྱི་རྒྱན་ལ་གཅེས་སྤྲས་ཆེ། རིགས་ཆེ་ཆུང་གི་ཁྱད་པར་དཔུང་པའི་སྟེང་དུ་མཚན་མ་བཏབ་པ་ཡོད། ཁང་པ་ཐོག་ཚད་མང་པོ་ཅན་སྟེང་ལེབ་མོར་ཡོད་པ་བྱེད། སྟོན་ཐོག་གྲོ་ནས་སྲན་གསུམ་འདེབས། སྒོ་ཕྱུགས་གཡག་དང་། རྟ་བཟང་པོ་དང་། ལུག  ཁྱི། ཕག  རྔ་མོང་འགྲོས་རྒྱུགས་ཅན་སོགས་ཡོད། ས་གཞི་ནས་གསེར་དངུལ་ཟངས་ཞ་ཉེ་རྣམས་འཐོན། མི་ཤི་བའི་རོ་ས་ལ་སྦ། ཡི་གེ་ནི་མེད། ཚོང་སོགས་ཀྱི་སྐབས་ཤིང་བུ་ལ་རྟགས་འདེབས་པ་དང་། ཐག་པ་ལ་མདུད་པ་བོར་ཏེ་རྩིས་བྱེད། ཉེས་ཆེན་རྣམས་ལ་མིག་འདོན། རྐང་པ་གཅོད། སྣ་གཅོད་ཅིང་རྟ་ལྕག་གཞུ་བ་སོགས་བྱེད། ཁྲིམས་ཡིག་ནི་མེད། བཙོན་ཁང་ས་ལ་དོང་འདྲུ་བར་བྱེད། མགྲོན་སླེབས་ཚེ་གཡག་གཅིག་འཁྲིད་ནས་འོངས་པར་དེ་ལ་མགྲོན་པོ་རང་གིས་མདའ་འཕངས་ཏེ་བསད་ནས་ཤ་མགྲོན་གཏོང་། ཁྱོ་ཀ་རྣམས་གར་འགྲོ་ལ་གྲི་དང་མདའ་གཞུ་འཁྱེར། སངས་རྒྱས་ཤཱཀྱ་མུ་ནེ་ལ་དད། དཔའ་བོ་རྣམས་ལ་གུས། མས་བུ་ལ་གུས་པ་བྱེད་ཅིང་བུས་ཕ་ལ་གུས་པ་བྱེད། ལམ་དུ་གཞོན་པ་རྣམས་སྔོན་དང་རྒན་པ་རྣམས་རྗེས་སུ་འགྲོ། གཡུལ་དུ་ཤི་བ་ལ་བཟང་པོར་བརྩི། ཁྱིམ་གཅིག་ཏུ་མི་མང་པོ་དམག་ལ་ཤི་ན་ཁྱིམ་དེ་སྙན་གྲགས་ཆེ་བར་བྱེད། སྡར་མ་རྣམས་ཀྱི་མགོ་ལ་ཝ་མོའི་མཇུག་མ་བཏགས་ཏེ་དམའ་འབེབས། ཕྱག་བྱེད་ཚེ་ལག་པ་གཉིས་ཀ་ས་ལ་འཛུགས། གཉེན་ཤི་ན་སྐྲ་གཅོད་ཅིང་གདོང་ལ་ཚོན་ནག་བྱུགས་ཏེ་གོས་ནག་གྱོན། དམག་བསྡུ་ཚེ་གསེར་གྱི་མདའ་ཞིག་སྔོན་ལ་རྫོངས། དགྲ་སླེབས་ཚེ་མེ་སྤར་ནས་ཕན་ཚུན་བརྡ་གཏོང་། འབྲོག་པ་མང་ཞིང་དེ་རྣམས་ཕྱུགས་སྐྱོང་། ཡུལ་སྤོ། དམག་ཁྲིམས་ཤིན་ཏུ་བཙན་ཅིང་ཁྲབ་རྨོག་བཟང་། དམག་རྣམས་ལ་ཕོགས་མེད་ཀྱང་ཡུལ་བཅོམ་ནས་དམག་རྒྱགས་སྒྲུབ། གྲོ་སྨིན་པའི་ཚེ་ན་ལོ་གསར་བྱེད༑ རྒྱལ་པོ་དང་མི་ཆེན་རྣམས་མནའ་བཅད་བྱེད། དེ་ཡང་མི་ལྔ་དྲུག་ཙམ་ཚོགས་ནས་མཉམ་ཤི་མཉམ་གསོན་བྱེད་པའི་མནའ་འདོར། དེ་འདྲ་བ་རྣམས་རྒྱལ་པོ་གྲོངས་ཚེ་རང་ཉིད་ཀྱང་འཆི། ཐམས་ཅད་དུར་ཁུང་གཅིག་གི་ནང་དུ་སྦ། གོས་དང་རྟ་དང་གཅེས་པའི་ཆས་རྣམས་ཀྱང་དུར་དུ་འཇོག དུར་གྱི་སྟེང་དུ་ཤིང་སྡོང་ཞིག་འཛུགས། འགྲམ་དུ་ཁང་པ་ཡང་བརྩིགས་ཏེ་མཆོད། བཙན་པོ་རྗེ་བློན་རྣམས་ལོ་རེ་བཞིན་མནའ་སྐྱེལ་བའི་སྲོལ་ཡོད། དེ་དུས་ལུག་ཁྱི་སྤྲེའུ་གསུམ་བསད་ནས་མཆོད། ལོ་གསུམ་རེ་ན་མནའ་ཆེན་བསྐྱལ། དེ་དུས་མཚན་གུང་ལ་མི་རྟ་ཕྱུགས་དང་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཐོག་མར་རྐང་ལག་བཅད། གྲོད་པ་གཤགས་ནས་དོན་སྣོད་རྣམས་བཏོན་ཏེ་མདུན་དུ་སྤུངས། དེ་ནས་ཇོ་སྟོན་[བནྡེ་]ཞིག་གིས་ལྷའི་ཆོ་ག་གཏོང་།

བཙན་པོའི་མཚན་ལ་ལུང་བཙན་(སྲོང་བཙན་སྒམ་པོ)ཟེར། ནུན་བཙན་དང་ཅི་སུ་ནོན་དུ་ཡང་འབོད། ལྷ་བྱ་བར་ཡང་འབོད། བཙན་པོ་དེ་སྟོབས་ཤུགས་ཆེ་ཞིང་ཡོན་ཏན་བཟང་། རྒྱུན་དུ་རྟ་བཞོན་ཏེ་རྐྱང་དང་གཡག་རྒོད་[འབྲོང]ལ་རྔོན་བྱེད། རྒྱལ་ཁམས་མང་པོ་ཆབ་འོག་ཏུ་བསྡུས། ཐེ་ཙུང་གི་དུས་ཅེང་ཀྭན[ཀྲེན་ཀོན་贞观]གྱི་ཁྲི་ལོ་བརྒྱད་པ་(སངས་རྒྱས་འདས་ནས་༡༡༧༨)ལ་བོད་ཀྱི་ཕོ་ཉ་ཐོག་མ་གོང་མའི་ཕོ་བྲང་དུ་སླེབས། ཕོ་བྲང་ནས་ཀྱང་བོད་ཀྱི་བཙན་པོ་ལ་གསེར་ཡིག་པ་མངགས། དེ་ཡང་གོང་མའི་སྲས་མོ་ཞིག་གྲུ་གུའི་རྒྱལ་པོ་བྱིན་པ་སྲོང་བཙན་གྱིས་ཐོས་ནས་ཕོ་ཉ་ཞིག་སྐྱེས་དང་བཅས་པ་བཏང་ནས་སྲས་མོ་བག་མར་བསླངས་པ་གོང་མས་མ་གནང་། དེས་སྲོང་བཙན་ཁྲོས་ནས་དམག་ཁྲིད་དེ་གྲུ་གུ་བཅོམ། གྲུ་གུ་རྣམས་བྲོས་ནས་མཚོ་སྔོན་བྱང་དུ་ས་སྤོས། བོད་དམག་གིས་གྲུ་གུའི་ནོར་ཕྱུགས་དང་ཡོ་བྱད་རྣམས་ཐམས་ཅད་བླངས། དེ་ནས་ཏང་སྱང་[ཏང་ཞང་党项]དང་། བཡི་ལང་[པེ་ལན兰白]དང་། འཇང་[羌]རིགས་རྣམས་ཀྱང་མངའ་འོག་ཏུ་བསྡུས། དེ་ནས་དམག་ཉིས་འབུམ་དང་བཅས་རྒྱ་ལ་དྲངས་ཏེ་རྒྱའི་ཟོང་ཅོ་[སུང་ཀྲའུ་松州]བཅོམ། དེའི་འོག་ཏུ་གོང་མ་ལ་ཡི་གེ་འཁྱེར་བའི་ཕོ་ཉ་དང་གསེར་ཁྲབ་ཅིག་སྐྱེས་སུ་བསྐུར་ཏེ་གལ་ཏེ་སྲས་མོ་མ་བྱིན་ན་དམག་བྱེད་པ་ཡིན་ཟེར། རྒྱའི་དམག་དཔོན་ཧན་བེ་[ཧན་ཝེ་韩威]བྱ་བ་དམག་ཉུང་ཟད་ཁྲིད་ནས་བོད་དང་འཛིངས་པར་མ་ཐུབ་པར་ཕམ། དེ་ནས་རྒྱའི་ཆབ་འོག་ཏུ་ཡོད་པའི་འཇང་རིགས་རྣམས་རྒྱ་ལ་ངོ་ལོག་སྟེ་བོད་དང་བསྡེབས། གོང་མས་དམག་ལྔ་ཁྲི་དང་དམག་དཔོན་རིའུ་ཅི་རྡ་བྱ་བ་བཏང་། མཚན་གཅིག་ལ་ཟོང་ཅོ་ནས་བོད་ཀྱི་སྟེང་དུ་རུབ་བརྒྱབ་སྟེ་བོད་དམག་སྟོང་གཅིག་བསད། སྲོང་བཙན་འཇིགས་ནས་ཕྱིར་བྲོས། ཡང་རྒྱ་ནག་ཏུ་ཕོ་ཉ་བཏང་སྟེ་བཟོད་གསོལ་བྱས་ཤིང་སྲས་མོ་བསླང་བར་གོང་མས་ཀྱང་གནང་། སྲོང་བཙན་གྱིས་བློན་ཆེན་ལུའུ་སྡོང་བཙན་(རུ་སྟོང་བཙན་=མགར)ལ་གསེར་བྱེ་བྲེ་སྟོང་ལྔ་དང་རྒྱན་རིན་པོ་ཆེ་སྣ་ཚོགས་པ་དང་བཅས་པ་བསྐུར་བར་གོང་མ་མཉེས། རུ་སྟོང་བཙན་ལ་རྒྱའི་སྲས་མོ་གཅིག་ཆུང་མར་བསྩལ་བར་ཁོ་ན་རེ། ང་ལ་རང་ཡུལ་ན་ཆུང་མ་ཡོད་པས་དེ་དང་འབྲལ་དུ་མི་རུང་། ངེད་ཀྱིས་བཙན་པོའི་བཙུན་མོ་མ་བསུས་པའི་སྔོན་དུ་ངས་ཆུང་མ་བསུ་བ་ཡང་མི་རུང་ཞེས་བུ་མོ་ལེན་དུ་མ་འདོད། འོན་ཀྱང་དེ་ལ་གོང་མ་ལྷག་པར་དགྱེས། ཅེང་ཀྭན་གྱི་ལོ་གསུམ་པ་(འདས་རྗེས་ཀྱི་༡༡༨༥རྡོ་རིང་)ལ་གོང་མས་ཀོང་ཇོ་འུན་ཅང་མནའ་མར་བརྫངས༑ རྒྱ་དཔོན་ལིས་ཏའོ་ཙོང་[ལོ་ཏོ་ཙུང་李道宗]བྱ་བས་བསྐྱལ། ཀོང་ཇོ་དང་དཔོན་གཉིས་བོད་ཀྱི་ས་མཚམས་སུ་སླེབས་ཚེ་སྲོང་བཙན་རང་ཉིད་དམག་དང་བཅས་པས་བསུས། པོ་ཧེ་བྱ་བའི་སར་དམག་སྒར་བཏབ། བོད་ཀྱི་བཙན་པོས་རྒྱ་དཔོན་གྱི་གྱོན་པ་བཀྲག་མདངས་ཅན་མཐོང་ནས་སེམས་ཞུམ། སྲོང་བཙན་བར་དུ་བོད་ཀྱི་བཙན་པོ་སུས་ཀྱང་གོང་མའི་སྲས་མོ་ཆུང་མར་བླངས་པ་མེད། དེའི་རྒྱུ་མཚན་གྱིས་བཙན་པོ་རང་གི་མཁར་དུ་ལོག་ནས་སྲས་མོའི་ཆེད་དུ་ཕོ་བྲང་དང་གྲོང་སོགས་བརྩིགས། གོང་མའི་སྲས་མོ་བོད་མི་ཆེན་རྣམས་ཀྱི་གདོང་ལ་ཚོན་དམར་བྱུག་པའི་སྲོལ་དེ་ལ་མ་དགའ་ནས་སྲོང་བཙན་གྱིས་སྲོལ་དེ་ཕྱིན་ཆད་བྱེད་པ་བཀག བཙན་པོ་རང་གིས་ཀྱང་སྣམ་བུའི་གོས་བོར་ཏེ་དར་ཟབ་གྱོན། མི་ཆེན་གྱི་བུ་རྣམས་རྒྱ་ཡུལ་དུ་ཡོན་ཏན་སློབ་ཏུ་བཏང་། གོང་མ་ལ་ཞུས་ངོར་རྒྱ་མི་ཡི་གེ་མཁས་པ་འགའ་ཙམ་བོད་དུ་བཏང་། གོང་མ་ཀོའུ་ལིའི་[ཀོ་ལི་高丽]ཡུལ་ནས་སླར་བྱོན་ཚེ་བོད་ཀྱི་བཙན་པོས་བློན་ཆེ་རུ་སྟོང་བཙན་རྒྱ་ཡུལ་དུ་བརྫངས་ཏེ་ཡི་གེ་ཕུལ་བར། ༧གོང་མ་ཁྱེད་ཕྱོགས་ལས་རྒྱལ་ཏེ་ཉི་ཟླའི་འོག་ན་གང་ཡོད་རང་དབང་དུ་འདུས་ཀྱང་ཀོའུ་ལི་རྣམས་ཡུལ་ཐག་རིང་སྟབས་བཀའ་ལ་མ་བརྩིས། དེར་ཁྱེད་གནམ་གྱི་སྲས་རང་ཉིད་དམག་དང་བཅས་པར་བསྐྱོད་དེ་ཆུ་ཆེན་ལེའོ་[ལེ་བོ་辽]བར་དུ་ཕེབས། གྲོང་ཁྱེར་དང་དམག་རྣམས་བཅོམ་ནས་རྒྱལ་ཁ་དང་བཅས་ཕྱིར་བྱོན། རིའི་ངང་པ་གནམ་དུ་འཕུར་བ་ཙམ་དུ་མི་མགྱོགས། འོན་ཀྱང་ཁྱིམ་གྱི་ངང་པ་ངང་པ་དང་རིགས་མཐུན་པས་འདིར་གསེར་གྱི་ངང་པ་ཞིག་སྐྱེས་སུ་ཕུལ་ཡོད། བྱ་བ་བཏང་། ཅེང་ཀྭན་གྱི་ལོ་ཉེར་གཉིས་པ་(འདས་རྗེས་༡༡༩༩)ལ་ཝན་ཞོན་ཙེ་[ཝང་ཞོན་ཚེ་王玄策]རྒྱ་གར་དུ་བཏང་བ་བཅོམ་པས་བོད་ཀྱིས་རྒྱ་གར་དུ་དམག་དྲངས་ཏེ་ཕམ་པ་སོགས་རྒྱ་གར་ལོ་རྒྱུས་སུ་བྲིས། ཡོའུ་ཧེ་ལོ་དང་པོ་(འདས་རྗེ་༡༡༩༣)ལ་གོང་མས་སྲོང་བཙན་ལ། གོང་མའི་མག་པའི་ཆོ་ལོ་དང་། དེ་ནས་[ཞི་ཧེ་ཅུན་ཝང་西海郡]མཚོ་སྔོན་པོའི་རྒྱལ་པོའི་གོ་ས་ཕུལ། དེ་ནས་སྲོང་བཙན་གྱིས་རྒྱ་བློན་ཆན་སུན་བུའུ་ཅི་[ཁྲང་སུན་ཝུའུ་ཅི་长孙无忌]བརྒྱུད་ནས་གོང་དུ་ཡི་གེ་བཏང་བར། གནམ་གྱི་སྲས་ཁྲི་ལ་གསར་དུ་བཞུགས། གོང་མའི་ཆབ་འབངས་ངོ་ལོག་པ་བྱུང་ན་ངས་དམག་ཁྲིད་ནས་གྲོགས་ཏན་བྱས་པས་ཆོགའདིར་གསེར་གྱི་ཡོ་བྱད་སྣ་བཅོ་ལྔ་གོང་མའི་མདུན་དུ་འབུལ་རྒྱུར་བཏང་༑ བྱ་བ་ཡིན། དེའི་རྗེས་སུ་གོང་མས་བོད་ཀྱི་བཙན་པོ་ལ་[ཚུན་ཝང་驸王]རྒྱལ་པོའི་ཆོ་ལོ་སྤྲད་ཅིང་རྒྱ་སྟོན་ཆེན་པོ་བཏེགས། བོད་ཀྱིས་ཞུས་ངོར་དར་གྱི་འབུ་དང་། ཆང་དང་རང་འཐག་བཟོ་མི་རྣམས་བོད་དུ་བཏང་། ཡོན་ཧེའི་[ཡོན་ཧི་元和](ཆི་ཀོའུ་)ལོ་དང་པོ་ལ་(སངས་རྒྱས་འདས་ནས་༡༡༩༤)སྲོང་བཙན་སྐུ་གཤེགས་པ། གོང་མའི་ཕོ་ཉ་བོད་དུ་སེམས་གསོ་ལ་བཏང་ཞིང་མཆོད་འབུལ་བྱས། སྲོང་བཙན་ལ་བུ་མེད་པའི་རྐྱེན་གྱིས་ཚ་བོ་ཁྲི་ལ་འཁོད༑ དེ་ན་ཆུང་བས་རྒྱལ་སྲིད་ཀྱི་བྱ་བ་རྣམས་རུ་སྟོང་བཙན་གྱིས་བསྐྱངས། རྫོགས་སོ། །བྱང་ཀུ་ལུར་ཏར་ཡོད་དུས་ཆོས་འཕེལ་གྱིས་ཐོར་བཏབ།

དེས་ན་འདིར་རང་རེ་ཀུན་ལ་ཚད་མར་གྱུར་པ་ཡེ་བཟང་རྩེ་པ་འགོས་ལོ་གཞོན་ནུ་དཔལ་གྱི་དེབ་སྔོན་དུ། ཀོའུ་ཙུང་ས་ཕོ་སྟག་ལ་ཁྲི་བཟུང་དུས་སྲོང་བཙན་གྱིས་དགུང་ལོ་ལྔ་བཅུ་བཞེས་ཞེས་དང་། ཡང་ཐེའུ་ཛུང་གི་ལོ་དགུ་པ་ནས་བོད་དང་སྐྱེས་འབྲེལ་བྱེད་པའི་འགོ་ཚུགས། ཆིའུ་ཀོའུའི་ལོ་ལ་སྲོང་བཙན་གྲོངས། ཀོང་ཇོ་ལོ་ཞེ་གཉིས་བོད་དུ་བཞུགས་སོགས་གསུངས༑ དེ་ཐམས་ཅད་རྩིས་ཕྲ་ཞིབ་མཛད་ནས་གསུངས་པར་འདུག་པས་ནོར་འཁྲུལ་ཅུང་ཟད་ཀྱང་མེད། དེས་ན་ཀོའུ་ཙུང་གི་ཁྲི་ལོ་དང་པོའི་སྐབས་སྲོང་བཙན་རང་ལོ་ལྔ་བཅུ་བཞེས་ཟིན༑ ཀོའུ་ཙུང་ལོ་དགུ་ཁྲི་ལ་བསྡད། དེ་ན་ཐེའུ་ཛུང་ཁྲི་ལ་འཁོད་དུས་སྲོང་བཙན་ང་བརྒྱད་ཙམ་བཞེས། ཐེའུ་ཛུང་གི་ལོ་དགུ་པ་ནས་བོད་དང་སྐྱེས་འབྲེལ་གྱི་འགོ་ཚུགས། དེ་དུས་སྲོང་བཙན་མ་མཐར་ཡང་རེ་བདུན་ཙམ་བཞེས། དེ་ནས་ལྕགས་གླང་ལ་ཀོང་ཇོ་བོད་དུ་བརྫངས། དེས་ན་འདི་ཐམས་ཅད་ཀྱི་མདོ་དྲིལ་ཚེ་སྲོང་བཙན་འཁྲུངས་པའི་ལོ་ནི་སིངྒལ་པའི་ལུགས་ཀྱི་སངས་རྒྱས་འདས་ནས་ལོ་ཆིག་སྟོང་བརྒྱ་དང་ཉེར་གསུམ་པ་(༡༡༢༣)ཡིན། དེ་ནས་དགུང་ལོ་བརྒྱད་ཅུ་རྩ་གཅིག་བཞུགས་ཏེ་སངས་རྒྱས་འདས་རྗེས་ཀྱི་ལོ་༡༢༠༤ལ་གྲོངས༑ སྲོང་བཙན་དགུང་ལོ་དོན་གཉིས་ཙམ་ལ་སླེབས་ཚེ་ཀོང་ཇོ་ཁབ་ཏུ་བཞེས། རྒྱལ་པོ་གྲོངས་ནས་ཀོང་ཇོ་ད་དུང་ལོ་ངོ་སོ་གཅིག་བོད་དུ་བཞུགས་པ་ཡིན། དེས་ན་སྤྱིར་གཏན་ཚིགས་དང་སྒོས་སུ་འགོས་ལོ་གཞོན་ནུ་དཔལ་དང་ཚལ་པ་ཀུན་དགའ་རྡོ་རྗེ་ལྟ་བུའི་མཁས་པ་རྣམས་ཚད་མར་བྱེད་ན་དེ་ལྟར་ཁས་མི་ལེན་ཀ་མེད་ཡིན། འོ་ན་རང་རེའི་ལོ་རྒྱུས་ཀུན་ཏུ་སྲོང་བཙན་རང་ལོ་བཅུ་དྲུག་པར་རྒྱ་བཟའ་དང་བལ་བཟའ་ཁབ་ཏུ་བཞེས་པ་དང་། གྲོངས་པའི་ཚེ་ཡང་ཡབ་ཡུམ་གསུམ་ཀ་མཉམ་དུ་གྲོངས་པར་བཤད་པ་དེ་ཅི་ལྟར་ཡིན་ཞེ་ན། དེ་དང་འདིར་བཤད་པ་གཉིས་ནི་རྗེ་བཙུན་སྤྱན་རས་གཟིགས་རང་ཉིད་ཀྱིས། (བློ་གྲོས་རྩིང་ཞིབ་ཀྱིས)ཞིབ་ཏུ་བསམས་པ་དང་མ་བསམ་པའི་གདུལ་བྱ་སོ་སོའི་སྣང་ངོར་སྣང་ཚུལ་ཐ་དད་དུ་བསྟན་པ་ཙམ་ཡིན་པས་ཅུང་ཟད་ཙམ་ཡང་མི་འགལ་ལོ་ཞེས་ཤེས་པར་བྱའོ། །རྣམ་པ་གཅིག་ཏུ་ན་རྒྱལ་པོ་ཡབ་ཡུམ་སྤྲུལ་པའི་སེམས་དཔའི་གཟུགས་སུ་ཡིད་ཆེས་པ་ལ། མཛད་ལུགས་ཐ་དད་པ་གཉིས་རྣམ་ཐར་གཅིག་གི་ནང་དུ་མ་ཤོངས་པའི་དོན་ཡང་ག་ལ་སྲིད་སྙམ་དུ་བསམས་སོ། ། (ལོ་ཚིགས་)

སྲོང་བཙན་གྱི་རྗེས་སུ་མཚན་མ་སྨོས་པའི་བོད་ཀྱི་བཙན་པོ་ཞིག་བྱུང་། ཞན་ཅིང་[ཞན་ཆིན་]显庆གི་ལོ་གསུམ་པ་(སངས་རྒྱས་འདས་ནས་༡༢༠༢)ལ་མགར་སྟོང་བཙན་སླར་ང་རྒྱ་ཡུལ་དུ་སླེབས། གོང་མ་ལ་གསེར་གྱི་སྡེར་ཆེན་ཞིག་ཕུལ། ཀོང་ཇོ་ཞིག་ཀྱང་བསླངས། དེ་ནས་ལོ་ལྔ་སོང་བ་ན་གྲུ་གུ་རྣམས་རྒྱ་ལ་ཤོར་བ་མགར་གྱིས་ཐོས་ཏེ་དམག་བཟང་པོ་རྣམས་ཁྲིད་ནས་གྲུ་གུའི་ཐོག་ཏུ་སོང་། གྲུ་གུའི་དཔོན་སོ་ཧོ་གེ་(སུ་ཧི་ཀོས་素和贵)བྱ་བ་བོད་དུ་བྲོས་ཏེ་རང་ཡུལ་གྱི་གཉེན་རྣམས་སྦྲན། དེར་བོད་དང་གྲུ་གུ་རྣམས་འཛིངས། ཕྱོགས་གཉིས་ཀ་ནས་གོང་དུ་ཡི་གེ་རེ་ཕུལ་ཏེ་གྲོགས་ཏན་བྱེད་པར་ཞུས་ཀྱང་གོང་ནས་སུའི་ཕྱོགས་ཀྱང་མ་གནང་མཐར་བོད་དམག་གིས་གྲུ་གུ་ཕམ་པར་བྱས་ཏེ་གྲུ་གུའི་རྒྱལ་པོ་མུ་ཡུན་ནོ་ཧེ་པོ་[མོ་རུང་ནོ་ཧི་པོ་慕容诺曷钵]དང་བཙུན་མོ་ཝཾ་ཕྷ[ཧུང་ཧྭ་弘化]གཉིས་འབངས་མི་དང་བཅས་པ་རྣམས་རང་ཡུལ་བོར་ཏེ་ལན་ཇོ་[ལེང་ཀྲའུ་凉州]ཕྱོགས་སུ་བྲོས། བོད་དམག་འགོག་པའི་ཆེད་དུ་གོང་ནས་དམག་དཔོན་འཛེན་ཞེན་ཐེ་[ཀྲིན་རེན་ཐེ་郑仁泰]དང་ཐུའུ་གུ་ཙེང་ཡུན་བྱ་བ་གཉིས་ལན་ཇོ་དང་ཧྲན་ཇོར་བཏང་། སུ་དིན་སུའུཕྷན་[ཏིང་ཧྥང་苏定方][ལ་ཨན་ཅི་ཏཱ་ཧྲེ་安集大使]དམག་དཔོན་ཆེན་པོའི་ལས་ཀ་བསྩལ། བོད་ཀྱི་བློན་ཆེན་འཇུན་འཇུན་བྱ་བ་གྲུ་གུའི་མགོ་ལ་ནག་སྐྱེལ་བའི་ཆེད་དུ་སླེབས་ཀྱང་གོང་ནས་མཇལ་འཕྲད་ཀྱང་མ་གནང་བར་བློན་པོ་ལ་བཀའ་བཀྱོན་ཏེ་སླར་ལོག་དགོས་བྱུང་། དེའི་རྗེས་སུ་སླར་ཡང་བོད་ཀྱི་ཕོ་ཉ་ཞིག་བཏང་སྟེ་བོད་དང་གྲུ་གུ་འདུམ་བྱེད་པའི་དོན་དུ་ཞིང་ཆེན་ཆི་ཤུའི་བྱ་བ་རྒྱས་བོད་ལ་སྤྲོད་དགོས་ཞུས་ཀྱང་གོང་ནས་གནང་དུ་མ་བཞེད། དེ་དུས་མགར་སྟོང་བཙན་གྲོངས། མགར་དེ་ཡི་གེ་མི་ཤེས་ཀྱང་རང་བཞིན་གྱིས་བློ་རྣོ་ཞིང་ངང་ཚུལ་བརྟན་ལ་དམག་ཐབས་མཁས། བོད་དུ་ཁོང་ལ་མཐོང་ཆེ་ཞིང་ཁོ་ལ་བརྟེན་ནས་བོད་ཀྱི་རྒྱལ་ཁབ་སྟོབས་ཤུགས་ཆེར་སྐྱེད་པ་ཡིན། ཁོང་པ་རྒྱའི་ཕོ་བྲང་དུ་ཡང་སླེབས་ཏེ་ཐེའུ་ཛུང་གི་སྐབས་གོང་ནས་ནུབ་ཕྱོགས་ཀྱི་སྐུ་སྲུང་དམག་དཔོན་བྱ་བའི་གོ་གནས་ཀྱང་བསྩལ། གོང་མ་ཡང་ཁོས་སྨྲས་པའི་གཏམ་རྣམས་ལ་ཤིན་ཏུ་ཐུགས་དགྱེས་པ་ཡིན། གོང་མའི་ཚ་མོ་ཞིག་ཀྱང་ཆུང་མར་བསྩལ། མགར་ལ་བུ་བཞི་སྟེ། ལོན་ཅིན་ལིན། ལོན་ཙན་པུ། ལོན་སི་རྡོ་ཡིའུ། ལོན་འབོ་ལོན་རྣམས་ལས་(འདི་རྣམས་བོད་ཚིག་ཟུར་ཆག་མོད། ཅི་ལྟར་ཡིན་པ་མི་ཤེས།)ལོན་ཅིན་ལིན་གྱིས་ཕའི་གོ་ས་བཟུང་། བུ་གཞན་གསུམ་དམག་དཔོན་དུ་བྱས་ཏེ་ལོ་དེ་རང་ལ་རྒྱའི་ས་མཚམས་སུ་དམག་དྲངས། འཇང་གི་རིགས་ཀྱི་ཞིང་ཆེན་བཅུ་གཉིས་བཅོམ། གོང་མའི་མདུན་གྲོས་པ་རྣམས་གྲུ་གུ་དག་ལན་ཇོའི་ལྷོ་སྒོ་ཕྱོགས་སུ་འཇོག་རྩིས་བྱས་ཤིང་གོང་ནས་ཀྱང་ཐོག་མར་བུ་ལ་གཡུལ་འགྱེད་པར་དགོངས་ཏེ་བློན་ཛན་གྱོ་[ཇང་ཁི་姜格]དང་། ཡན་མོ་ཕེན་[ཡན་ལི་འབེན་阎立本]དམག་དཔོན་ཅི་བྷི་ཧེ་ལི་[ཆི་བྷི་ཧི་ལི་契苾何力]རྣམས་མདུན་དུ་བོས་ཏེ་གསུངས་པར། ཡན་མོ་འབེན་གྱིས་གོང་མ་ལ་ད་ལྟ་ཡུལ་དུ་མུ་གེ་ཆེ་བས་དམག་བྱེད་པ་མི་ཡོང་བ་ཞུས། ཅི་བྷི་ཧེ་ལི་ན་རེ། བོད་རྣམས་ནུབ་ཕྱོགས་ཐག་རིང་ན་སྡོད་ཅིང་རང་རེའི་དམག་གིས་དེར་སླེབས་ཚེ་ཁོང་རྣམས་རི་ལ་འབྲོས་པར་ངེས། རི་ལ་རྗེས་དེད་པས་མི་ཟིན། སླར་དཔྱིད་ཀ་ཤར་བ་དང་ཡང་ཁོང་རྣམས་ཕྱིར་འོངས་ཏེ་གྲུ་གུ་བཅོམ་པར་ངེས། དེ་ལ་རེ་ཞིག་གྲུ་གུ་ལ་གྲོགས་ཏན་བྱེད་པ་མི་འགབ། དེ་ནས་བོད་རྣམས་ཀྱིས་རང་རེ་ལ་སྟོབས་མེད་པར་བསམ་སྟེ་སྙེམས་སེམས་སྐྱེས་པའི་སྐབས་དམག་གློ་བུར་དུ་དྲངས་ན་རྒྱལ་ཁ་ལོན་པར་ངེས་ཟེར། བློན་ཛང་གྱོས་ནི་ད་ལྟ་གྲུ་གུ་རྣམས་ལ་གྲོགས་མ་བྱས་ན་ཡུལ་དེ་འཇིག་པར་ངེས། དེ་བས་དམག་མྱུར་དུ་བཏང་སྟེ་གྲུ་གུ་མ་ཤོར་བ་ཞིག་བྱུང་ན་ཕྱིས་ཐབས་ཅི་ཡང་བྱེད་དུ་བཏུབ་ཟེར། དེ་ལྟར་གྲོས་ལ་མ་མཐུན་པས་དོན་མ་འགྲུབ་ཅིང་གྲུ་གུ་རྣམས་ས་སྤོ་བའི་ཐག་ཀྱང་མ་ཆོད། (འདས་རྗེས་༡༢༠༦)ལོ་ལ་བོད་དམག་གིས་ནུབ་ཀྱི་གྲུ་གུ་ཚོ་ཆེན་བཅུ་ཆབ་འོག་ཏུ་བསྡུས། (ཞེང་ཕན་གྱི་ལོ་དང་པོ་ལ་(འདས་རྗེས་ཀྱི་༡༢༡༤)བོད་དམག་གིས་ཞིང་ཆེན་བཅོ་བརྒྱད་ཙམ་བཅོམ།)ནུབ་ཕྱོགས་ཀྱི་ལི་ཡུལ་པ་དང་གྲོགས་སུ་བསྡེབས་ནས་གུ་ཅི་[ཆིག་ཚི་龟兹]གྲོང་ཁྱེར་གྱི་ལྕགས་རི་ཡང་བཤིགས། དེ་ལྟར་ཞིང་ཆེན་བཞི་བོད་ལ་ཤོར། གོང་ནས་དམག་དཔོན་ཟེ་ཞེན་ཀེ་[ཞོས་རེན་ཀོས་薛仁贵]དང་། གོ་ཞི་ཕྷན་[ཀོ་ཏེ་ཧྥེན་郭待封]གཉིས་ལ་བཀའ་ཕབ་སྟེ་དམག་འབུམ་ཕྲག་གཅིག་ཙམ་ཁྲིད་ནས་ཏཱ་ཕྷི་ཆེའན་[ཏ་ཧྥེ་ཁྲོན་大非川]ལ་སླེབས། དེར་བུའུ་ཧེ་ལ་འགྲོ་བར་བརྩམས་པ་ན་དམག་དཔོན་ཟེ་ཞིན་ཀེ་ན་རེ། ཡུལ་དེ་ཐག་རིང་བས་དམག་གི་ཁལ་རྟ་དང་བཅས་པ་བགྲོད་དཀའ། དེ་བས་ཁལ་རྟ་རྣམས་ཏཱ་ཕྷིན་ལིན་དུ་ཤིང་བསྐོར་ཏེ་བཞག དམག་རྐྱང་པ་གང་མགྱོགས་སུ་སོང་སྟེ་བོད་ཀྱི་སྟེང་དུ་གློ་བུར་དུ་འཛིང་ན་རྒྱལ་ཁ་ལོན་པར་ངེས་ཟེར། འོན་ཀྱང་གོ་ཞི་ཕྷན་ཡང་ཁོ་དང་གོ་གནས་མཉམ་པའི་དམག་དཔོན་དུ་སོང་གཤིས་ཁོའི་ངག་ལ་བརྩི་བར་མ་འདོད་དེ་དམག་ཁལ་རྟ་དང་བཅས་པ་བོད་དང་ཉེ་བར་ཁྲིད་དེ་འཐབ་པས་རང་ཕྱོགས་ཚབས་ཆེ་བར་ཕམ། ཁལ་རྟ་རྣམས་ཀྱང་བསྐྱུར་ནས་སླར་བྲོས། ཟེ་ཞིན་ཀོ་ཡང་ཏཱཕྷི་ཆེའན་བར་ཕྱིར་ལོག འོན་ཀྱང་དེར་ཡང་བོད་དམག་རྣམས་སླེབས་ནས་རྒྱ་རྣམས་ཤིན་ཏུ་ཚབས་ཆེ་བར་ཕམ། དམག་ཕལ་ཆེར་བསད་ཅིང་རྨས། མཐར་(མགར་གྱི་བུ་)ཙུན་ལིན་དང་། རྒྱའི་དམག་དཔོན་ཞིན་ཀེ་གཉིས་ཀས་བར་འདུམ་བྱས་ཏེ་དམག་དཔོན་རྒྱ་ཡུལ་དུ་སླར་ལོག  དེ་ལྟར་བོད་ཀྱིས་གྲུ་གུ་རྣམས་ཕམ་པར་བྱས་ཏེ་ས་རྣམས་བདག་བཟུང་བྱས། གོང་ནས་དམག་དཔོན་ཇ་གྱོ་དང་དམག་གསར་པ་བཅས་བོད་དང་འཐབ་ཏུ་བཏང་ཡང་དམག་དཔོན་ལམ་དུ་ཤི་ནས་དམག་རྣམས་ཕྱིར་ལོག(སྱང་འདས་ཀྱི་ལོ་༡༢༡༦)ལ་བོད་ཀྱི་བློན་པོ་ཇུན་འཛུན་[ཀྲུང་ཙུང་]རྒྱ་ནག་ཏུ་བཏང་། བློན་པོ་དེ་གཞོན་དུས་རྒྱ་ཡུལ་གྱི་ཡིག་གྲྭར་ཡོན་ཏན་སྦྱངས་པའི་མཁས་པ་ཡིན། གོང་ནས་ཁོ་མདུན་དུ་བོས་ཏེ་བོད་ཡུལ་དང་བཙན་པོའི་སྐོར་རྣམས་འདྲི་རྟོག་མཛད་པར་བོད་བློན་ན་རེ། ངེད་ཀྱི་བཙན་པོ་ནི་སྟོབས་དང་བརྩོན་པ་རྗེ་སྔ་མ་ལས་ལྷག་པ་ཙམ་བཞུགས། རྒྱལ་སྲིད་ལ་དོ་དམ་ཆེ་ཞིང་བློན་རྣམས་ཀྱི་དབུ་བསྐོར་དུ་མི་བཏུབ་པ་ཞིག་ཡིན། བོད་འབངས་རྣམས་གྲང་བའི་ཡུལ་དུ་སྡོད་པས་ལོ་ཏོག་ཉུང་ཞིང་ཕྱུགས་སྐྱོང་། བུའུ་ཧེ་ཙོའི་བྱང་དུ་དབྱར་ཁ་ཡང་གངས་མི་ཞུ། མི་རྣམས་ཀྱིས་དབྱར་དུས་སུ་ཡང་བལ་གྱི་ཕྱིང་པ་དང་། དགུན་ནི་སློག་པ་གྱོན་ཏེ་ལུང་ཁུག་ཏུ་བབས་ནས་སྦྲ་དང་སྤྱིལ་བུ་བྱས་ཏེ་སྡོད། གཞན་རྩྭ་ཆུ་གང་བཟང་ལ་བལྟས་ནས་གནས་འཕོ་སྐྱེལ་བྱེད། ཚོང་ཟོང་ནི་རྒྱའི་ཡུལ་ལས་ཤིན་ཏུ་དཀོན། འོན་ཀྱང་དབུལ་ཕྱུག་ཐམས་ཅད་སེམས་གཅིག་ཏུ་མཐུན་ཞིང་གཅིག་གྲོགས་གཅིག་གིས་བྱེད་པས་བོད་རྒྱལ་ཁབ་སྟོབས་ཤུགས་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན་ཞུས། དེར་གོང་མས་འོ་ན་ཁྱེད་བོད་དང་གྲུ་གུའི་རྒྱལ་རིགས་གཉིས་གཉེན་ཚན་དུ་གཏོགས་ཀྱང་གྲུ་གུའི་དཔོན་ཟོ་ཧེ་ཀེ་[སུའུ་ཧི་ཀེ་]ངོ་ལོག་ནས་བོད་དུ་ཕྱིན་པ་ལ་བཙན་པོས་ཁོ་ལ་ཆོ་ལོ་སྤྲད། དེ་ནས་གྲུ་གུ་བཅོམ། ངེད་ཀྱི་དམག་དཔོན་ཟེ་ཞིན་ཀེ་[ཞོས་རིན་ཀོས་薛仁贵]འདུམ་བྱེད་དུ་བཏང་བར་བོད་དམག་གིས་ད་དུང་མུ་ཡོན་བཅོམ་ཞིང་ངེད་ཀྱི་ལན་ཇོ་ཡང་བཅོམ་པ་དེ་ཅི་ཡིན་གསུངས་པར། བོད་བློན་གྱིས་གོང་མར་ཕྱག་ཕུལ་ཏེ་ཁོ་བོ་ནི་བདག་གི་བཙན་པོས་གོང་མ་ལ་སྐྱེས་འབུལ་དུ་བཏང་བ་ལས། གཞན་ལས་ཀ་གང་ཡང་མེད་ཅེས་ལན་མ་ཞུས་པར་གོང་མ་ཡང་མཉེས། ཞང་ཡོན་གྱི་ལོ་གསུམ་པ་ལ་(སངས་རྒྱས་འདས་རྗེས་ལོ་༡༢༡༩)བོད་ཀྱི་བློན་པོ་ཏོའོ་ཕྱུན་བིས་[ཐུའུ་ཧུན་མུ་吐浑弥]བྱ་བ་རྒྱ་ལ་སླེབས་ཏེ་འདུམ་བྱེད་པར་ཞུས་ཀྱང་གོང་མས་མ་གསན། དེའི་ལོ་རྗེས་མར་བོད་དམག་གིས་ཤ་ཇོ། [ཧྲན་ཀྲའུ་鄯州][ཀོ་ཇོ་廓州]ཧེ་ཇོ་[ཧི་ཀྲའུ་河州]ཕྷན་ཇོ་[ཧྥང་ཀྲའུ་芳州]རྣམས་བཅོམ། དཔོན་དང་འབངས་རྣམས་བསད་ཅིང་ཕྱུགས་འཕྲོག དེར་གོང་མས་དམག་དཔུང་གཉིས་ལས། ཡན་ལག་བཅུ་གཉིས་ཡོད་པའི་དཔུང་ཞིག་དཔོན་གུང་ལིས་ཞན་ཁྲིད་དུ་བཅུག་ནས་ཏ་ཅོའི་ཕྱོགས་སུ་བཏང་། གཞན་དམག་དཔུང་ཡན་ལག་གཉིས་ཡོད་པ་ཞིག་དཔོན་ལི་ལོན་གྱིས་འཁྲིད་དེ་ལན་ཇོར་འགྲོ་དགོས་པའི་བཀའ་ཕབ་ཀྱང་། དམག་དཔོན་རྣམས་རྒྱལ་ས་ནས་མ་སོང་། དེ་ཙ་ན་བོད་དམག་གིས་ཐེ་ཇོ་བཅོམ་ཞིང་གྲོང་ཁྱེར་མི་གོང་[མིའི་ཀོང་密 恭]དང་ཏིན་ལིན་[ཏན་ལིན་丹岭]གཉིས་ཀ་བཟུང་། དེའི་རྗེས་སུ་ཕྱུ་ཅོ་[ཧྥུའུ་ཀྲའུ་扶州]ཡང་བཅོམ་སྟེ་དེར་ཡོད་པའི་དམག་རྣམས་ཕམ་པར་བྱས། དེའི་དོན་དུ་གོང་ནས་ལི་ཞིན་ཀེ་[ལིའུ་རིན་ཀུའི་刘仁轨]ཏོ་ཧེ་[ཐའོ་ཧེ་洮河]ལ་བརྫངས་ཀྱང་ཁོས་དམག་མ་འཐབ་པར་བསྡད། དེ་དུས་བོད་རྣམས་ནུབ་ཀྱི་གྲུ་གུ་དང་བསྡེབས་ནས་ཨན་ཟི་[ཨན་ཞི་安西]བཅོམ་(འདི་རང་རེའི་ཀན་ཟིའི་བྱང་དུ་ཡོད་ཟེར་)པས་གོང་ནས་ལི་ཞིན་ཀེའི་ཚབ་ཏུ་རྒྱལ་སྲིད་ཀྱི་ཡིག་མཁན་ལི་ཟིང་ཞོའམ་[ལི་ཅིན་ཞོན་李敬玄]དམག་དཔོན་དུ་བསྐོས་ཏེ་ཏོ་ཧེ་ལ་བཏང་། འོན་ཀྱང་ཁོ་དམག་དཔོན་ཆེན་པོ་ཟེ་ཞིན་ཀེ་དང་མི་མཛའ་བས་ཁོའི་ཁ་ལ་མ་བརྩིས་པར་དཔོན་ཆེན་ཡང་མ་དགའ་སྟེ། ཁོང་ལ་དམག་དཔོན་གྱི་ཤེས་རྒྱ་མེད་པར་རིག་ནས་ནན་གྱིས་ནུབ་ཕྱོགས་ཀྱི་དམག་དཔོན་དུ་བསྐོས་པར་ལི་ཟིང་ཞོའན་གྱིས་གོང་ལ་དགོངས་ལ་ཞུས་ཀྱང་མ་གནང་། དེར་ལི་ཟིང་ཞོའན་བོད་ཀྱི་སྟེང་དུ་དམག་ལ་ཆས་པར་གོང་མ་རང་གིས་ཀྱང་སྐྱེལ་ཐུང་མཛད། ད་དུང་གྱན་ནན་དང་ཁྲན་ནན་ཡུལ་གཉིས་ནས་ཀྱང་དམག་གཏོང་དགོས་པའི་བཀའ་ཕབ། དམག་དེ་རྣམས་ལོང་ཇི་ལ་སླེབས་ནས་བོད་དང་འཐབ་པས་བོད་རྣམས་ཕམ། དེར་ལི་ཟིང་ཞོའན་གྱིས་དམག་ཆིག་འབུམ་ལྔ་ཁྲི་ཁྲིད་དེ་བོད་ཀྱི་དམག་དཔོན་ལུང་ལིན་ཅིན་(མགར་གྱི་བུ)དང་ཐུག་སྟེ་མཚོ་སྔོན་པོའི་འགྲམ་དུ་འཐབ། ལི་ཅིང་ཞོའན་གྱི་གྲོགས་ལིས་ཞན་ལིས་དམག་ནང་དུ་འགྲོ་ཐལ་ཆེ་ནས་གཡུལ་དུ་བསད། དེ་ལ་རྒྱབ་གནོན་ཅི་ཡང་མ་བྱས་པར་ལི་ཅིང་ཞོའན་གྱིས་དམག་རྣམས་གོ་རིམ་མེད་པར་ཁྲིད་ནས་ཅིན་ཕྱུན་ལང་དུ་སོང་། ཡུལ་དེ་རོང་དོག་པས་བོད་དམག་རྣམས་ཀྱིས་རྒྱ་དང་ཉེ་བར་དམག་སྒར་བཏབ་སྟེ་ལམ་བཀག་པས་དམག་དཔོན་ཧེ་ཅི་འཆན་[ཧེ་ཁྲི་ཁྲང་黑齿常]གྱིས་དམག་སྟོབས་ལྡན་ལྔ་སྟོང་ཁྲིད་ནས་མཚན་ལ་བོད་ཀྱི་དམག་སྒར་ཐོག་ཏུ་རྒྱུགས་པར་བོད་རྣམས་འཇིགས་དྲགས་ཏེ་གཅིག་གིས་གཅིག་སྒྱེལ་བཞིན་ཕྱིར་བྲོས། དེར་ལི་ཅིང་ཞོའན་གྱིས་རྒྱ་དམག་ལྷག་མ་ཁྲིད་ནས་ཤ་ཇོ་ལ་ལོག  རྒྱའི་དཔུང་ཤིན་ཏུ་ཚབས་ཆེན་ཕམ་པ་ལ་གོང་ནས་བློན་པོ་རྣམས་བསྡུས་ཏེ་བོད་དམག་འགོག་ཐབས་ཀྱི་གྲོས་མཛད། གོང་མའི་ཞལ་ནས། ངས་ནི་ཁྲབ་གྱོན་མ་མྱོང་ཞིང་དམག་ལ་འགྲོ་མ་མྱོང་སྟེ། འོན་ཀྱང་སྔར་རང་རེས་ཀོའུ་ལི་རྣམས་ཕམ༑ དེ་ནས་ལོ་ཤས་བར་དམག་འཐབ། སླར་རྒྱ་ཡུལ་དུ་ནང་འཁྲུག་བྱུང་། ད་ལྟ་བོད་ཀྱི་དམག་སླེབས་པས་ཤིན་ཏུ་སེམས་ཁྲལ་ཆེ། ངེད་ཀྱི་དམག་དཔོན་ལི་ཙེ་གྲོངས་ནས་བཟུང་དམག་དཔོན་བཟང་པོ་སུ་ཡང་མ་བྱུང་། ད་ལན་ཀྱང་ཏོ་ཧེ་ཕྱོགས་སུ་སྡོད་པའི་དམག་རྣམས་ཀྱིས་དགྲ་ཁེགས་པར་ངེས་ཀྱང་དམག་དཔོན་རྣམས་ཀྱིས་བཀར་མ་བརྩིས་པས་ཕམ། ད་ཅི་བྱེད་ཀྱི་གྲོས་སྟོན་ཅིག་གསུངས་པར་བློན་ཁ་ཅིག་གིས་བོད་དང་འདུམ་བྱེད་པ་འཐད་ཟེར། གཞན་ཁ་ཅིག་གིས་སྒུགས་ནས་ཕྱིས་སུ་དམག་བྱེད་པ་ལེགས་སོགས་ཞུས། ཅའོ་ལུ་ཡི་ལོ་དང་པོ་ལ་[སངས་རྒྱས་འདས་ལོ་༡༢༢༣]བོད་ཀྱི་བཙན་པོ་གྲོངས་ཤིང་སྲས་ཅི་ནོ་ཟི་ནོན་[器弩悉弄ཅི་ནུ་ཤི་ལུང་ཁྲི་འདུས་སྲོང་]ལོ་བརྒྱད་ལོན་པ་ཞིག་ཁྲི་ལ་འཁོད། ཅི་ནོ་ཟི་ནོན་གྱི་དུས་ན་བློན་ཅིན་ལིན་(མགར་གྱི་བུ་ཐུ་བོ་)དེ་བོད་ན་དབང་ཆེ། གོང་དུ་ཕོ་ཉ་བཏང་སྟེ་བཙན་པོ་འདས་ཚུལ་གྱི་ཡི་གེ་ཕུལ་བར་གོང་ནས་བོད་དུ་སེམས་གསོ་བའི་ཕོ་ཉ་བཏང་། (སངས་རྒྱས་འདས་རྗེས་ཀྱི་ལོ༡༢༢༤)ལ་བོད་ཀྱི་དམག་དཔོན་བཙན་ཤུ་(བཙན་བྲོད་)དང་སི་རྡོ་ཡིའུ་(སུའུ་ཧི་ཀེ་)གཉིས་མགར་གྱི་བུ་གཞོན་པ་གཉིས་བོད་དམག་སུམ་ཁྲི་ཁྲིད་ནས་ལྷགས་ཏེ་ཧེ་ཡུའུ་བན་[ཧི་ཡོན་河源]བཅོམ་ཞིང་ལན་ཕྷེ་ཚོའན་[ལེང་ཧྥེ་ཁྲོན་良非川]དུ་བོད་ཀྱི་དམག་སྒར་བཏབ། ལིས་ཟིང་ཞོན་[ལི་ཅིན་ཞོན་李敬玄]གྱིས་ཧང་ཆེན་[ཧོང་ཁྲོན་湟川]དུ་སླེབས་ཏེ་བོད་དང་འཐབ་པས་རྒྱ་རྣམས་ཚབས་ཆེ་བར་ཕམ། དེ་ནས་དམག་དཔོན་ཧེ་ཇི་ཇན་རྗིས་རྟ་དམག་སུམ་སྟོང་ཁྲིད་དེ་མཚན་མོ་བོད་ཀྱི་སྒར་ཐོག་ཏུ་རྒྱུགས་པར་བོད་ཀྱི་དམག་དཔོན་བཙན་ཤུ་འཇིགས་ནས་ཕྱིར་བྲོས། རྒྱའི་དམག་དཔོན་ལ་རྒྱལ་ཁ་ལོན་པའི་བྱ་དགར་ཧེ་ཡུ་བན་[ཧི་ཡོན་ཅུན་河源军]གྱི་དམག་དཔོན་ཆེན་པོའི་ཆོ་ལོ་བསྩལ། ཡུལ་དེ་རྒྱ་ནག་ཏུ་བགྲོད་བའི་ལམ་འགག་ཡིན་སྟབས་དམག་དཔོན་བསམ་པར་དཔུང་ཚན་པོ་ཆེ་ས་བསྲུང་དུ་འཇོག་དགོས་སྙམ་ཡང་ས་ཐག་རིང་བས་དམག་ཆས་སྐྱེལ་དཀའ་སྟེ་མ་ནུས། འོན་ཀྱང་བྱ་གཏོང་བའི་མཁར་ལྕོག་བདུན་ཅུ་ཙམ་བརྩིགས་ཏེ་དམག་བྱེད་པའི་གྲབས་གཤོམ་ལེགས་པར་བྱས། (དམག་སླེབས་ཚེ་མཁར་ལྕོག་གི་རྩེ་ནས་མེ་སྤར་ཏེ་བརྡ་བྱེད་པ་ཡིན་སྐད)དེའི་སྔོན་ཇང་ནན་གྱི་ཡུལ་མོའེ་ཅོ་[མའོ་ཀྲའུ་茂州]ནས་ནུབ་ཕྱོགས་ལོགས་ན་མཁར་ཨན་ཞུན་ཅིན་[ཨན་ཞི་སྡེ་安西]བྱ་བ་ཞིག་བརྩིགས་ཡོད་པར་བོད་དམག་སླེབས་ཏེ་མཁར་དེ་བཟུང་ཞིང་དམག་སྒར་ཡང་དེར་བཏབ། དེ་ནས་བཟུང་མ་ནེ་བྱ་བའི་མི་རིགས་ཀྱི་སྡེ་དང་། ཡཱན་ཞོན་དང་། ཏང་སྱང་བྱ་བའི་རིགས་རྣམས་བོད་འབངས་སུ་འགྱུར། དེ་ནས་བོད་ཀྱི་རྒྱལ་ཁམས་ཤར་ཕྱོགས་སུ་ནི་ལན་ཇོ། ཟོན་ཅོ། མེའོ་ཇོ་རྣམས་ས་མཚམས་སུ་གནས། ལྷོར་པོ་སོན་ཐན་དང་། (རྒྱ་གར་བྱང་)ནུབ་ཕྱོགས་སུ་ཧོར་གྱི་ཚོ་ཆེན་བཞི་ཡང་བོད་འབངས་སུ་འདུས། བྱང་དུ་ཏུ་རུ་ཀའི་རྒྱལ་ཁམས་ལ་ཐུག་པར་ཡོད་དོ། །

ཁ་ཡོའི་ལོ་དང་པོ་(སངས་རྒྱས་འདས་རྗེས་༡༢༢༥)ལ་ཀོང་ཇོ་ཝེན་ཅང་གྲོངས། རྒྱའི་ཕོ་ཉ་མཆོད་པ་འབུལ་དུ་བཏང་། དེ་དུས་རྒྱའི་དམག་དཔོན་ཆན་ཟིན་ཡན་[ཁྲིན་ཞིན་ཡན་陈行焉]གྱི་བུ་ཡང་རྒྱ་ནག་ཏུ་འབྱོར། དེ་ཡང་དམག་དཔོན་འདི་བོད་དུ་ཕོ་ཉར་སོང་བར་བློན་ཆེན་ཅིན་ལིན་(མགར་གྱི་བུ་ཆེ་བ)གྱིས་ཁོང་ལ་ཕྱག་འཚོལ་(ཞེས)སྨྲས་པ་ལ་རྒྱ་དཔོན་གྱིས་མ་ཉན་པས་ལོ་བཅུའི་བར་དུ་བོད་དུ་བཀག་ནས་མཐར་རོ་གཅིག་པུ་རྒྱ་ཡུལ་དུ་བསྐྱལ། དེ་དུས་བོད་ཀྱི་དམག་དཔོན་བཙན་བུ། (མགར་བུ་)སླེབས་ཏེ་ཡང་ཕྷེ་ཆོའན་[ལེང་ཧྥེའི་ཁྲོན་良非川]བཅོམ་ཡང་རྒྱ་དཔོན་ཧེ་ཅི་རྗན་ལིས་གཡུལ་སྤྲད་དེ་ཕྱིར་བཟློག རྒྱལ་མོ་བུའི་ཧེའོའི་[ཝུའུ་ཧོའོ་武后]དུས་སུ་ཡང་བོད་ཀྱི་ཕོ་ཉ་ཁ་ཡར་སྐྱེས་འབུལ་དུ་སླེབས། ཅི་ཞན་གྱི་ལོ་དང་པོ་ལ་(འདས་རྗེས་ཀྱི་ལོ་༡༢༣༣)བློན་གཙེན་པོ་བེ་ཤིས་རྗ་[ཝེ་ཏེ་ཅ་韦待价]ལ་ནུབ་ཕྱོགས་དམག་དཔོན་གྱི་གོ་ས་བསྩལ་ཏེ་བོད་དང་འཐབ་ཏུ་བཏང་། ཡན་བེན་གུའུ་[ཡན་ཝུའུ་ཀུའུ་阎温古]ཡང་ཁོང་གི་གྲོགས་སུ་བཏང་། འོན་ཀྱང་དམག་དཔོན་དེ་གཉིས་དམག་ཁྲིད་དེ་དོན་མེད་པར་ཡུལ་མང་པོར་ཕན་ཚུན་འཁྱམས་ཤིང་མཐར་བོད་དམག་དང་འཕྲད་དུས་རྒྱ་རྣམས་ཤིན་ཏུ་ནས་ཚབས་ཆེ་བར་ཕམ། ཁ་བ་ཆེན་པོ་བབས་པའི་རྐྱེན་གྱིས་དམག་ཆས་ཆད། དེ་ནས་དམག་དཔོན་དམག་དང་བཅས་པ་ཁྲིམས་མེད་དུ་ཕྱིར་ལོག་པར་རྒྱལ་མོ་ཡང་ཐུགས་ཤིན་ཏུ་ཕམ། དམག་དཔོན་བེ་ཤིས་རྗ་མཐའ་ལ་སྤྱུགས་ཤིང་དཔོན་ཡང་བེན་གུའུ་སྐེ་བྲེགས་སོ། །ཐང་སུའི་ཇིན་གྱིས་དམག་ཁྲིད་དེ་ནུབ་ཕྱོགས་ཀྱི་འཁྲུག་པ་ཞི་བར་བྱས་པས་རྒྱལ་མོས་ཁོ་ལ་ཟི་ཅེ་ཞིང་བློན་གྱི་གོ་ས་སྤྲད། དེའི་ལོ་རྗེས་མ་(འདས་རྗེས་ཀྱི་ལོ་༡༢༣༤)ལ་ཙེན་ཆན་ཆིན་ལ་བོའུ་བེའི་ཡུལ་གྱི་དཔོན་གནས་བསྩལ། (སྟོན་པ་འདས་རྗེས་ཀྱི་༡༢༣༥)ལོ་ལ་ཏང་ཕྱང་[ཏང་ཞང་党项]གྱི་དཔོན་པོ་ཧེ་སུ་[ཧི་སུའུ་易苏]བྱ་བ་རྒྱའི་དབང་དུ་བསྡུས། རྒྱལ་མོས་དམག་དཔོན་ཅཱན་དམག་དང་བཅས་པ་ཏང་སྱང་དུ་མངགས། ཏཱ་ཏུ་ཞོའི་ཕྱོགས་སུ་སྒར་བཏབ་པར་བོད་དམག་རྣམས་གདོང་ལ་སླེབས་ཏེ་དཔོན་ཧེ་སུ་བཟུང་ནས་ཕར་ཁྲིད། ཡང་ཏང་སྱང་གྱི་དཔོན་པོ་འཇང་ཚ་བྱ་བ་འཇང་གི་མི་བརྒྱད་སྟོང་དང་བཅས་པ་རྒྱའི་དབང་དུ་འདུས་པ་ལ་རྒྱ་དཔོན་སྲོན་གྱིས་ཅི་ཇོ་བྱ་བའི་ཞིང་ཁག་གསར་དུ་བཙུཊ་ནས་དེའི་དཔོན་དུ་ཡང་འཇང་ཚ་རང་ཉིད་བཞག་ཅིང་ལོ་རྒྱུས་དེ་རྣམས་ཏཱ་ཏུ་ཞན་[རི་བོ་ཏཱ་ཏུའུ་大渡山]གྱི་རི་ལ་རྡོ་རིང་གི་ཡི་གེར་བཀོད་དོ། །སྔར་ཝང་ཞོན་ཙེ་[ཝང་ཞའོ་ཅེ་王孝杰]དང་ལི་ཞན་ལི་གཉིས་བོད་དང་འཛིངས་ནས་མ་ཐུབ་པར་དགྲ་ལ་མགོ་བཏུད་ཀྱང་མཐར་དགྲའི་ལག་ནས་བྲོས་ཏེ་རྒྱ་ཡུལ་དུ་སླེབས་ནས་གོང་ལ་བོད་ཀྱི་སྐོར་རྣམས་ཀྱང་ཞུས། དེ་དུས་ཐང་སུའི་ཇིན་དེ་ཟི་ཅོའི་དཔོན་དུ་སྡོད་པ་ལས་གོང་དུ་སྙན་གསན་ཕབ་སྟེ་བོད་དང་འགྱེད་པར་ཞུས་པ་གནང་། འདས་རྗེས་ཀྱི་(༡༢༣༥)ལོ་ལ་དམག་དཔོན་ཝང་བྱ་བ་ཤུའུ་ཧེ་ཡུལ་གྱི་དམག་དཔོན་བྱས། ཐང་སུའི་ཇིན་ལ་ལི་ཡུལ་གྱི་དཔོན་ཨ་ཞེ་ན་ཅིང་ཙེས་ཀྱང་གྲོགས་བྱས་ཏེ་བོད་དང་གཡུལ་སྤྲད་པར་ཤིན་ཏུ་ནས་ཀྱང་རྒྱལ་ཏེ་ལི་ཡུལ་གྱི་ཞིང་ཁག་བཞི་སླར་ལོག  དེ་ནས་གོང་མས་ལིའི་ཞིང་དཔོན་བཏང་སྟེ་ཀུ་ཅ་བྱ་བའི་གྲོང་ཁྱེར་དུ་དམག་དང་བཅས་ཏེ་བསྡད་དོ། །དེ་དུས་རྒྱའི་ལོ་རྒྱུས་སྨྲ་བ་ཙུའི་ཡོད་ཀྱིས་གོང་དུ་རྒྱལ་རབས་སྙན་སྒྲོན་ཕུལ་བ་ནི། སྔོན་གྱི་དུས་ན་རྡི་དང་རྗོང་བྱ་བའི་རིགས་ཀྱི་ཀླ་ཀློའི་སྡེ་རྣམས་རྒྱ་ལ་ཤིན་ཏུ་འཚེ་བར་བྱས། རྒྱ་ཡུལ་གྱི་གོང་མ་ལྔ་སྡེ་དང་གསུམ་སྡེའི་སྐབས་སུ་ཡང་རིགས་དེ་རྣམས་རྒྱ་འབངས་སུ་མ་ཚུད། ཧན་གུར་གྱི་གོང་མ་དང་པོའི་སྐབས་དམག་ཆེན་བཏེགས་པ་ལས། དམག་རྣམས་པིན་ཆན་བྱ་བའི་གྲོང་ཁྱེར་ནང་དུ་བཅུག་སྟེ་ཀླ་ཀློ་དེ་རྣམས་ཀྱིས་མཁར་བསྐོར་བ་ཡང་བྱུང་། དེའི་རྗེས་སུ་གོང་མ་བོའུ་རྡི་ཁྲོས་ནས་བློན་བྱང་གན་ནུབ་ཕྱོགས་སུ་བཏང་སྟེ་ནུབ་ཏུ་ཞིང་ཆེན་བཞི་བཙུགས་ཤིང་མཁར་གཉིས་བསྐོར། (མཁར་དེ་གཉིས་ཡུ་མེན་ཀྭན་དང་། ཡཱང་གོན་བྱ་སྟེ། རང་རེའི་ཀན་ཟིའི་ས་ཁོངས་སུ་ཡོད་ཟེར།) དེ་ལྟར་བྱས་པས་དགྲ་ཧུ་ན་བྱ་བའི་རིགས་ཀྱི་ལག་གཡས་བཅད་པ་བཞིན་དུ་བྱས། (འདིའི་ཧུ་ན་ནི་ཡིག་རིགས་དྲུག་ཅུར་ཡང་མིང་བགྲངས་པ་དེ་ཡིན་ཞིང་། རྒྱ་གར་དང་ཨོ་རྒྱན་སོགས་ཀྱང་བཅོམ་པ་རྒྱ་གར་ལོ་རྒྱུས་སུ་ཟུར་ཙམ་བྲིས་ཡོད།)རིམ་གྱིས་རྨ་ཆུའི་ཕ་རོལ་ཏུ་ལིན་ཟིའི་མཁར་བརྩིགས༑ དེ་ནས་ལྷོ་ཕྱོགས་ཀྱི་འཇང་རྣམས་དང་ཧུ་ན་སོ་སོར་གྱེས། (དེ་ལ་འཇང་དང་ཧུ་ན་སྡོང་ནས་རྒྱ་ལ་དགྲ་བྱས་ཤིང་འཚེ། འཇང་རིགས་དེ་སྐད་སོགས་བོད་དང་འདྲ་བས་ཕྱིས་བོད་དང་འདྲེས་པ་ལས་རྒྱུད་རྣམས་ཁམས་དང་ཨ་མདོའི་ཁྲོད་དུ་ཤས་ཆེར་བྱུང་། དེ་ནས་བྱ་གཏོང་བའི་མཁར་ལྕོག་རྣམས་རྒྱ་ནག་ལྕགས་རིའི་ཕྱི་ལ་བརྩིགས། ཧུ་ན་རྣམས་གྲོགས་མེད་དུ་གྱུར་ནས་ཐག་རིང་པོའི་ཡུལ་དུ་ཕྱིར་ལོག  དེ་དུས་རྒྱའི་རྒྱལ་སྲིད་ཀྱི་དངུལ་མཛོད་ཟད། དམག་དང་རྟའི་ཤུགས་ཀྱང་ཡལ། ནུབ་ཕྱོགས་སུ་ཕོ་ཉ་ཟླ་རེ་ལོ་རེ་བཞིན་གཏོང་བར་དངུལ་གྱི་ཚབ་ཏུ་ཀོ་བའི་དུང་ཙེ་བྱས། རྩིས་བྱེད་པ་ལ་སྐུད་པའི་གྲངས་བཏབ། ཁྲིམས་ཁང་དང་ཆང་ཁང་། ཤིང་རྟ་སོགས་ལ་ཡང་ཤོ་གམ་བཅད། འོན་ཀྱང་ནུབ་ཕྱོགས་ཀྱི་དགྲའི་རྒྱལ་སྒོ་ཆོད་དེ་ནུབ་ཏུ་ཞིང་ཆེན་བཙུགས་ཤིང་དཔོན་ཡང་བསྐོ་བཞག་བྱས་སོ། །གོང་མ་གང་ཤུའུ་ཁྲི་ལ་བསྐྱར་དུ་བཞུགས་ནས་ནུབ་ཕྱོགས་ཀྱི་རིགས་དེ་རྣམས་འབངས་སུ་འདུས། དེ་ནས་ཡཱང་གོན་གྱི་དུས་བར་དེ་རྣམས་སླར་ཡང་རྒྱ་ལ་ངོ་ལོག་པ་ལ་རྗེས་སོར་འབྲེལ་བ་ཚུགས། གོང་མ་ཐེ་ཙུང་ཝེན་རྡི་ནི་རང་ཉིད་ཧན་གུར་གྱི་རྒྱལ་པོའི་ལམ་སྲོལ་དུ་གཤེགས་ཏེ་ནན་ཞན་གྱི་རི་དང་། ཙེང་ལིན་གྱི་བར་དུ་བདག་པོ་བྱས་ཤིང་མཁར་དང་། མཁར་ལྕོག་དང་། གྲོང་ཁྱེར་རྣམས་བཏབ་པས་དེ་དུས་བོད་ཀྱིས་རྒྱ་ལ་མ་ཚུགས་པར་བྱུང་། གོང་མ་གོའུ་ཙོང་གི་སྐབས་རྒྱའི་སྲིད་ཀྱི་སྟོབས་ཉམས་ནས་ནུབ་ཀྱི་ཞིང་ཆེན་བཞི་ལ་བདག་བྱེད་དུ་མ་བཏུབ་པས་བོད་རྣམས་སྟོབས་ཤུགས་ཆེ་རུ་སོང་། ཡན་ཙེའི་ནུབ་ཕྱོགས་སུ་བོད་རྣམས་རྒྱལ་ཏེ་བོད་དམག་རྣམས་གོའུ་ཅང་དུ་སླེབས། མོ་ཧེ་བྱ་བའི་ཐང་རྣམས་བཟུང་ཞིང་ཏོང་ཧང་དང་ཉེ་བར་སླེབས། ད་ནི་དཔོན་ཝང་ཞོ་ཙེ་ནས་ནུབ་ཀྱི་ཞིང་བཞི་ལ་བདག་པོ་བྱས་ཏེ་གོང་མའི་རྒྱལ་ཁམས་སྔོན་ཤོར་བ་རྣམས་ཚུར་བླངས་པས་ཕྱིན་ཆད་ཡུལ་དེ་བསྲུང་ཞིང་ནུབ་ཀྱི་ཞིང་བཞི་ལ་དམག་སྒར་མ་བཙུགས་ན་བོད་དམག་རྣམས་སླར་ཡང་སླེབས་པར་ངེས། དེ་འདྲ་བྱུང་ན་ནུབ་དང་། ལྷོ་ཕྱོགས་ཀྱི་འཇང་གི་ཡུལ་ཕྱོགས་སུ་འཁྲུག་པའི་འཇིགས་ཉེན་ཆེ་ཞིང་། གལ་ཏེ་ལྷོའི་འཇང་རྣམས་དང་བོད་རྣམས་མཐུན་གྲོགས་སུ་གྱུར་ན། ཧེ་ཞི་(རྨ་ཆུའི་ནུབ་)བྱ་བའི་ཡུལ་སྤྱི་ལ་ཉེན་ཁ་ཆེ། མོ་ཧེ་ཐང་གི་ཞེང་ལ་ལེ་དབར་ཉིས་སྟོང་ཙམ་ལ་རྩྭ་ཆུ་མེད་པས་བྱང་གི་ཡུལ་རྣམས་བོད་དང་འབྲེལ་ཚེ་རྒྱའི་དཔུང་གིས་ཐང་དེ་བརྒལ་ནས་འགྲོ་བར་དཀའ། དེ་བྱུང་ན་ནུབ་ཀྱི་ཕྱོགས་སུ་རང་རེའི་ལས་དོན་ཐམས་ཅད་འཆོར་བྱ་བ་ཡིན། གོང་མ་ཡང་ཞུ་ཡིག་དེ་ཐུགས་ལ་འབབ་པར་བྱུང་། དེའི་རྗེས་སུ་འབོ་ལུང་ཛན་[ཙཱ་བློན་བཙན་勃论赞]དང་། ཏུར་གྱི་རྒྱལ་པོ་ཨ་ཞེ་ན་ཐུ་རྗི་[གྲུ་གུའི་ཁུ་ཧན་ཨི་ལི་ན་ཐོ་ཅི་突厥可汗]གཉིས་ཀྱི་ལྷོ་ཕྱོགས་སུ་དམག་དྲངས་ཏེ་ལུན་ཅུན་[ལིན་ཆོན་冷泉]དུ་སླེབས་པར་རྒྱ་དཔོན་ཝང་ཞོན་ཙེས་[王玄策]ཁོང་རྣམས་ལ་གཡུལ་སྤྲད་དེ་ཕམ་པར་བྱས་ཤིང་དགྲ་རྣམས་སུ་ཡི་ཕྱོགས་སུ་བྲོས། རྒྱ་དཔོན་ཧན་སི་ཛོན་[ཧན་སི་ཀྲུང་韩思忠]གྱིས་གྲོང་ཁྱེར་ཉི་ཤུ་མོ་སི་[ཉིས་ཧྲུའུ་མོ་སི་泥熟没斯]ཡང་བརླག་པར་བྱས།

ཆན་ཞན་གྱི་ལོ་དང་པོ་(སངས་རྒྱས་འདས་ནས་༡༢༣༩)ལ་སླར་ཡང་བོད་བློན་བཙན་བུ་དང་ཅིན་ཞིན་གྱིས་དམག་ཁྲིད་དེ་ལིན་ཐོ་[ལིན་ཐའོ་临洮]བཅོམ། རྒྱ་དཔོན་ཝང་ཞོན་ཙེས་རི་བོ་པོ་ཧན་[薄寒山]བྱ་བའི་ཉེ་འདབས་སུ་ཁོང་དག་ལ་གཡུལ་སྤྲད་ནས་བོད་དམག་ཕམ་པར་བྱས། འོན་ཀྱང་དེའི་ལོ་རྗེས་མར་བོད་དམག་གིས་ལང་གྲུ་བཟུང་ཞིང་རྒྱའི་དམག་དཔོན་[ཏུའུ་ཏུའུ་都督]ཡང་བསད་དེ་རྒྱལ་ཁ་ལོན། དེ་ནས་ཁོང་རྣམས་ཕོ་ཉ་ཞིག་བཏང་སྟེ་འདུམ་བྱེད་པ་སྐད་ཀྱི་གྲོས་བྱས་ཤིང་ནུབ་ཀྱི་ཞིང་བཞི་ནས་རྒྱ་དམག་གང་ཡོད་ཕྱིར་ལོག་དགོས་པ་དང་ཏུ་རུ་ཀའི་ཡུལ་གྱི་ཕྱེད་ཆ་བོད་ལ་སྟེར་དགོས་ཚུལ་ཞུས། རྒྱལ་མོ་བོའུ་ཧེ་བུ་[ཝུའུ་ཧོའོ་武后]ནས་དཔོན་གུ་ཡུ་ཅན་[ཀོ་ཡོན་ཀྲིན་郭元振]བོད་ལ་ཆིངས་སྒྲིག་ཏུ་བཏང་བར་ལོ་དེར་རང་ལ་ལམ་དུ་བོད་བློན་ཅིན་ལིན་(མགར་གྱི་བུ་)དང་འཕྲད། བློན་གཉིས་གླེང་མོ་བྱེད་པ་ན་རྒྱ་དཔོན་ན་རེ། ཁྱེད་ཀྱི་ཡབ་རུ་སྟོང་བཙན་གྱིས་ནི་གོང་མའི་འཕྲིན་ལས་རྣམས་ལེགས་པར་བྱས། རྟག་ཏུ་རྒྱ་དང་མཐུན་པར་བསྡད། ཁྱེད་ནི་སྔོན་གྱི་མཐུན་འབྲེལ་ཆད་པའི་སྟེང་དུ་ལོ་རེ་ཞིང་<བཞིན>ངེད་ཅག་གི་ཡུལ་དུ་གནོད་ཅི་འཁྱོལ་བྱེད༑ ཕས་འབྲེལ་བ་བྱས། བུས་འགལ་ཟླ་བྱེད། ཕས་གྲོགས་སུ་བྱས། བུས་དགྲར་བྱས་པ་འདི་རང་གི་ཡབ་ལ་གུས་པ་མེད་པའི་རྟགས་སུ་མི་འགྱུར་རམ་ཟེར། བོད་བློན་ན་རེ། དེ་བདེན། འོ་ན་རྒྱའི་གོང་མས་སྔར་འདུམ་གྱི་ཐ་ཚིག་ཏུ་ནུབ་ཀྱི་ས་མཚམས་སུ་དམག་མི་འཇོག་པ་དང་ཏུ་རུ་ཀ(གྲུ་གུ)དང་ནུབ་ཀྱི་ལི་ཡུལ་ཞིང་བཞི་རང་དབང་རང་བཙན་དུ་འཇོག་པར་ཐག་བཅད་པ་ལ་དེ་བཞིན་དུ་བྱས་སམ་ཟེར། རྒྱ་དཔོན་ན་རེ། རྒྱའི་གོང་མ་ནས་གྲུ་གུའི་ཚོ་བཅུ་དང་ནུབ་ཀྱི་ཞིང་བཞི་རང་གི་ཆབ་འོག་ཏུ་བསྡུས་ནས་འཁྲུག་ལོང་མེད་པར་བྱས་པས་དོན་ལ་ཡུལ་དེ་རྣམས་རང་དབང་རང་བཙན་དུ་ཡོད་པ་དང་འདྲ་བར་བརྩིས། ངེད་རྣམས་ལ་ནི་མིའི་རྒྱལ་ཁམས་མགོ་གནོན་པའི་བསམ་སྦྱོར་མེད། ལར་ནུབ་ཀྱི་ཞིང་འདི་རྣམས་བོད་དང་མི་འདྲ་བར་དང་པོ་ནས་རྒྱའི་ཆབ་འབངས་སུ་ཡོད་པ་ཡིན་ཟེར། བོད་བློན་ན་རེ། འོ་ན་ངེད་ཅག་ལ་ནོར་དང་ས་ཆ་དགོས་པ་བྱུང་ཚེ་ཡུལ་དེ་རྣམས་སུ་དམག་འདྲེན་རྒྱུ་ཡིན་པས་ཁྱེད་རྣམས་ལ་ཡང་དཀའ་ལས་འོང་བར་མི་འགྱུར་རམ། ངེད་རྣམས་ཝང་ཆོན་དུ་ཡང་དམག་འདྲེན་ངེས་ཡིན། ཏུ་རུ་ཀའི་ཡུལ་ནི་རྒྱ་ཆེ་ཞིང་རྒྱ་ནག་ལས་ཤིན་ཏུ་ཐག་རིང་བ་ལ་ཁྱེད་རྣམས་རྒྱུ་མཚན་གང་གིས་ཡུལ་དེ་བདག་ཏུ་འཛིན། ཁྱེད་ཀྱི་གོང་མས་ས་ཐམས་ཅད་འབངས་སུ་བསྡུས། རྒྱ་མཚོའི་ཕ་རོལ་ཏུ་སྡོད་པ་དག་ཀྱང་བཅོམ་སྟེ་རྒྱའི་ཆབ་འོག་ཏུ་བྱས། དེང་སང་བོད་གཅིག་པུ་རང་དབང་དུ་སྡོད། ཏུ་རུ་ཀ་ནི་བོད་ལས་ཀྱང་ཐག་རིང་ཞིང་བོད་དང་ཏུ་རུ་ཀའི་མཚམས་ན་བྱེ་ཐང་ཆེན་པོ་ཡང་ཡོད་པས་ཡུལ་དེ་འདྲ་ལ་ཁྱེད་ཀྱི་དམག་སྟོབས་མེད་དང་དམག་དཔོན་སྡར་མ་རྣམས་སླེབས་ན། ཀླ་ཀློ་དེ་ཀུན་གྱིས་ཚེགས་མེད་དུ་བཅོམ་པར་ངེས། དེས་ན་ཏུ་རུ་ཀའི་བདག་པོ་ངེད་བོད་ཀྱིས་བྱེད་པ་འཐད། དེ་བྱུང་ན་ཀླ་ཀློའི་ཡུལ་ཁམས་གཞན་རྣམས་འཛིན་པའི་བསམ་སྦྱོར་མེད། ཀན་ཇོ་དང་ལན་ཇོ་ནས་ཅི་ཞི་[རྨ་རྒྱལ་སྤོམ་ར་积石道]བར་དུ་ལེ་དབར་ཉིས་སྟོང་ཡོད་ཀྱང་ཡུལ་དེའི་ཁ་ཞེང་ལ་ལེ་དབར་བརྒྱ་ལས་ལྷག་མེད་པས་ས་ཁོངས་དོག་པས་ངེད་ཀྱི་དམག་གིས་འཇང་ཡེ་[ཀྲང་དབྱེ་张掖]དང་ཡུའུ་མེ་[ཡུས་མྱིན་玉门)བཟུང་ན་རྒྱ་འབངས་རྣམས་ཀྱིས་སོ་ནམ་བྱེད་དུ་མི་བཏུབ་པ་འོངས། དེ་ནས་ལོ་ངོ་ལྔ་དྲུག་གི་རྗེས་སུ་ནུབ་ཀྱི་ཡུལ་ཐམས་ཅད་ཁྱེད་ཀྱི་ལག་ནས་འཆོར༑ དེ་བས་ད་ལྟ་ནས་དོན་འདི་ཐག་བཅད་པ་དགའ་ཟེར། དེར་བོད་བློན་དང་རྒྱ་དཔོན་གོའུ་ཡོན་ཡང་གཉིས་ཀས་གོང་མ་ལ་ཕོ་ཉ་རེ་རེ་བཏང་། རྒྱ་དཔོན་གྱིས་ཡི་གེ་ཕུལ་ཏེ་ཞུས་པ་ནི༑ དོན་འདི་གལ་ཆེ་ཞིང་མ་འོངས་པ་ན་ཁེ་ཉེན་གཉིས་ཀ་ཆེ་བས་ཐུགས་བསམ་ལེགས་པར་བཞེས་དགོས། ད་ལྟ་བོད་རྣམས་ཀྱང་རང་རེ་ལ་གྲོགས་ཀྱི་ཚུལ་དུ་གཏམ་བྱེད། འདི་ལ་ཡེ་མ་གསན་ན་རྗེས་སུ་སྐྱོན་ཚད་མེད་ཡོང་། དེས་ན་ད་ལན་ཁོང་རྣམས་ལ་རེ་བ་མི་གཅོད་པའི་ལན་ངང་འཐེན་པ་ཞིག་གསུང་བ་འཐད། བོད་རྣམས་ཏུ་རུ་ཀའི་ཚོ་བཅུ་དང་ནུབ་ཀྱི་ཞིང་བཞི་འཛིན་པའི་འདོད་པ་ཆེ། མཚོ་སྔོན་པོའི་ཉེ་འགྲམ་གྱི་གྲུ་གུའི་ཡུལ་འདི་རང་རེ་ལ་ཕན་ཐོགས་ཆེ། དེས་ན་ལན་གནང་ཚེ། ངེད་རྒྱ་ལ་ཏུ་རུ་ཀ་དང་ནུབ་ཀྱི་ཞིང་བཞི་དགོས་པ་མེད། འོན་ཀྱང་ཡུལ་དེ་དག་ཏུ་དམག་བཞག་པ་དེ་བོད་དམག་སྲུང་བའི་ཆེད་ཙམ་ཡིན། དེས་ན་ད་ཕྱིན་ཆད་ཁྱེད་བོད་རྣམས་ཤར་ཕྱོགས་སུ་གཡུལ་མི་བྱེད་ཅིང་། གྲུ་གུ་རྣམས་ངེད་ཅག་ལ་སྤྲད་ན་ངེད་ཀྱིས་ཀྱང་ཅི་གིན་ཞིང་ཁག་ལྔ་བོད་ལ་སྦྱིན་པས་ཆོག་བྱ་བ་གསུངས་ན་བོད་བློན་ཅིན་ལིན་གྱི་ཞུ་བ་ཡང་དོན་དང་ལྡན་པར་འགྱུར། རྒྱ་བོད་གཉིས་ཀྱི་འབྲེལ་ཡང་མ་ཆད་པར་འགྱུར༑ དེ་མིན་ཏུར་གྱི་ཚོ་བཅུ་དང་ནུབ་ཀྱི་ཞིང་བཞི་སྔར་གོང་མའི་འབངས་སུ་གཏོགས་པ་ལ་ད་གཟོད་བོད་ཀྱི་ལག་ཏུ་སྤྲད་ན་འབངས་རྣམས་ཀྱང་སེམས་ལོག་པ་འོངས། ཕྱིའི་ཡུལ་རྣམས་ལ་མཐུན་འབྲེལ་བྱེད་པའི་ལྡེ་མིག་འདྲ་བ་དེ་བོར་བ་ལགས། གཞན་ཡང་བོད་རྣམས་དམག་ལ་དགའ་བས་ཡུལ་ཁམས་དབུལ་པོར་སོང་། འོན་ཀྱང་(མགར་གྱི་བུ་ཆེ་བ)ཙུན་ལིན་དེ་དམག་འགོ་བྱེད་པའི་འདོད་པ་ཆེ་ཞིང་རང་གི་གོ་ས་དེ་གཞན་སུ་ལ་ཡང་མི་སྤྲོད། རང་རེས་ལོ་ལྟར་བོད་ལ་འདུམ་བྱེད་དུ་ཕོ་ཉ་བཏང་བ་རྣམས་ཀྱང་ཙུན་ལིན་གྱིས་གེགས་བྱས་ཏེ་དོན་འགྲུབ་ཏུ་མ་བཅུག ད་གཟོད་བོད་ཀྱི་གཙོ་བོ་རྣམས་དང་རྒྱལ་བློན་ཀུན་ཁོའི་ཕྱོགས་སུ་དོགས་པ་ཟ་བར་སྣང་། དེའི་རྐྱེན་གྱིས་བོད་དུ་ནང་འཁྲུག་ངེས་པར་ཡོང་། བྱ་བ་ཞུས་པས་རྒྱལ་མོའི་ཐུགས་ལ་ཡང་འབབ་པར་བྱུང་། དེ་ལ་ཙུན་ལིན་འདིས་ལོ་མང་པོའི་ཡུན་བོད་ལ་དབང་བསྒྱུར་ཅིང་རྒྱལ་སྲིད་བསྐྱངས། ཁོང་གི་སྤུན་དམག་དཔོན་དུ་བྱས་ནས་ས་མཚམས་བསྲུངས༑ སྤུན་བཙན་བུ་ནི་རྒྱུན་དུ་ཤར་གྱི་ས་མཚམས་སུ་སྡོད་ཅིང་རྟག་ཏུ་རྒྱ་རྣམས་ལ་གནོད་འཚེ་བྱེད། ཁོང་སྤུན་རྣམས་རིག་པ་བཟང་ཞིང་སྟོབས་ཤུགས་ཆེ་བས་འབངས་རྣམས་སྐྲག་ཅིང་གུས། བོད་ཀྱི་བཙན་པོ་ཅི་ཟི་ནོན་(ཁྲི་འདུས་སྲོང)དེ་ལོ་རྒྱས་པ་ན་རང་ཉིད་ཀྱིས་རྒྱལ་སྲིད་འཛིན་འདོད་དེ་བློ་མ་བདེ་བར་བློན་ལོང་ཡང་[ལོན་ཡན་论岩]དང་ལྷན་དུ་གྲོས་བྱས་ཏེ་(སྱང་འདས་རྗེས་༡༢༤༣)ལོ་ལ་བཙན་པོ་རང་ཉིད་ཙུན་ལིན་གྱི་དམག་སྒར་དུ་བྱོན༑ དེ་ནས་རྔོན་བྱེད་པ་སྐད་དུ་བྱས་ཏེ་ས་ཕྱོགས་མང་པོར་དམག་མི་བཞག དེའི་འོག་ཏུ་ཙུན་ལིན་གྱི་གཉེན་ཚན་(མགར་གྱི་རིགས་)རྣམས་དང་ཕྱོགས་གཏོགས་ཀྱི་མི་ཉིས་སྟོང་བཟུང་སྟེ་ཐམས་ཅད་བསད། ཙུན་ལིན་དང་བཙན་བུ་གཉིས་འབོད་དུ་བཏང་བར་ཁོང་གཉིས་ཀས་མ་ཉན་པས་བོད་རྒྱལ་རང་ཉིད་ཀྱིས་དམག་ཁྲིད་དེ་ཕེབས། འོན་ཀྱང་དམག་འཐབ་མ་དགོས་པར་ཙུན་ལིན་ཕྱོགས་ཀྱི་དམག་རྣམས་བྲོས། ཙུན་ལིན་རང་གིས་རང་ཉིད་བསད་ཅིང་ཁོའི་ཉེ་འཁོར་བའི་མི་བརྒྱ་ཙམ་རང་བསད་བྱས། སྤུན་བཙན་བུས་གུར་ཁག་སྟོང་ཙམ་དང་ཙུན་ལིན་གྱི་བུ་མང་པོ་རྗེ་གུར་ཁག་སྟོང་བདུན་ཁྲིད་དེ་རྒྱ་ཡུལ་དུ་བྲོས། གོང་མས་རང་གི་སྐུ་སྲུང་རྟ་དམག་རྣམས་བསུ་བ་བྱེད་དུ་བཏང་། བཙན་བུ་དང་མང་པོ་རྗེ་གཉིས་ལ་ཝང་གི་གོ་གནས་དང་ལྕགས་ཀྱི་ཡིག་བྱང་བསྩལ། (ལྕགས་བྱང་ཐོབ་ན་ཁྲིམས་ཀྱིས་བསད་མི་ཆོག་སྐད།) བཙན་བུ་རང་གི་དམག་དང་བཅས་པ་ཧེ་ཡུན་[ཧེ་ཡོན་河源]ཕྱོགས་སུ་སྒར་བཏབ་སྟེ་སྡོད་ཅིང་དེ་གར་གྲོངས། གོང་ནས་བོད་སྲུང་བའི་ཕྱིར་བེ་ཡོན་ཅོང་[ཝེ་ཡོན་ཀྲུང་魏元忠]དང་ཐང་ཞི་ཅིན་[ཐང་ཤིའུ་ཅིན་唐休景]གཉིས་ལོན་ཡི་[ལུང་ཡུག་陇 右]ཡུལ་གྱི་དམག་དཔོན་ཆེ་ཆུང་དུ་བསྐོས། (འདས་རྗེས་ཀྱི་ལོ་༡༢༤༤)ལ་བོད་ཀྱི་དམག་དཔོན་ཙི་མང་པོ་རྗེས་དམག་དྲངས་ཏེ་ལན་ཇོ་བཅོམ། རྒྱ་དཔོན་ཐང་ཞི་ཅིན་དེ་ལ་གཡུལ་སྤྲོད་དུ་འགྲོ་ཁར་རང་གི་དམག་རྣམས་ལ་ད་ནི་བོད་རྣམས་འཆི་བའི་དུས་སུ་སླེབས། ཙི་མང་པོ་རྗེ་འདི་དམག་དཔོན་གསར་པ་ཡིན་པས་དམག་ཇུས་ཅི་ཡང་མི་ཤེས། ཁོ་ངེས་པར་ཕམ་པ་བྱེད་དགོས་ཞེས་སྨྲོས་ཏེ་རང་ཉིད་ཀྱིས་མགོ་དྲངས་ནས་བོད་དམག་སྟེང་དུ་རྒྱུགས། ཐང་དྲུག་ལ་གཡུལ་སྤྲད་པར་ཐམས་ཅད་ལ་རྒྱལ་ཁ་ལོན། བོད་དམག་ཉིས་སྟོང་བསད་ཅིང་གོ་རིམ་མེད་པར་ཕྱིར་བྲོས། དེའི་འོག་ཏུ་བོད་ཀྱི་བཙན་པོས་ཕོ་ཉ་ལོན་མི་ཟི་[བློན་མི་བཟའ་论弥萨]བྱ་བ་རྒྱ་ལ་འདུམ་བྱེད་དུ་བཏང་། ཡང་ལོ་དེ་རང་ལ་བཙན་པོ་རང་ཉིད་ཀྱིས་རྟ་དམག་ཁྲི་གཅིག་ཁྲིད་དེ་ཟི་ཅོ་[ཞིས་ཀྲའུ་悉州]བཅོམ་པར་རྒྱ་དཔོན་ཆན་ཏ་ཅིས་[ཁྲེན་ཏ་ཚེ་陈大慈]གཡུལ་ལན་བཞི་སྤྲད་དེ་རྒྱ་རྣམས་རྒྱལ། དེའི་ལོ་རྗེས་མར་བོད་ཀྱི་བཙན་པོས་གོང་དུ་ཕོ་ཉ་བཏང་སྟེ་རྟ་དང་གསེར་ཕུལ་ཅིང་གོང་མའི་སྲས་མོ་ཞིག་ཀྱང་བླངས། དེ་དུས་ལྷོ་ཕྱོགས་ཀྱི་ཡུལ་གྲུ་རྣམས་བོད་ཀྱི་འབངས་སུ་མ་བསྡད་པར་ཁ་གྱེས། (རྒྱ་གར་བྱང་དང་བལ་ཡུལ་སོགས་ཡིན་ནམ་སྙམ། འོན་ཀྱང་བལ་ཡུལ་རྣམས་སྲོང་བཙན་གྱི་སྐུ་ཚེ་སྨད་ཙམ་ན་བོད་ཀྱི་འོག་ནས་ཐར་ཟེར།) དེར་བཙན་པོ་ཙི་ནོ་ཟི་ནོན་རང་ཉིད་དམག་ཁྲིད་དེ་ལྷོ་ཕྱོགས་པ་རྣམས་འདུལ་དུ་གཤེགས་པར་གཡུལ་དུ་གྲོངས། (དེ་སངས་རྒྱས་འདས་ནས་ལོ་༡༢༤༧ཡིན༑)  ཁོང་གི་སྲས་རྣམས་རྒྱལ་ས་སུས་འཛིན་ལ་མ་འཆམས་པར་བོད་བློན་རྣམས་ཀྱིས་ཙི་ལི་སྐུ་བཙན་(ཁྲི་ལྡེ་གཙུག་བཙན)ལོ་བདུན་ལོན་པ་ཞིག་ཁྲི་ལ་བཀོད་དོ། །

ཙི་ལི་སྐུ་བཙན་ནམ་ཅི་ཙི་ཟི་ལོན་ན་བཙན་(ཁྲི་ལྡེ་གཙུག་བཙན)གྱིས་ཡབ་གྲོངས་པའི་འཕྲིན་སྐྱེལ་མཁན་གྱི་ཕོ་ཉ་རྒྱ་ལ་བཏང་། ཡང་བོད་བློན་ཟི་དུང་ཇོ་གུ་[བློན་ཆེན་སྟོན་བཞེར་大论悉董热]བྱ་བ་མངགས་ཏེ་ཀོང་ཇོ་ཞིག་མནའ་མར་བསླངས་པར་གོང་མས་ལན་མ་གནང་། འཛིན་ལོང་གི་ལོ་དང་པོ་(འདས་རྗེས་ཀྱི་ལོ་༡༢༥༡)ལ་བོད་ཀྱི་ཕོ་ཉ་ཞིག་རྒྱ་ལ་སྐྱེས་འབུལ་དུ་བརྫངས། དེ་དུས་མཱན་[蛮]བྱ་བའི་མི་རིགས་ཡོའུ་ཇོའི་[ཡའོ་ཀྲའུ་姚州] ཕྱོགས་སུ་སྡོད་པ་ཞིག་བོད་འབངས་སུ་འདུས་ཏེ་བོད་ཀྱི་དམག་སྣ་འདྲེན་པའི་ལམ་སྟོན་བྱས༑ རྒྱ་དཔོན་ལི་ཇི་གུས་[ལིའི་ཀྲེ་ཀུའུ་李知古]གོང་དུ་སྙན་སྒྲོན་ཕུལ་བ་བཞིན་ཇན་ནན་[ཅན་ནན་剑南]ཕྱོགས་ནས་དམག་བསྐུལ་ཏེ་མཱན་གྱི་རིགས་རྣམས་སླར་རྒྱའི་འོག་ཏུ་ཚུད། ཞིང་ཆེན་དང་རྫོང་ཁག་གི་སྲོལ་བཙུགས་ཏེ་དཔྱ་བཅད། མཱན་གྱི་མགོ་བྱེད་རྣམས་བསད་ཅིང་དེ་དག་གི་བུ་དང་བུ་མོ་རྣམས་རྒྱ་ལ་ཁྲིད། (དེའི་རྐྱེན་གྱིས་)ཅིན་ཡིན་གྱི་ལོ་དང་པོ་(འདས་རྗེས་ཀྱི་༡༢༥༥)མཱན་གྱི་འགོ་བྱེད་རྣམས་བོད་འབངས་སུ་གྱུར། བོད་དམག་གིས་གྲོགས་བྱས་ཏེ་རྒྱ་དཔོན་ལི་ཅི་གུ་གསོན་པོར་བཟུང་ནས་དམར་མཆོད་བྱས་ཏེ་བསད། ཧྲུ་ཧན་[蜀汉]དུ་དམག་དྲངས། དེ་ནས་ཁོང་རྣམས་ཀྱིས་དམག་ཁྲིད་དེ་ཞུ་ཅིན་དང་དཔང་ཅུང་བཟུང་བར་ལིན་ཝུའུ་ཅན་ཅུན་ཡུག་ཐེ་ཡུས་ཧྲིའི་གོ་ས་ཡོད་པའི་རྒྱ་དཔོན་ཐང་རྫིས་ཅན་[ཐང་གྱིག་ཀྲིན་唐九徵]བྱ་བ་དེ་ཡའོ་ཞི་ཏའོ་ཡི་ཐའོ་ཅི་ཧྲི་ལ་བསྐོས་པའི་བཀའ་བསྩལ་པ་བཞིན་ཡོའུ་ཅུ་དང་ཟུན་ཅོ་ནས་དཔུང་བཏེགས་ཏེ་གཡུལ་དུ་ཆས། བོད་དམག་རྣམས་ཀྱིས་ཆུ་བོ་ཡང་ཧེ་[དབྱང་ཆུ་漾河]དང་བེ་ཧེ་[པིས་ཆུ་濞河]གཉིས་ལ་ལྕགས་ཟམ་བཙུགས་ཏེ་མཱན་གྱི་ཕྱོགས་སུ་ལམ་བཟོས། ཡུལ་དེར་གྲོང་བརྩིགས་ཤིང་དམག་སྒར་ཡང་བཞག་ཡོད་པར་རྒྱ་དཔོན་ཐང་རྫིས་ཅན་གྱིས་ལྕགས་ཟམ་བཅད་ཅིང་གྲོང་དེ་ཡང་བརླགས་པར་བྱས། ཡུལ་དེར་འཛིན་ཅིས་[ཏེན་ཁྲེ་滇池]བྱ་བའི་མཚོ་ཞིག་ཡོད་པའི་འགྲམ་དུ་ལྕགས་ཀྱི་ཀ་བ་ཡི་གེ་ཅན་ཞིག་ཀྱང་བཙུགས། མཚོ་དེ་ཡུན་ནན་ཕཱུ་དང་ཐག་མི་རིང་བ་ན་ཡོད༑ དེ་ནས་བོད་ཀྱི་ཕོ་ཉ་འགའ་ཞིག་རྒྱ་ལ་སླེབས། རྒྱ་དཔོན་རྣམས་ཀྱིས་གོང་མ་ལ་བོད་འདི་རྣམས་ཀོང་ཇོ་སློང་བ་དང་རྒྱ་སྐད་སློབ་ཏུ་ཡོང་བར་འདུག་པས་སླར་རང་ཡུལ་དུ་མི་གཏོང་བར་གསོལ་ཞུས་ཀྱང་གོང་མས་དེ་འདྲ་སྲོལ་དང་མི་མཐུན་གསུངས་ནས་གསན་དུ་མ་བཞེད༑ དེའི་ལོ་རྗེས་མར་(འདས་རྗེས་ཀྱི་༡༢༥༥)སླར་བོད་ཀྱི་ཕོ་ཉ་སྐྱེས་དང་བཅས་པ་སླེབས༑ ཀོང་ཇོ་བསླངས་པས་གོང་མས་ལི་ཞའུ་ལིས་[ལི་ཧྲིག་ལི་李守礼]ཀྱི་བུ་མོ་བོད་དུ་བརྫངས༑ མོའི་མིང་ལ་ཛིན་ཆཱན་[ཅིན་ཁྲིན་金城]དུ་བཏགས། བོད་ནས་ཀོང་ཇོ་བསུ་བའི་ཕོ་ཉ་སླེབས། གོང་མས་སྲས་མོ་ལོ་ཆུང་བའི་ཕྱིར་སྙིང་རྗེ་སྟེ་མོ་ལ་དར་ཡུག་ཁྲི་འགའ་ཙམ་དང་༑ ལག་ཤེས་པ་དང་། རོལ་མོ་བྱེད་པའི་མི་དང་བཅས་རྫོང་དུ་གནང་། དམག་དཔོན་ཡན་ཅིས་[དབྱང་ཆུ་杨矩]བོད་དུ་བསྐྱལ། གོང་མ་རང་ཡང་ཞིས་ཕོན་[ཧྲི་ཕྲིན་始平]བར་དུ་བུ་མོ་བསྐྱལ་ནས་ཕེབས། དེར་ཐང་གཅིག་ཏུ་སྟོན་མོ་བཤམས་ཏེ་རྒྱ་དང་བོད་ཀྱི་བློན་པོ་རྣམས་ཚོགས། གོང་མས་བུ་མོ་ལ་གཟིགས་ཏེ་བཤུམ་ཞིང་ཤུགས་རིང་ཕྱུངས། ཞིས་ཕོན་དུ་ཡོད་པའི་བཙོན་པ་རྣམས་ཀྱང་ཐར་བར་མཛད། ཡུལ་དེ་ལ་ལོ་གཅིག་གི་ཁྲལ་ཀྱང་མེད་པར་བྱས༑ སྒར་བཏབ་པའི་ས་མིག་དེ་ལ་ཡང་ཛིན་ཆའན་[ཅིན་ཁྲིན་金城]བྱ་བའི་མིང་བཏགས་(བུ་མོའི་མིང་)སྲས་མོ་བོད་དུ་སླེབས་ནས་གྲོང་ཞིག་བརྩིགས། རྒྱ་དཔོན་ཡ་ཟིས་སླར་ལོག་པར་གོང་ནས་ཞན་ཇོའི་[ཧྲན་ཀྲའུ鄯州]ཞིང་དཔོན་གྱི་གོ་ས་གནང་། དེ་ལྟར་བོད་རྣམས་ཕྱི་ལ་རྒྱའི་གྲོགས་སུ་བྱེད་ཀྱང་ནང་དུ་དགྲ་ཐབས་ཁོ་ན་སེམས། ཁོང་རྣམས་ཀྱིས་རྒྱ་དཔོན་ཡན་ཟིས་ཡུལ་དུ་ལོག་སྐབས་ནོར་གྱི་རྔན་པ་མང་དུ་བྱིན་ནས་གོང་མ་ལ་ཧེ་ཞིས་[ཧི་ཞི་河西]ཕྱོགས་ཀྱི་ས་ཆ་ཙི་ཙི་[གྱིག་ཆུ་九曲]བྱ་བ་དེ་ཀོང་ཇོའི་བཞུགས་ས་ལ་གནང་དགོས་བྱ་བ་ཞུར་བཅུག རྒྱ་དཔོན་གྱིས་ཀྱང་གོང་མ་ལ་དེ་ལྟར་ཞུས་པས་ས་དེ་བོད་ལ་གནང་༑ དེ་ཡང་ཙི་ཙི་ཡུལ་དེ་རྩྭ་ཆུ་བཟང་ཞིང་འབྲོག་ས་ལེགས། རྒྱ་ནག་གི་ཡུལ་དང་ཉེ་བས་ས་དེ་བཟུང་ནས་བོད་དམག་ཤུགས་ཆེར་སྐྱེས། ཁོང་རྣམས་ཡུལ་དེ་ནས་རྒྱ་ནག་གི་ནུབ་ཕྱོགས་ཀྱི་ཞིང་ཆེན་རྣམས་བཅོམ་པའི་ཐབས་བཟང་པོ་འགྲིག

ཁའི་ཡོན་གྱི་[ཁེ་ཡོན开元]ལོ་གཉིས་པ་(འདས་རྗེས་ཀྱི༡༢༥༨)ལ་བོད་བློན་ཕྱུན་ཏ་ཡན་[འབེན་ཏ་ཡན[坌达延]གྱིས་ཧེ་ཡུའུ་[ཧི་ཡོན河源]དུ་རྒྱ་བོད་ཀྱི་ས་མཚམས་གཅོད་པ་དང་། རྒྱ་བོད་འདུམ་བྱེད་པའི་དོན་དུ་རྒྱའི་བློན་ཆེན་རྣམས་ལ་ཡི་གེ་ཞིག་བཏང་། གོང་མའི་བཀའ་བཀོད་བཞིན་བློན་ཆེན་ཡོའུ་ཅོང་[ཡའོ་ཁྲུང姚崇]གིས་དེའི་ཡིག་ལན་བཏང་། དཔོན་ཙེ་ཝང་[ཞེ་ཝན解碗]ཆིངས་ཡིག་བརྩམས་ཤིང་བོད་དུ་འཁྱེར། བོད་ཀྱི་བཙན་པོས་ཀྱང་ཕོ་ཉ་འགའ་ཞིག་ཡི་གེ་སྐྱེལ་དུ་བཏང་། འོན་ཀྱང་དོན་ཐག་མ་ཆོད་པའི་གོང་དུ་བོད་བློན་ཕྱུན་ཏ་ཡན་གྱིས་དམག་འབུམ་གཅིག་འཁྲིད་ནས་ལིན་ཐའོ་[临洮]བཅོམ། ལན་ཇོ་དང་བེའུ་ཇོ་ཡང་བཅོམ་སྟེ་རྒྱའི་རྒྱལ་ཁབ་ཀྱི་རྟ་ཁྱུ་དེར་ཡོད་པ་རྣམས་འཁྱེར། ཞིང་ཆེན་གྱི་དཔོན་པོ་ཡན་ཇིས་འཇིགས་དྲགས་ནས་རང་ཉིད་ལྕེབས། གོང་མ་ཐུགས་ཁྲོས་ཏེ་རང་ཉིད་དམག་དཔོན་དུ་འབྱོར་རྩིས་མཛད་ཅིང་དམག་དཔོན་ཞེ་ན་[ཞོས་ན薛纳]དང་། གོ་ཅི་ཡོན་དང་། ཝང་ཅིན་[ཝང་ཅུན王俊]རྣམས་ཁྲིད་དེ་བོད་ཀྱི་ཐོག་ཏུ་བཏང་། འོན་ཀྱང་ལོ་དེ་ལ་བོད་དམག་གིས་སླར་ཡང་བེ་ཡོའུ་བན་བཅོམ་ཞིང་ཏ་ལཱའི་གུ་བྱ་བའི་སར་དམག་འབུམ་གཅིག་གི་གུར་བཏབ་སྟེ་བསྡད། དེར་དམག་དཔོན་ཝང་ཅིན་གྱིས་བོའུ་ཙེའི་[ཝུའུ་ཅེ武阶]ཡུལ་དུ་བོད་དང་གཡུལ་སྤྲད་ནས་བོད་ཁྲི་གཅིག་དང་སྟོང་བདུན་ཙམ་བསད། བ་ཕྱུགས་འབུམ་གཉིས་འཕྲོགས། བོད་རྣམས་ཐོའུ་ཞིའི་[ཐའོ་ཧྲོས洮水]བར་དུ་དེད་དེ་དེར་སླར་ཡང་དམག་ལན་གཉིས་པ་སྤྲད། གཡུལ་དེའི་ནང་དུ་དམག་དཔོན་གྱི་བུ་བཱང་ཕན་དང་། བང་ཧེ་པིན[ཝང་ཧེ་པིན王海宾]གཉིས་ཀས་སྲོག་བློས་བཏང་། བོད་དམག་རྣམས་ཕམ་ནས་གོ་རིམ་མེད་པར་གཅིག་གིས་གཅིག་སྒྱེལ་བཞིན་ཕྱིར་བྲོས། ཐོའུ་ཤིའི་ཆུ་བོ་མི་རོས་ཁེངས་པ་བྱུང་། གོང་མ་རང་ཉིད་དམག་ཏུ་མ་བྱོན་པར་རྒྱ་དཔོན་ཉི་ཞོ་ཞིས་[ཉི་རོ་ཧྲོས倪若水]བྱ་བ་རོ་རྣམས་ས་ལ་སྦ་བ་དང་དམག་གི་གནས་ཚུལ་དྲི་བའི་ཕྱིར་བཏང་། ཡུལ་གྱི་དཔོན་རྣམས་ལ་བོད་དམག་རྣམས་ཀྱི་རོ་ས་ལ་སྦ་དགོས་པའི་བཀའ་ཕབ། དེ་དུས་བློན་རྣམས་ཀྱིས་གོང་མ་ལ་སྔོན་གྱི་དུས་སུ་རྨ་ཆུ་འདི་རྒྱ་བོད་ཀྱི་ས་མཚམས་ཡིན། ཀོང་ཇོ་ཕེབས་པའི་དོན་དུ་ཆུ་དེ་ལ་ཟམ་པ་བཙུགས་ནས་གྲོང་བཏབ། ཏུ་ཧྲན་[ཏུའུ་ཧྲན独山]དང་། རྫི་ཅི་[གྱིག་ཆུ九曲]བྱ་བའི་མཁར་གཉིས་ཀྱང་བརྩིགས། འོན་ཀྱང་དེང་སང་བོད་རྣམས་ཀྱིས་སྔ་མའི་ཆིངས་ཡིག་དང་འགལ་བར་བྱས་པས་ད་ཟམ་པ་དེ་བཅད་ནས་སྔར་བཞིན་རྨ་ཆུ་འདི་རྒྱ་བོད་ཀྱི་ས་མཚམས་བྱེད་དགོས་ཞུས་པས་གོང་མའི་ཐུགས་ལ་ཡང་བབས། དེ་ནས་རྒྱ་དཔོན་ཡོའུ་ཅི་དཔེ་[ཝེ་ཧྲི་ཧྭོན尉迟环]བྱ་བ་ཀོང་ཇོ་ལ་བལྟ་བའི་ཕྱིར་བོད་དུ་བཏང་། བོད་དམག་གིས་ལོ་རེ་བཞིན་རྒྱ་ཡུལ་རྣམས་བཅོམ་པར་བརྟེན་དམག་དཔོན་གོ་ཅི་ཡུན་[ཀོ་ཀྲེ་ཡུན་郭知运]དང་། བང་ཅིན་ཡི་[ཝང་ཅུན་ཕྲོ་王君臭]གཉིས་རྒྱ་བོད་ཀྱི་ས་མཚམས་བསྲུང་བའི་དཔོན་དུ་བསྐོས་ཏེ་ལོང་ཡུའུ་[ལུང་ཡུག陇右]དང་། ཧེ་ཞིའི་[ཧི་ཞིའི河西]  ཡུལ་དུ་བསྡད་དོ། །

སངས་རྒྱས་འདས་རྗེས་ཀྱི་ལོ་༡༢༩༢ལ་བོད་ཀྱི་བཙན་པོས་ཏོ་ཞུའི་[ཐའོ་ཧྲོས་洮水] ཡུལ་དུ་བོད་དམག་ཤི་བ་རྣམས་ལ་མཆོད་པ་འབུལ་བ་དང་རྒྱ་དང་འདུམ་གྱི་གྲོས་བྱེད་པའི་དོན་དུ་བློན་ཙུན་པོ་བྱ་བ་བཏང་། བོད་ཀྱི་བཙན་པོ་ང་རྒྱལ་ཆེར་སྐྱེས་ཏེ་བོད་དང་རྒྱའི་རྒྱལ་ཁབ་གཉིས་འདྲ་མཉམ་བྱེད་འདོད་བྱུང་ཞིང་ཆིངས་སྒྲུབ་ཚེ་རྒྱའི་གོང་མ་དང་བོད་ཀྱི་བཙན་པོ་གཉིས་ཀའི་མིང་ཡིག་སྟེང་དུ་འགོད་པ་དང་བློན་པོ་རྣམས་ཀྱི་ལག་རྟགས་འདེབས་དགོས་པ་ཞུས། བོད་རྒྱལ་གྱིས་ཚིག་རྩུབ་ཅིང་ང་རྒྱལ་གྱིས་བྲིས་པ་དེའི་རྐྱེན་གྱིས་བོད་ཀྱི་ཕོ་ཉ་ལིན་ཐའོ་ལ་སླེབས་ནས་རྒྱའི་སར་མ་བཏང་། འོན་ཀྱང་ཀོང་ཇོ་ཛིན་ཆཱན་[ཅིན་ཁྲིན་ཆི金城]གྱིས་ཀྱང་བོད་རྒྱ་གྲོགས་སུ་བྱས་ནས་ཆིངས་ཡིག་སྒྲུབ་དགོས་པ་དང་བོད་རྗེའི་འདོད་པ་བཞིན་མནའ་བཅད་པའི་ཆིངས་ཡིག་རྣམས་རྡོ་རིང་ལ་བརྐོ་དགོས་པའི་ཞུ་བ་ཕུལ།

སླར་ཡང་བོད་རྒྱལ་གྱིས་གོང་མའི་ཕོ་བྲང་དུ་ཕོ་ཉ་ཞིག་བཏང་སྟེ་ཡི་གེ་ཕུལ་བ་ནི། སྔོན་རྒྱ་རྗེ་ཞེ་ཧིས་[ཞོ་ཧི་孝和]མནའ་བསྐྱལ་ཏེ། དེ་དུས་རྒྱའི་བློན་པོ་དེའུ་ལུ་ཅིན་ཝང་[ཏིའུ་ལུའུ་ཆིན་ཝང་豆卢钦望]བེ་ཡོའུན་ཇོང་[ཝེ་ཡོན་ཀྲུང་魏元忠]ལི་ཅོ་[ལི་ཆོའོ་李峤]ཅི་ཇོའུ་ནོ་[ཅི་ཁྲུའུ་ནཱ་纪处纳]སོགས་ཁྱོན་བསྡོམས་རྒྱའི་ཕྱོགས་ནས་མི་ཉེར་ལྔ། བོད་ཀྱི་ཕྱོགས་ནས་བཙན་པོ་རང་ཉིད་དང་། བློན་ཆེན་རྣམས་ཀྱིས་མནའ་བསྐྱལ། གོང་མ་དེ་གཤེགས་ཏེ་ལྷ་སྲས་གསར་པ་ཁྲི་ལ་བཞུགས་པར་ཡང་སྔར་ལྟར་མཐུན་ལམ་གྱི་ཡི་གེ་གསར་བསྒྲུབ་བྱས། དེ་ནས་རྒྱའི་བློན་པོ་རྡོ་རིང་ལ་ཆིངས་ཡིག་བརྐོས་ཏེ་མནའ་སྐྱེལ་མཁན་ཐམས་ཅད་གྲོངས་ནས་དེང་སང་གི་བློན་རྣམས་ཀྱིས་ཆིངས་ཡིག་ལ་རྩིས་གདབ་མ་བྱས། དེས་ན་སླར་ཡང་མནའ་གཅོད་དགོས་བསམ་སྟེ་ངས་ཕོ་ཉ་བདུན་ཙམ་བཏང་ཡང་ཁྱེད་ཀྱི་ཕྱོགས་ནས་ཁས་ལེན་གྱི་གསལ་ཁ་མ་བྱུང་། དེར་མ་ཟད་ཁྱེད་ཀྱི་དམག་དཔོན་རྫན་ཟུན་པིའོ་[ཀྲང་ཞོན་པིའོ་张玄表]དང་། ལི་ཇི་གུ་[ལི་ཀྲི་ཀུའུ李知古]གཉིས་ཀྱིས་དམག་ཁྲིད་དེ་གོང་མ་ཁྱེད་ཀྱི་ཚ་བོའི་ཡུལ་ཁམས་སུ་ཁྲེལ་མེད་ཀྱི་ལས་བྱས། དེའི་ཕྱིར་ཁྱེད་ཀྱི་ཚ་བོ་ང་ཡང་མནའ་བཅག་ནས་དམག་བསྐུལ་དགོས་པ་བྱུང་།

ད་ལྟ་གལ་ཏེ་ངའི་ཞང་པོ་གོང་མ་ཁྱེད་མཐུན་ལམ་ཆིངས་ཡིག་སྒྲུབ་བཞེད་ཡོད་ན་ཁྱེད་ཀྱི་ཚ་བོ་བོད་རྗེ་ང་ཡང་དེ་ལྟར་སྒྲུབ་ཡོང་། འོན་ཀྱང་མནའ་གསར་པ་སྐྱེལ་དགོས། ཁྱེད་ཀྱི་ཚ་བོ་ང་ནི་རང་གི་འབངས་རྣམས་ལ་བདེ་འཇམ་དུ་སྐྱོང་བའི་བསམ་པ་མ་གཏོགས་མེད། ངའི་ཞང་པོ་གོང་མ་ཁྱེད་ཀྱང་ཆིངས་ཡིག་སྒྲུབ་བཞེད་པར་གོར་མ་ཆག་མོད་ཀྱང་། འོན་ཀྱང་ཁྱེད་ཞང་པོའི་ཐུགས་ལ་གང་ཡོད་ང་ཚ་བོ་ལ་མི་གསུངས་པ་དེ་ལ་དགོས་པ་ཅི་ཡོད། ངེད་ཀྱིས་བྱས་པ་འདི་ལ་དམག་བསྐུལ་བ་ཡིན་ཞེས་ནག་འགེལ་རྒྱུ་ཡང་མེད། འདི་ནི་དམག་རྙིང་པའི་ཚབ་ཏུ་དམག་གསར་པ་བཏང་བ་ཙམ་ཡིན། སྔོན་བྷའི་ཞུའི་[པེ་ཧྲོས白水]ཡུལ་བར་དུ་རྒྱ་བོད་ཀྱི་ས་མཚམས་སྟོང་པར་བཞག་ཡོད་པ་ལ་དེང་སང་གོང་མའི་དམག་དཔོན་གོའུ་ཡོའུ་ཅན་གྱིས་དེར་ཡུལ་དམག་སྡོད་དུ་བཅུག་ཅིང་གྲོང་བཏབ། དེའི་ཕྱིར་གོང་མའི་ཚ་བོ་ངས་ཀྱང་དེར་གྲོང་ཞིག་བཏབ་པ་ཡིན། རྒྱུ་མཚན་དམག་མེད་དུས་སུ་ཕོ་ཉ་འགྲོ་བ་རྣམས་ལ་བསུ་སྐྱེལ་བྱེད་པ་དང་། དམག་བྱུང་ན་ས་མཚམས་བསྲུང་བའི་ཆེད་དུ་ཡིན། ངའི་ཞང་པོ་གོང་མ་ཁྱེད་གྲུ་གུའི་རྒྱལ་པོ་(ངེད་ཀྱི་དགྲ)གུ་ཅོ་ལུའུ་[ཀོ་ཏོ་ལོའུ骨咄禄]ལ་གཉེན་སྡེབ་པའི་ཉིན་མོ་དེ་ནས་བཟུང་ཁྱེད་ཀྱི་ཚ་བོ་བདག་གིས་ཀྱང་སྔར་གྱི་མཐུན་ལམ་མེད་པ་དང་འདྲ་བར་བརྩིས་པ་ཡིན། བྱ་བ་ཕུལ། ཡི་གེ་དང་ལྷན་དུ་བོད་རྒྱལ་གྱིས་རིན་པོ་ཆེའི་སྣོད་ལ་སོགས་པ་གོང་མ་ལ་སྐྱེས་སུ་ཕུལ། གོང་མའི་གསུང་གིས་སྔར་མཐུན་ལམ་གྱི་ཡི་གེ་སྒྲུབ། དེས་ན་སྔོན་གྱི་གནའ་ལ་བརྩི་དགོས་པ་ཡིན་གྱི་མནའ་གསར་པ་སྐྱེལ་བའི་དགོས་པ་མེད་ཅེས་ཕེབས། བོད་ཀྱི་ཕོ་ཉ་ལ་ལུགས་སྲོལ་བཞིན་མཇལ་འཕྲད་གནང་ཞིང་རང་གི་ཡུལ་དུ་བཏང་། བཙན་པོ་ལ་ཡང་སྐྱེས་སྣ་ཚོགས་བསྐུར། དེ་དུས་ནས་བོད་རྣམས་ལོ་རེ་བཞིན་རྒྱ་ལ་སྐྱེས་བརྫངས་ཤིང་རྒྱའི་ཡུལ་ཡང་མ་བཅོམ་པ་བྱས་སོ། །

ཁའི་ཡོན་ལོ་བཅུ་པ་(སངས་རྒྱས་མྱ་ངན་འདས་ནས་ལོ་༡༢༦༦བབས་པ་ན་)བོད་དམག་གིས་བོའུ་ལི་[པའོ་ལི་勃律]ཆུང་བ་བཅོམ། བོའུ་ལིའི་རྒྱལ་པོ་མོའུ་ཇིན་མན་[མོ་ཅིན་མཱང་没谨陀]གྱིས་ལི་ཡུལ་ན་སྡོད་པའི་རྒྱའི་སྐུ་ཚབ་ཙཱང་ཞོ་ཟིན་[ཀྲང་ཞའོ་སུང་张孝嵩]ལ་ཡི་གེ་བཏང་སྟེ་བོའུ་ལིའི་ཡུལ་འདི་རྒྱ་ཡུལ་ནུབ་ཕྱོགས་ཀྱི་ལྡེ་མིག་ལྟ་བུ་ཡིན། ཡུལ་འདི་ཤོར་ན་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་བོད་འབངས་སུ་འགྱུར་བས་དགོངས་པ་ལེགས་པར་བཞེས་བྱ་བ་སྨྲས་པར་སྐུ་ཚབ་ཀྱིས་ཀྱང་མཉན་ཏེ་(བོའུ་ལི་ལ་དེང་སང་ཀ་ཤི་གྷར་དུ་འབོད་)གྲོངས་ནས་རང་གི་གྲོགས་པོ་ཙཱང་ཟི་ལི་[ཀྲང་སི་ལི་张思礼]དང་རྟ་དམག་རྐང་དམག་བསྡོམས་པ་སྟོང་བཞི་དང་བཅས་བོའུ་ལིའི་རྒྱལ་པོའི་གྲོགས་སུ་བཏང་། ཁོང་རྣམས་བསྡེབས་ནས་བོད་ཀྱི་མདུན་རྒྱབ་གཉིས་ཀ་ནས་དམག་བརྒྱབ་པས་བོད་ཁྲི་ཕྲག་འགའ་ཙམ་བསད་ཅིང་ཡོ་བྱད་དང་བ་ཕྱུགས་མང་པོ་ཐོབ། གྲོང་ཁྱེར་དགུའི་ས་ཆ་ཕྱིར་བླངས༑ དེ་དུས་བོའུ་ལིའི་རྒྱལ་པོ་གོང་མ་དང་མཇལ་ནས་ཕ་དང་བུ་བཞིན་གྱུར། ཁོང་སླར་རང་ཡུལ་དུ་ལོག་སྟེ་དམག་གསར་པ་བསྡུས་ནས་ལོ་ལྟར་བོད་ཀྱི་གདོང་དུ་འཐབ། བོད་རྣམས་ན་རེ། ཁྱེད་རྣམས་ངེད་ཅག་གི་དམག་རྒྱ་ཕྱོགས་སུ་འཁྲིའི་<འཁྲིད་པའི>ལམ་བཏང་ན་རང་རེ་དམག་བྱེད་པའི་དོན་མེད་ཅེས་ཡང་ཡང་སྨྲས། བོད་རྣམས་རང་གི་སྟོབས་ཤུགས་ཀྱིས་ང་རྒྱལ་ཆེར་སྐྱེས་ནས་གོང་མ་ལ་འདྲ་མཉམ་དུ་བརྩིས་ཏེ་ཞེ་ས་མེད་པའི་ཡི་གེ་རྣམས་བཏང་བར་གོང་མ་ཡང་ཐུགས་མ་མཉེས། བློན་ཇང་ཡུ་ནས་བོད་དང་འདུམ་བྱེད་པའི་སྙན་སྒྲོན་ཕུལ་ཏེ་བོད་འདི་རྣམས་ལུགས་སྲོལ་མེད་པའི་ལས་མང་དུ་བྱས་པ་ལ་བསམ་ན་གཡུལ་སྤྲོད་དགོས་པའི་འོས་ཡིན་ཀྱང་ལོ་ངོ་བཅུའི་རིང་ལ་དམག་བྱུང་བའི་རྐྱེན་གྱིས་ཀན་ཇོ། ལན་ཇོ༑ ཧེ་ཅོ། ཧྲན་ཅོའི་ཡུལ་རྣམས་དབུལ་པོར་གྱུར་པས་དེས་ན་རེ་ཞིག་བོད་དང་མཐུན་ལམ་བྱེད་པ་ཙམ་འཐད་ཅེས་ཞུས་པར་གོང་མས་ཀྱང་། འོ་ན་ངས་བློན་ཆེན་ཝང་ཟིན་བོན་དང་གྲོས་བྱས་ནས་ལན་སྟེར་གསུངས། དེ་ལ་ཝང་ཟིན་བོན་ནི་དབང་ཆེ་བ་དང་། རྣམ་དཔྱོད་མེད་པ་དང་གྲགས་པ་ལ་རྔམ་པའི་རྐྱེན་གྱིས་ཞི་བའི་གྲོས་དེ་ལ་མཉན་དུ་མ་འདོད། དེ་དུས་རྒྱ་ལ་ལོ་ཤས་དམག་མེད་པའི་རྐྱེན་གྱིས་ཝང་ཟིན་བོན་གོང་མའི་དྲུང་དུ་ཕྱིན་ཏེ་བོད་ལ་དམག་བྱེད་པའི་གནང་བ་ཞུས་ཤིང་། ཞོན་ཙུང་ལོ་བཅུ་གཉིས་(སངས་རྒྱས་འདས་ནས་༡༢༦༨)ལོ་ལ་གཡུལ་སྤྲད་ནས་བོད་རྣམས་ཕམ་པར་བྱས། དམག་མགོ་འདུད་པ་རྣམས་ཕོ་བྲང་བར་དུ་ཁྲིད། དེའི་ལོ་གཉིས་པ་(འདས་རྗེས་ཀྱི་༡༢༧༠)ལ་བོད་བློན་ཟི་ཞོ་ལོས། [སྟག་སྒྲ་悉诺罗]ཏེའུ་པ་ཏཱ་གུར་[ཏ་ཏིག་པ་ཀུའི་大斗拔谷]བཅོམ་ཞིང་དེའི་རྗེས་སུ་ཀན་ཇོའི་ཕྱོགས་ཀྱི་ཧེ་ཞན་ཟི་[火鄉聚]ཡང་བཅོམ་(ཀན་ཇོ་བཅོམ་སྟེ་དུད་ཚང་མེ་ལ་བསྲེགས་)དེ་ལ་ཝང་ཟིན་བོན་ནི་དམག་འཐབ་པ་མ་བྱུང་། ལོ་རྗེས་མའི་འགོ་ལ་ཁ་བ་ཆེན་པོ་བབས་པས་བོད་རྣམས་གྲང་བས་མ་ཚུགས་པར་ཛི་ཞི་ཟིན་[ཅི་ཧྲི་ཅུན་积石军]ལ་སོང་། དེ་ནས་ནུབ་ལམ་བརྒྱུད་དེ་རང་སར་ལོག རྒྱ་དཔོན་གྱིས་བཏང་བའི་ཉུལ་མ་རྣམས་ཀྱིས་རྩྭ་ལ་མེ་བརྒྱབ་སྟེ་མེད་པར་བྱས་པས་བོད་བློན་གྱི་དཔུང་རྣམས་ཏ་ཕྷེ་ཆོན་[ཏ་ཧྥེ་ཁྲོན་大非川]དུ་སྒར་བཏབ་ཚེ་རྩྭ་མེད་ནས་རྟ་ཕྱེད་ཙམ་ལྟོགས་ཤིར་སོང་། དེ་ནས་ཝང་ཟིན་བོན་དང་དཔོན་ཛང་ཛིན་ཞོན་གཉིས་གྲོས་བྱས་ཏེ་བོད་དམག་གི་རྗེས་འདེད་དུ་སོང་། མཚོ་སྔོན་པོའི་ནུབ་འགྲམ་དུ་སླེབས་པ་ན་མཚོ་ལ་དར་ཆགས་པར་རིག་ནས་དམག་རྣམས་མཚོ་དར་གྱི་སྟེང་ནས་ཕར་འགྲམ་དུ་སླེབས། དེ་ཙ་ན་བོད་ཀྱི་ཁལ་མ་དང་ནད་པ་རྣམས་མཚོ་འགྲམ་དུ་ལུས་པ་ཙམ་ལས་དམག་རྣམས་ནི་ཏཱ་ཕྷེ་ཆོན་གྱི་ལ་བརྒལ་ཏེ་སོང་ཟིན། དེའི་རྗེས་སུ་བོད་ཀྱི་དམག་དཔོན་ཟི་ཞེ་ལུ་གོའུ་དང་ཇོ་ལང་མང་པོ་རྗེ་[ཧྲུའུ་ལོང་མང་པོ་རྗེ་烛龙莽布支]རྣམས་ཀྱིས་གྲོང་ཁྱེར་ཀྭ་ཅོ་[བཀྭའ་ཀྲའུ་瓜州]བཟུང་ཞིང་ལྕགས་རི་བཤིག   ཡུལ་དེར་ཞིང་ཆེན་གྱི་དཔོན་པོ་ཅཱན་ཡོན་ཟན་[ཐེན་ཡོན་ཞན་田元献]དང་དམག་དཔོན་ཝང་ཟིན་བོན་གྱི་ཕ་གོན་གཉིས་སྡོད་པ་བཟུང་ནས་འཁྱེར། དེའི་འོག་ཏུ་ཡུའུ་མིན་རྫིན་[ཡུས་མིན་ཅུན་ 玉门军]བཅོམ་སྟེ་ཇང་ལེ་[ཁྲང་ལི་常乐lམཁར་བསྐོར་ཀྱང་ལེན་མ་ནུས་པར་ཕྱིར་ལོག་སྟེ་ཨ་ཟི་[ཨན་ཞི安西]བཅོམ། འོན་ཀྱང་དཔོན་ཇོ་སིན་ཇིས་[ཀྲའོ་ཡུ་ཀྲིན་赵颐贞]འཐབ་སྟེ་བོད་རྣམས་ཕྱིར་ལོག དེ་དུས་དམག་དཔོན་ཝང་ཇིན་བོན་ཧོར་གྱིས་བསད་པས་རྒྱ་ནག་གི་རྣམ་པར་རྒྱལ་བ་ཚར། ཁོང་གི་ཚབ་ཏུ་དཔོན་ཞའོ་ཟིན[ཞའོ་སུང་肖嵩]བཏང་ཞིང་དཔོན་ཇང་ཞོ་ཀེ་[ཀྲང་ཧྲའུ་ཀོས་张守珪]ཀྭ་ཅོ་ལ་བཏང་། དཔོན་དེས་ཀྭ་ཅོ་ལ་སའི་ལྕགས་རི་བསྐོར་བའི་ཚེ་བོད་བློན་ཟི་བི་ལང་གློ་བུར་དུ་སླེབས་ཀྱང་གཡུལ་སྤྲད་དེ་བོད་དམག་ཕྱིར་ལོག དེའི་རྗེས་ཙཱང་ཞོ་གེས་བོད་ཕྱོགས་སུ་ཉུལ་མ་བཏང་སྟེ་བོད་བློན་ཟིན་ཞོ་ལོ་[སྟག་སྒྲ་悉诺罗]རྒྱ་ནག་དང་ལྐོག་ཏུ་མཐུན་ཅིང་གྲོས་ངན་བཤམས་སོ་བྱ་བའི་གཏམ་ངན་སྒྲོགས་སུ་བཅུག་པས་བཙན་པོས་གཏམ་དེ་ཐོས་ཏེ་བདེན་པར་བསམ་ནས་བློན་པོ་ཁྲིམས་ཀྱིས་བསད། དེ་ནས་བོད་ཀྱི་སྟོབས་ཉམས། ཤན་ཇོ་ཞིང་ཆེན་གྱི་དཔོན་ཙཱང་ཅི་ལིན་[ཀྲང་ཀྲི་ལེང་张志亮]གྱིས་མཚོ་སྔོན་པོའི་ནུབ་ཏུ་བོད་དང་འཐབ། ཏ་མོ་མཱན་[ཏ་མོ་མིན་大莫门]བཅོམ་ཞིང་ཏ་ཞོ་ཅའོ་[ཐའོ་ཐ་ཟམ་པ་橐它桥]མེ་ལ་བསྲེགས། (འདས་རྗེས་ཀྱི་༡༢༧༢)ལོ་ལ་ལུང་ཡི་ཞིང་གི་དམག་བདག་ཏའོ་པིན་ཀེས་[ཏུའུ་པིན་ཁེ་杜宾客]མདའ་པ་སྟོང་བཞི་ཁྲིད་དེ་ལན་ཅན་[ཆི་ལེན་祁连]དུ་བོད་དམག་ཕམ་པར་བྱས་ཤིང་བོད་ཀྱི་དམག་དཔོན་གྱི་ལས་གྲོགས་དང་དམག་སྟོང་ལྔ་ཙམ་བསད། བོད་རྣམས་སེམས་ཕམ་དྲགས་ཏེ་ངུ་བཞིན་དུ་རི་ལ་བྲོས༑ ལོ་རྗེས་མར་ཙཱང་ཞོ་ཀེ་[ཀྲང་ཧྲའུ་ཀོས་张守珪]ནས་ཨི་ཇོ་དང་ཤ་ཇོའི་ཡུལ་དམག་ཁྲིད་དེ་བོད་ཀྱི་མཁར་ཏ་ཏོང་འཛིན་[ཏ་ཐུང་ཅུན་大同军]བྱ་བ་བཟུང་། བོད་དམག་གིས་རྒྱ་མཁར་ཞི་ཕུ་ཆེན་བཟུང་ནས་གྲོང་དེར་དམག་སྒར་བཏབ། རྨ་ཆུའི་གཡས་འགྲམ་དུ་འཁྲུག་པ་བྱེད་པ་ལས་གོང་མའི་གསུང་གིས་དཔོན་ལི་ཝེ་ལ་ས་དེ་སླར་ལེན་དགོས་ཚུལ་བྱུང་། དེ་ཡང་ས་མཚམས་ཀྱི་དཔོན་རྣམས་ཀྱིས་ཡུལ་དེ་ཐག་རིང་དྲགས་པའི་རྒྱུ་མཚན་གྱིས་དམག་ལས་དང་དུ་མ་བླངས་པར་ལུས་ཡོད་པ་དཔོན་ལི་བེ་[ལི་ཝི་李韦]ལོང་ཟིས་དམག་ཁྲིད་དེ་ཞི་ཕུ་[ཧི་པའོ་石堡]ལེན་གྱི་མཁར་སླར་བཟུང་ཞིང་དེར་ཅན་བོའུ་ཇིན་[ཀྲིན་ཝུན་ཅུན་振 武军]བྱ་བའི་གྲོང་ཁྱེར་བཏབ། རི་ལ་མེལ་ཚེ་བྱེད་པའི་དམག་བཞག བོད་མགོ་འདུད་པ་རྣམས་གོང་མའི་ཕོ་བྲང་དུ་ཁྱེར། དེའི་རྗེས་སུ་བོད་ཀྱི་བློན་པོ་རལ་གྲི་ཅན་ཞང་གུ་བྱ་བ་ལ་བཙན་པོའི་བཀའ་བྱུང་སྟེ་རྒྱ་མཚམས་ཀྱི་བློན་རྣམས་ལ་ཡི་གེ་བཏང་ནས་རྗེ་བཙན་པོས་ཁྲི་དཔོན་བློན་མཱན་ཅོ་(མང་པོ་རྗེ་)དང་བློན་ལི་ཇོ་མདུན་དུ་བོས་ཏེ་གསུངས་པ། སྔོན་བོད་རྒྱའི་ཁབ་གཉིས་མཐུན་ཞིང་ཞང་ཚའི་ཚུལ་བཞིན་བསྡད། དེ་ནས་འཇང་དང་ཏང་གྱང་གི་སྐོར་ལ་བརྟེན་ཏེ་རྒྱ་བོད་ཀྱི་འབྲེལ་ཆད། ངེད་ནི་འཇང་གིས་སྨྲས་པ་ལ་མཉན་གྱིན་མེད། གོང་མས་ཀྱང་མི་གསན་དུ་གསོལ། རྒྱའི་བློན་རྣམས་ཀྱིས་ཆིངས་སྒྲིག་པའི་ཕྱིར་བཀའ་ཤོག་དང་བཅས་པའི་ཕོ་ཉ་ཞིག་གཏོང་བར་འཚལ། བྱ་བ་སྨྲས། ལི་ཝང་དང་དམག་དཔོན་ཕྱུ་བེ་མིང་གིས་གོང་མ་ལ་དེ་ལྟར་ཞུས་པས་གོང་མས་ང་ལ་སྔར་བོད་ཀྱི་བཙན་པོས་ང་རྒྱལ་གྱིས་བརྙས་པ་དང་བཅས་པའི་ཡི་གེ་བཏང་བ་རྣམས་བརྗེད་པར་མི་ནུས། ཆིངས་སྒྲིག་བྱེད་དགོས་མེད། བཙན་པོ་དེ་བརླག་པའི་ཐབས་བྱེད་རྒྱུ་ཡིན་གསུངས་ནས་ཞུ་བ་ལ་གསན་དུ་མ་བཞེད། ཕྱུ་བེ་མིང་གིས་སླར་གོང་མ་ལ་ཞུས་པ། གོང་མ་ཐུགས་མད། འོན་ཀྱང་སྔོན་བོད་ཀྱི་བཙན་པོ་ལོ་གཞོན་པ་དང་། བོད་ཀྱི་སོ་བློན་རྣམས་གཡུལ་ལ་དགའ་བའི་རྐྱེན་གྱིས་གོང་མའི་ཐུགས་དཀྲུགས་པའི་ཐབས་བྱས་པ་རེད། དེའི་རྐྱེན་གྱིས་རྒྱ་བོད་མཚམས་སུ་དམག་བྱུང་། དམག་བྱུང་བ་ན་དཔོན་རྣམས་རྒྱལ་སྲིད་ཀྱི་བང་མཛོད་ནས་དངུལ་རྐུན་མ་བརྐུ། དམག་བསད་པའི་གྲངས་རྣམས་གསང་སྟེ་གོང་མ་ལ་ཞུ་བ་བརྫུན་མ་དག་འབུལ། གོང་མ་ཡང་དེ་ལ་ཐུགས་དགྱེས་ནས་ཁོང་རྣམས་ལ་དོན་མེད་པའི་ཆོ་ལོ་གནང་སྦྱིན་བྱེད། ད་ལྟ་ཡུལ་ཧེ་ཞིས་དང་ལོས་ཡུའུ་གཉིས་ཤིན་ཏུ་ཉམས་ཤིང་རྒུད། དེས་ན་གོང་མས་འཛིན་ཅཱན་ཀོང་ཇོ་ལ་ཡི་གེ་གནང་ནས་བཙན་པོ་དང་ཆིངས་སྒྲིག་མཛད་པར་འཐད། དེ་བྱུང་ན་གོང་མའི་འབངས་རྣམས་བདེ་ཞིང་ས་མཚམས་ཀྱི་གཡུལ་འཁྲུགས་ཞི། གོང་མ་འདི་ལ་གསན་འཚལ། བྱ་བ་ཞུས། (མྱ་ངན་འདས་རྗེས་ཀྱི་ལོ་༡༢༧༤པར)དམག་དཔོན་ཕྱུ་བེ་མིང་[ཝེ་མེན་惟明]དང་ཉུག་རུམ་པ་འཇང་ཡོན་ཕྷན་[ཀྲང་ཡོན་ཧྥང་张元方]ལ་གོང་མའི་བཀའ་བྱུང་ནས་བཙན་པོ་ལ་སྐྱེས་དང་ཀོང་ཇོ་ལ་ཕྱག་ཡིག་བཅས་བོད་དུ་བརྫངས། ཕྱུ་བེ་མིན་བཙན་པོ་དང་མཇལ་ནས་གོང་མའི་ཐུགས་དགོངས་ཅི་ལྟར་ཡིན་ཚུལ་ཞུས་པས་བཙན་པོ་དགྱེས་པ་ཚད་མེད་བྱུང་། སྔར་གོང་མས་རང་ལ་གནང་བའི་ཡི་གེ་རྣམས་དང་། ཆིངས་ཡིག་བླངས་ཏེ་རྒྱའི་ཕོ་ཉ་ལ་བསྟན། སྐྱེས་དང་གནང་སྦྱིན་ཆེན་པོ་བསྩལ། ཕོ་ཉ་དང་ལྷན་དུ་བོད་བློན་མིན་ཟི་ལུ་[མཱེ་ཞི་ལེ་名悉胳]བཏང་སྟེ་གོང་དུ་ཡི་གེ་ཕུལ་བར། གནམ་དུ་གཤེགས་པའི་གོང་མ་དང་ཚ་བོ་ང་གཉེན་འབྲེལ་བྱས། འོན་ཀྱང་དཔོན་ཇན་ཞོ་པིའོ་དང་ལི་ཅི་གུ་གཉིས་དམག་ཁྲིད་དེ་ངེད་གཉིས་ཀྱི་བར་དུ་བཀའ་འཁོན་བྱུང་། ཚ་བོ་ང་ནི་ཅི་ལ་ཐུག་ཀྱང་ཝིན་ཅཱན་ཀོང་ཇོ་[རྒྱ་བཟའ་སྔ་མ་འུན་ཁྲིན་ཀོང་ཇོ་文成公主]དང་འཛིན་ཅཱན་ཀོང་ཇོ་[རྒྱ་བཟའ་ཕྱི་མ་ཅིན་ཁྲེང་ཀོང་ཇོ་金城公主]གཉིས་ལ་བསམ་བློ་མ་བཏང་བ་བྱེད་དུ་མི་བཏུབ། ང་ལོ་ཆུང་དུས་སུ་སོ་བློན་རྣམས་ཀྱིས་བརྫུན་ཡིག་མང་པོ་བྲིས་ཏེ་ངའི་མགོ་ཆེར་བསྐོར། ད་ཕྱིན་ཆད་མནའ་དང་འགལ་བ་མི་ཡོང་༑ ཡི་གེ་དང་ལྷན་དུ་རིན་པོ་ཆེ་སྣ་ཚོགས་བཅས་ཕུལ། བྱ་བ་བྲིས། བློན་མི་ཟི་དེ་གོང་མའི་ཕོ་བྲང་གི་ལུགས་སྲོལ་ཡང་ཅུང་ཟད་ཤེས། བློན་སླེབས་དུས་གོང་མ་འཁོར་བཅས་གཟིམ་ཁང་གི་འགག་བར་དུ་བྱོན། སྟོན་ཆེན་བཤམས་ཏེ་སྣེ་ལེན་བཟང་པོ་གནང་། གོང་མས་ཁོ་ལ་གོས་དམར་པོ་ཞིག་དང་གཉེར་ཉ་འགའ་ཞིག་གནང་བར་བོད་བློན་གྱིས་གོས་ནི་བླངས། ཉ་རྣམས་མ་བླངས། ངེད་ཀྱི་བཙན་པོའི་ཕོ་བྲང་དུ་ཡང་འདི་འདྲ་རྣམས་མེད་པས་ངས་ལེན་དུ་མི་རུང་ཞེས་ཞུས། གོང་མས་གཟིམ་དཔོན་ཅིའོ་ལེན་[ཚོས་ལིན་崔琳]འབུལ་བ་དང་བཅས་པ་བོད་དུ་བརྫངས། བོད་རྗེའི་ཕོ་བྲང་ནས་ཀན་ཟོན་ལིན་[ཀན་སུང་ལིན་甘松岭]དུ་བོད་ཀྱི་ཚོང་འདུས་ཤིག་འཛུགས་པ་དང་ཆི་ལེན་[ཁྲི་ལིན་赤岭]ཡུལ་དུ་རྟའི་ཁྲོམ་ཞིག་འཛིན་ཆོག་པར་ཞུས་པར་བློན་ཆེན་ཕེ་གོན་ཐིན་[ཕེ་ཀོང་ཐིན་裴光庭]གྱིས་ཀན་ཟོན་དེ་རྒྱའི་ཡུལ་གྱི་བསྲུང་བ་ལྟ་བུ་ཡིན་པས་ཆི་ལེན་དུ་ཚོང་བརྡལ་འདེབས་སུ་གཞུག་པ་འཐད་ཅེས་ཞུས་པས་གོང་མས་ཀྱང་གསན། དེ་ནས་ཆི་ལེན་དུ་རྒྱ་བོད་ཀྱི་ས་མཚམས་བཅད། ཆི་ལེན་རི་རྩེར་རྡོ་རིང་བཙུགས་ནས་ཆིངས་ཡིག་བརྐོས།

སླར་ཡང་བོད་ཀྱི་ཕོ་ཉ་ཞིག་གིས་ཀོང་ཇོའི་ཆེད་དུ་སངས་རྒྱས་ཀྱི་ཆོས་མདོ་ཚན་པ་ལྔ་དགོས་ཞུས་པ་དང་གཞན་སྐྱེས་བཟང་པོ་དཔག་ཏུ་མེད་པ་བཅས་དམག་གི་དོ་དམ་བྱེད་པོ་དཔོན་ལི་ཟུན་[ལི་ཧོ་李暠]བོད་དུ་བརྫངས། བཙན་པོས་གོང་དུ་ཡི་གེ་ཕུལ་བར། དེང་རྒྱ་བོད་ཀྱི་རྒྱལ་ཁབ་གཉིས་ཆེ་བ་ཡིན། འདུམ་བྱས་པ་ནི་སྐྱེ་བོ་མང་པོར་ཕན་པའི་རྒྱུར་གྱུར། ས་མཚམས་ཀྱི་དཔོན་འདི་རྣམས་སྒྱུ་ཆེ་བས་གོང་ནས་བློན་པོ་ཞིག་ཆིངས་ཡིག་སྒྲོགས་སུ་གཏོང་དགོས་ཞུས། གོང་མས་དམག་དཔོན་ལིན་ཙོན་[ལི་ཆོན་李佺]ལ་རིའི་རྡོ་རིང་གི་དོ་དམ་བྱེད་དུ་བཅུག དཔོན་ཙཱང་ཞེ་གེ་[ཀྲང་ཧྲའུ་ཀོས་张守硅]ལ་ཟིན་བི་[ལི་ཞིན་ཝེ་李行袆]བོད་བློན་མང་པོ་རྗེ་རྣམས་ཀྱིས་ཧེ་ཞིས་[ཧེ་ཞི་ཀྲའུ་河西州]དང་། ཅའན་ནན་[ཅན་ནན་剑南]གྱི་ཞན་ཐམས་ཅད་བསྐོར་ཏེ་དམག་ཞི་བ་དང་འདུམ་བྱས་པའི་དྲིལ་བསྒྲགས། བོད་ནས་བློན་ཟི་ཞོ་པོ་ཧེ་[ཞི་ནོ་པོ་ཧེ་悉诺勃海]སྐྱེས་དང་བཅས་པ་དང་(སངས་རྒྱས་འདས་རྗེས་ཀྱི་༡༢༧༥)ལོ་དེ་རང་ལ་བོད་ཀྱིས་སྐྱེས་བཟང་པོ་བརྒྱ་ཕྲག་དུ་མ་ཕུལ་བར་གོང་མའི་བཀས་ཕོ་བྲང་གི་རྒྱལ་སྒོ་ལ་འབུལ་བ་རྣམས་བཤམས་ནས་བློན་ཆེན་རྣམས་ལ་མཐོང་དུ་བཅུག དེའི་རྗེས་སུ་བོད་དམག་གིས་ནུབ་ཕྱོགས་སུ་འབོ་ལི་[བྲུ་ཞ་勃律]བྱ་བའི་རྒྱལ་ཁམས་བཅོམ། འབོ་ལི་རྒྱལ་པོས་གོང་མ་ལ་ཡི་གེ་ཕུལ། གོང་མས་དམག་ཐག་གཅོད་དགོས་པར་བཀའ་གནང་ཡང་བོད་ཀྱི་བཙན་པོས་མ་ཉན་པར་མཐར་འབོ་ལིའི་རྒྱལ་ཁམས་བརླག་པར་བྱས། དེའི་རྐྱེན་གྱིས་ཙུའི་ལི་མན་[ཚོས་ཞི་དབྱི་崔希逸]ཧེ་ཞིའི་[ཧེ་ཞིའི་河西]ཡུལ་དུ་དམག་དཔོན་ལ་བསྐོས་ནས་ལན་ཇོར་སོང་། བོད་དམག་རྣམས་རང་གི་ས་མཚམས་སུ་སའི་མདའ་ར་བརྩིགས་ཤིང་དམག་སྒར་བཏབ་པར་ཙུའི་ཟི་མན་བོད་ཀྱི་དམག་དཔོན་ཅི་ལུ་ཟི་[དབའས་ཁྲི་གཟིགས་乞力徐]དང་ཐུག་སྟེ་རྒྱ་བོད་གཉིས་འདུམ་བྱས་ནས་མཐུན་པར་ཡོད་པ་ལ་ཁྱེད་རྣམས་དམག་གི་གྲབས་གཤོམ་བྱེད་པ་འདི་ཅི་ཡིན། དེས་ན་འདི་འདྲ་མ་བྱེད་ཅེས་སྨྲས་པར་བོད་བློན་ན་རེ། དམག་དཔོན་ཁྱོད་ནི་བརྩོན་པ་ཆེ། སེམས་དྲང་པོ་ཡོད། འོན་ཀྱང་ཁྱེད་ཀྱི་གཞུང་ལ་ངེད་ཅག་ཡིད་ཆེས་བྱེད་པར་དཀའ། གལ་ཏེ་ངེད་ཅག་རྣམས་སྟ་གོན་མེད་པར་སྡོད་པ་ཤེས་ནས་ཁྱེད་ཀྱི་གཞུང་གིས་གློ་བུར་དུ་དམག་བྱས་ན་ངེད་རྣམས་ཀྱང་བློ་འགྱོད་མེད་པ་ཞིག་བྱེད་དགོས་པ་མིན་ནམ། དེའི་ཕྱིར་གྲབས་གཤོམ་བྱེད་ཟེར། ཙུའི་ཟི་མན་གྱིས་ནན་གྱིས་སྨྲས་སྨྲས་པས་མཐར་བོད་ཀྱིས་མཉན། དེར་རྒྱ་བོད་ཀྱི་དམག་དཔོན་རྣམས་ཚོགས་ནས་ཁྱི་དཀར་པོ་ཞིག་བསད་དེ་མནའ་བསྐྱལ། བོད་རྣམས་དམག་གི་གྲབས་གཤོམ་སྤངས་ཏེ་རང་རང་གི་ནོར་ཕྱུགས་སྐྱོང་བཞིན་སོས་དལ་དུ་བསྡད།

ལོ་རྗེས་མར་(སངས་རྒྱས་འདས་རྗེས་ཀྱི་༡༢༨༠)རྒྱའི་དཔོན་ཆུང་ཟུན་མེ་[སུན་ཧེ་孙诲]བྱ་བ་དེས་བསམ་མནོ་མེད་པར་གོང་མ་ལ་ཞུས་ཏེ་དེང་སང་བོད་རྣམས་དོགས་པ་མེད་པར་སྡོད་པས་སྐབས་འདི་ཁོ་ན་དམག་བྱེད་པའི་དུས་ཡིན་ཟེར་བར་གོང་མས་གསན་ནས་ཡིག་མཁན་ཇའོ་ཧེ་ཙུང་[ཀྲའོ་ཧོས་ཙུང་赵惠琮]དང་ཟུན་མེ་གཉིས་ས་མཚམས་སུ་བལྟ་བར་བཏང་། ཇའོ་ཧེ་ཙུང་ལན་ཇོ་ལ་སླེབས་ནས་དམག་དཔོན་ལ་གོང་མའི་རླུང་བསྐྱལ་ཏེ་བོད་ལ་དམག་འདྲེན་དགོས་ཞེས་སྨྲས། དེར་དམག་དཔོན་ཙུའི་ཟི་མན་གྱིས་དམག་ཁྲིད་དེ་མཚོ་སྔོན་པོའི་ནུབ་འགྲམ་དུ་བོད་དང་འཐབ་པར་རང་ཕྱོགས་ལ་ཉམས་ཉེས་མེད་པར་བོད་རྣམས་ཕམ་པར་བྱས། བོད་བློན་ཅི་ལུ་ཟི་བྲོས། བོད་རྣམས་ཁྲོས་ནས་ཆིངས་ཡིག་བཅད་དེ་ལོ་རྗེས་མར་(འདས་རྗེས་ཀྱི་༡༢༨༢)བོད་དམག་གིས་ཧེ་ཞི་བཅོམ་པར་ཡང་དཔོན་ཙུའི་ཟི་མིན་གྱིས་གཡུལ་སྤྲད་དེ་རྒྱལ། ཤན་ཇོའི་[ཧྲན་ཀྲའུ་鄯州]དམག་དཔོན་ཏུ་སི་བན་[ཏུའུ་ཞི་ཝང་杜希望]གྱིས་(བོད་ཀྱི་)གྲོང་སིན་ཅན་[ཞིན་ཁྲེན་新城]བཅོམ་སྟེ་བཟུང་ཞིང་དེ་ཁུང་ཙུན་དུ་དམག་སྒར་བཙུགས། འོན་ཀྱང་དམག་དཔོན་ཙུའི་ཟི་མིན་སྔར་གྱི་མནའ་དང་འགལ་བས་སེམས་ཁྲལ་བྱེད་ཅིང་བསམ་བློ་མང་དུ་བཏང་། དེ་ནས་ཁོ་ཧེ་ནན་[ཧོ་ནན་河 南]དུ་འགྲོ་རྩིས་བྱས་པར་དེར་མ་སོང་བའི་སྔོན་དུ་ཁོ་དང་དམག་དཔོན་ཇའོ་ཧེ་ཙུང་གཉིས་ཀས་(སྔར་མནའ་བཅད་དུས་ཀྱི་)ཁྱི་དཀར་པོའི་གཟུགས་མངོན་སུམ་དུ་མཐོང་ནས་འཇིགས་ཏེ་ཤི། ཟུན་མེས་དེ་ལྟར་ཁྲེལ་མེད་ཀྱི་ལས་བྱས་པར་ཁྲིམས་ཕོག་སྟེ་བསད་དོ། །དེ་ནས་ཡུལ་ཧེ་ཞི་ལ་དཔོན་གསར་པ་བཏང་། ལུང་ཡུའུ་ལ་དམག་དཔོན་ཏོའུ་པི་བང་[ཏུའུ་ཞི་ཝང་杜希望]དང་། ཇན་ནན་དུ་དམག་དཔོན་བན་ཡོ་[ཝང་ཡུས་王昱]བཞག གོང་མའི་ལུང་གིས་སྔར་ཆི་ལོན་གྱི་རི་ལ་བཙུགས་པའི་ཆིངས་ཡིག་གི་རྡོ་རིང་དེ་ཡང་མེད་པར་བྱས། དམག་དཔོན་ཏུའུ་པི་བང་གིས་ཤ་ཇོ་ནས་དམག་ཁྲིད་དེ་རྨ་ཆུ་ལ་བོད་ཀྱིས་བཙུགས་པའི་ཟམ་པ་ཡོད་པ་དེ་བཟུང་། ཆུ་དེའི་འགྲམ་དུ་གྲོང་ཡཱན་ཙུ་ཅན་[ཡན་ཆོན་མཁར监泉城]བཏབ། བོད་དམག་སུམ་ཁྲི་ཕམ་པར་བྱས། དམག་དཔོན་བན་ཡོས་ཇང་ནན་ནས་དམག་ཁྲིད་དེ་གྲོང་ཨན་ཞུན་ཅཱན་[ཨན་རོང་མཁར་安戒城]ལ་འཐབ། གྲོང་གི་ཉེ་འཁོར་དུ་སའི་མདའ་ར་གཉིས་བརྩིགས། ཇང་ནན་ནས་དམག་ཆས་ལེན་ཕྱིར་དམག་མཁར་ཞིག་ཧྥེང་ཕོ་ལང་བྱ་བར་བཏབ། བོད་དམག་ཤུགས་ཆེན་སླེབས་ཏེ་མདའ་ར་གཉིས་ཀ་བཟུང་། རྒྱ་དམག་ཁྲི་ཁ་ཤས་བསད་ནས་བན་ཡོ་ཕམ་པར་བྱས། དཔོན་བན་ཡོ་དེ་དངུལ་ལ་དགའ། རང་བཞིན་མི་བརྟན། དམག་གི་ཤེས་རྒྱ་མེད་པས་ཁོ་གོ་ས་ཕབ་ནས་མཐའ་ལ་སྤྱུགས་པ་དེར་ཤི། དེ་རྗེས་ཀྱི་(འདས་རྗེས་ཀྱི་༡༢༨༣)ལོ་ལ་བོད་ཀྱིས་བའི་ཙོའི་[པེ་ཧྲོས་白水]ཡུལ་ན་ཡོད་པའི་གྲོང་ཁྱེར་ཨན་ཞུན་ཅཱན་བཟུང་ཡོད་པར་གོང་མའི་བཀས་གྲོང་ལིན་ཐའོ་དང་ཞོ་ཧྥན་ནས་དམག་འགྲོ་དགོས་གསུངས། འོན་ཀྱང་ལིན་ཐོའོའི་ལམ་བོད་དམག་གིས་བཀག་པ་དཔོན་གོའུ་རིང་གིས་འཐབ་སྟེ་བོད་དམག་རྣམས་ཕྱིར་ལོག དཔོན་ཞའོ་ཧོས་[ཞའོ་ཅུང་肖炅]བོད་ཀྱི་རྗེས་དེད་ནས་བོད་རྣམས་ཕམ་པར་བྱས། དམག་དཔོན་ཇང་ཡི་[ཀྲང་ཡུའུ་张宥]བྱ་བ་ཇན་ནན་དུ་བཏང་། དཔོན་ཇང་གོའེ་ཕིན་ཇོ་ལ་བཞག འོན་ཀྱང་ཇང་ཡི་དེ་སྔར་ཞི་བའི་ལས་བྱེད་པ་ཡིན་སྟབས་དམག་རྒྱུས་མེད་པས་དམག་ལས་ཇང་གོའེ་ལ་གཏད། ཇང་གོའེ་ཕོ་བྲང་ལ་འོངས་ཏེ་ཨན་ཞུན་ཅཱན་འཛིན་ནུས་ཚུལ་ཞུས་པས་གོང་མ་དགྱེས་ནས་ཁོའི་གོ་གནས་སྤར། དེ་ནས་ཇང་གོའེས་གཡོ་བྱས་ཏེ་བོད་ཀྱི་དམག་དཔོན་ཚུར་གདན་འདྲེན་བྱས། དེའི་ཤུལ་དུ་རྒྱ་དམག་རྣམས་གྲོང་དུ་ཞུགས་ནས་བོད་ཀྱི་དམག་སྒར་བཅོམ། དཔོན་སི་ཡུ་[ཞུས་ཡོན་许 远]ས་དེར་བཞག  བོད་དམག་གིས་ཨན་ཞུང་ཙཱན་གྱི་གྲོང་བསྐོར་ནས་ཆུ་བཀག་པར་བྲག་ཞིག་ལས་ཆུ་མིག་གློ་བུར་དུ་བརྡོལ་བས་བོད་རྣམས་ཡ་མཚན་ཏེ་དམག་ཀྱང་མ་འཐབ་པར་ཕྱིར་ལོག   དེའི་རྗེས་ལ་བོད་ཀྱིས་བེ་ཇོའི་། ཝེ་ཀྲའུ་渭州]གྲོང་བསྐོར་ཡང་འཛིན་མ་ཐུབ། ཨན་ཞུང་ཅཱན་གྱི་གྲོང་ལ་པིན་ཞུང་ཅཱན་[ཞཱན་རོང་མཁར་平戒城]བྱ་བའི་མིང་གསར་དུ་བཏགས་སོ། །ལོ་དེ་ཉིད་ལ་འཛིན་ཅཱན་ཀོང་ཇོ་གྲོངས། དེའི་རྗེས་(སྱང་འདས་རྗེས་ཀྱི་ལོ་༡༢༨༥)ལ་ཀོང་ཇོ་གྲོངས་པའི་གནས་ཚུལ་སྐྱེལ་བའི་ཕོ་ཉ་སླེབས། ཆིངས་གསར་དུ་བྱེད་དགོས་པ་ཞུས་ཀྱང་གོང་མས་མ་གསན། བོད་དམག་འབུམ་བཞི་ཙམ་གྱིས་ཆན་ཧྥན་ཕུ་[ཕྲིན་ཧྥུང་པའོ་承风堡]བཟུང་། ཧེ་ཡོན་ཅུན་དུ་སླེབས། ཅན་ཉིན་ཅོའི་[ཁྲང་ཉིན་ཆའོ་长宁桥]ཟམ་པ་བརྒལ་ནས་ཨན་ཞུང་ཅིན་དུ་སླེབས། ས་དེར་རྒྱ་དཔོན་ཙན་ཟི་ཡེས་[ཙང་ཞི་ཡེ་减希液]དམག་བཟང་པོ་ལྔ་སྟོང་ཁྲིད་དེ་བཀག  དེའི་རྗེས་སུ་བོད་དམག་གིས་གློ་བུར་དུ་ཀོ་ཇོ་བཅོམ། ཤན་གཅིག་གི་ས་ཁོངས་སུ་དཔོན་དང་ཡུལ་མི་ཐམས་ཅད་བསད། ནོར་འཕྲོག་བཅོམ་བྱས། བོད་དམག་གིས་བོའུ་ཅིན་ཡང་བཅོམ་པར་དཔོན་གའི་ཇ་ཡུན[ཀེ་ཅ་ཡུན་盖嘉运]གྱིས་ས་དེ་སྐྱོབ་མ་ནུས།

ཐེན་པའོའི་ལོ་དང་པོ་(འདས་རྗེས་ཀྱི་༡༢༨༦)ལོ་ལ་ལུང་ཡུའི་དམག་དཔོན་ཧྥུ་བེ་མིན་[ཧོང་ཕུའུ་ཝེ་མེན་皇甫惟明]གྱིས་བོད་ཕམ་པར་བྱས། མཚོ་སྔོན་དུ་བོད་ཀྱི་དམག་དཔོན་མང་པོ་རྒྱ་དང་འཐབ་སྟེ་བོད་སུམ་ཁྲི་བསད། ལོ་རྗེས་མར་རྒྱ་དམག་གིས་དཔུན་ཇི་ཆེན་བཅོམ༑ ཞིས་ཕྷུ་ཆོན་གྱི་ཉེ་འཁོར་དུ་བོད་དང་འཐབ་ཀྱང་རྒྱལ་ཁ་མ་ལོན། ལོ་དེའི་རྗེས་མར་དམག་དཔོན་བེ་མིན་གྱིས་བོད་དང་འཐབ་པས་རྒྱལ། བོད་མགོ་བཏགས་ཞུས་པ་རྣམས་ཕོ་བྲང་དུ་ཁྲིད། (འདས་རྗེས་ཀྱི་ལོ་༡༢༩༡)དཔོན་གོ་ཞུ་ཧན་[ཀེ་ཧྲུའུ་ཧན་哥舒翰]ལུང་ཡུ་དམག་དཔོན་དུ་བསྐོས། སྔར་གོང་མས་དཔོན་ཝང་ཅོན་ཛི་ལ་གྲོང་ཁྱེར་ཞི་ཕྷུ་ཅན་བོད་ཀྱི་ལག་ནས་ལེན་དགོས་ཚུལ་གསུངས་ཀྱང་ཝང་ཅོན་ཇིས་གྲོང་དེ་ས་ཤིན་ཏུ་བཙན་པས་དམག་ཁྲི་ཁ་ཤས་གྱོང་གུད་དུ་འགྲོ་བས་ཉེན་ཆེ་ཚུལ་ཞུས། ལོ་རྗེས་མར་གེ་ཞུ་ཧན་གྱིས་མཁར་ཡིན་ལུང་ཅན་བརྩིགས་ཏེ་བོད་དམག་མཚོ་སྔོན་དུ་འོང་མ་ཐུབ། (འདས་རྗེས་ཀྱི་༡༢༩༣)ལོ་ལ་གེ་ཞུ་ཧན་གྱིས་དམག་དྲུག་ཁྲི་ཁྲིད་དེ་ཞི་ཕྷུ་ཅན་དུ་གཡུལ་བཀྱེས། དེར་བོད་ཀྱི་དམག་སྒར་ན་དམག་བརྒྱ་ཕྲག་འགའ་ལས་མེད་ཀྱང་དམག་ཆས་དང་། ཟ་རྒྱུ། རྡོ་ཤིང་སོགས་ཤིན་ཏུ་འབོར་ཆེན་ཡོད། རྒྱ་དམག་ལན་ཁ་ཡར་གྲོང་དུ་བཞུགས་ཀྱང་དམག་སྒར་ལེན་མ་ཐུབ། ཉིན་ཤས་ཀྱི་<ལོ་བཅུའི་>རྗེས་ལ་གེ་ཞུ་ཧན་རང་ཉིད་ཀྱིས་དམག་ཁྲིད་ནས་འཐབ་པར་ཡང་ཚུར་ཕམ་པར་བྱས། དེ་ནས་ཁོས་དམག་དཔོན་ཆུང་བ་གོའུ་ཟི་ཡན་དང་ཇན་ཅོའོ་ཡི་གཉིས་བོས་ཏེ་ཁྱོད་གཉིས་གྲོང་ཁྱེར་དེ་འཛིན་མ་ཐུབ་ན་སྐེ་བྲེགས་རྒྱུ་ཡིན་ཞེས་སྡིགས་མོ་བྱས། གཡུལ་དུ་རྒྱ་མི་ཁྲི་ཁ་ཤས་གུམ། དེ་ཙ་ན་བོད་དམག་གྲངས་མེད་པ་སླེབས། ཡུན་ལུང་ཅན་གྱི་མཁར་དུ་སྡོད་པའི་རྒྱ་དམག་ཉིས་སྟོང་ཡོད་པ་ཡང་བསད་དོ། །དེ་དུས་བོད་དང་མཱན་གྱི་རྒྱལ་པོ་གྲོགས་སུ་བསྡེབས་ཏེ་ལོན་ནན་[ལུའུ་ནན་沪南]ཕྱོགས་བཅོམ། (འདས་རྗེས་ཀྱི་༡༢༩༦)ལོ་ལ་དཔོན་གོའུ་ཆུན་[ཡང་གོ་ཀྲུང་杨国忠]གྱིས་གོང་མ་ལ་བརྫུན་ཞུ་ཡིག་ཕུལ་ཏེ་ཁོས་དམག་ཆེན་ཁྲིད་ནས་མཱན་རྣམས་ཕམ་ཚུལ་དང་ཧུན་ཇོའི་གྲོང་བཟུང་ཚུལ་སོགས་ཞུས༑  དཔོན་གེ་ཞུ་ཧན་གྱིས་གྲོང་ཁྱེར་ཧུན་ཇི་[ཧོང་ཅི་洪济]དང་ཏཱ་མོ་མན་[ཏ་མོ་མིན་大 莫门]ཡང་བཟུང་། ཙི་ཙི་ཡུལ་ཡང་བོད་ཀྱི་ལག་ནས་འཕྲོག དེ་རྣམས་ཐེན་པའོའི་ལོ་བཅུ་གཉིས་པ་(འདས་རྗེས་ཀྱི་ལོ་༡༢༩༧)ལ་བྱུང་བ་ཡིན། དེ་རྗེས་ས་དེར་རྒྱའི་དམག་སྒར་བཏབ༑ ལོ་རྗེས་མར་བོད་ཀྱི་རྒྱལ་ཕྲན་ཟུ་བྷིའི་བུ་ཟི་ཞོ་ལོ་[སྟག་སྒྲ་悉诺罗]ངོ་ལོག་སྟེ་རྒྱའི་འབངས་སུ་འདུས། (གོང་དུ་མིང་འདི་ཅན་གྱི་དམག་དཔོན་ཞིག་བྱུང་)གོང་མས་ཁོ་ལ་གུང་གི་གོ་ས་བསྩལ་ཅིང་མིང་ལི་བྱ་བར་བཏགས། ལོ་དེ་ཉིད་ཀྱི་(སངས་རྒྱས་མྱ་ངན་ལས་འདས་ནས་༡༢༩༨)ལོ་ལ་བོད་ཀྱི་བཙན་པོ་ཅི་ལུ་ཟི་བཙན་གཤེགས་(ཁྲི་ལྡེ་གཙུག་བཙན་) ཁོང་གི་སྲས་ཟོ་ཟི་ལོན་ལ་བཙན་(ཁྲི་སྲོང་ལྡེའུ་བཙན་)ཁྲི་ལ་འཁོད་དོ། །

བྱང་ཀུ་ལུ་ཏར་ཡོད་དུས་དགེ་འདུན་ཆོས་འཕེལ་གྱིས་ཐོར་བཏབ། རང་ལོ་བཞི་བཅུ་པའི་ཟླ་༢ཚེས་༣༠ལ།

 

 

 

༄༅།། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར།

  དགེ་འདུན་ཆོས་འཕེལ།

མྱེས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སོགས་ཀྱི་སྐོར།

 

 

དེ་ནས་ཟོ་ལི་ལོན་ལ་བཙན་(ཁྲི་སྲོང་ལྡེ་བཙན)གྱིས་གོང་མའི་ཕོ་བྲང་དུ་ཕོ་ཉ་བཏང་སྟེ་ཡབ་གྲོངས་པའི་གནས་ཚུལ་ཞུས་པར་གོང་ནས་རྒྱལ་སྲིད་ཀྱི་དོན་དམ་པའི་ལས་གྲོགས་བློན་ཅི་གོན་ཡུའན་[ཚོས་ཀོང་ཡུན་崔光远]ཡི་གེ་དང་བཅས་པ་བོད་དུ་གདུང་མཆོད་འབུལ་དུ་བཏང་༑ ཕོ་ཉ་བོད་ནས་འཁོར་ཚེ་ཨན་ལུའུ་ཞན་[ཨན་ལུའུ་ཧྲང་安禄山]ངོ་ལོག་བྱས། དམག་དཔོན་གེ་ཞུ་ཧན་གྱིས་ཧེ་ཞིའི་ཡུལ་ནས་དམག་བཟང་པོ་ཁྲིད་དེ་ཤར་ཕྱོགས་སུ་ཐོང་ཧན་[ཐུང་ཀོན་潼关]ཡུལ་སྐྱོབ་ཏུ་སོང་། དམག་དཔོན་གཞན་རྣམས་ཀྱང་དམག་ཁྲིད་དེ་གོང་མའི་རྒྱལ་ས་བསྲུང་དུ་སོང་། དེའི་ཚེ་ཟིན་ཡིན་[རུ་བསྐྱོད་དམག་དཔུང་行营]བྱ་བའི་དམག་སྒར་གྱི་སྲོལ་ཚུགས། (དམག་རྣམས་གུར་བརྒྱབ་ནས་སྡོད་པའི་སྲོལ།)ས་མཚམས་ཀྱི་དམག་སྒར་དུ་དམག་ཞན་པ་རྣམས་བཞག་པས་བོད་ཀྱིས་གཡོ་བྱས་ཏེ་ས་མཚམས་རྣམས་བཅོམ་ཞིང་རྒྱའི་ཡུལ་དུ་རྐུན་ཇག་བྱས།

ཅི་ཏེའི[ཁྲི་ཏེའི至德]ལོ་དང་པོ(སངས་རྒྱས་འདས་རྗེས་ཀྱི༡༣༠༠)ལོ་ལ་བོད་དམག་གིས་གྲོང་ཁྱེར་ཞོན་ཇོ་དང་བེ་ཇོ་བཟུང་ནས་ཞི་ཕྷུ་ཆེན་དུ་མདའ་ར་བརྩིགས། ལོ་དེའི་རྗེས་མར་བོད་ཀྱི་བཙན་པོས་ཕོ་ཉ་བཏང་ནས་གྲོགས་དན་བྱེད་པར་ཞུས་པ་ལ་གོང་མ་ཞོ་ཙུང[སུའུ་ཙུང肃宗]གིས་དཔོན་ནན་ཇི་ཆོན[ནན་ཅུན་ཁྲོན南巨川]སྐྱེས་དང་ཡི་གེ་བཅས་བོད་དུ་བརྫངས། ལོ་གཅིག་གི་ནང་ལ་བོད་དམག་གིས་རྒྱའི་གྲོང་ཁྱེར་ཀོ་ཇོ། ས་ཇོ། མིན་ཇོ། ཧེ་ཡུའུ་བན། མོ་མཱན་རྣམས་བཟུང་། ཡང་བོད་ཀྱི་བཙན་པོས་གོང་དུ་ཕོ་ཉ་འགའ་ཙམ་བཏང་བར་གོང་མས་བོད་ཀྱི་གཡོ་སྒྱུ་མཁྱེན་ན་ཡང་ས་མཚམས་སུ་བདེ་འཇགས་འོང་བ་ལ་དགོངས་ཏེ་བློན་ཆེན་གོ་ཅི་ཡི[ཀོའི་ཙི་དབྱི郭子仪]དང་ཞོ་དཔའ[ཞོའོ་ཧྭ肖华]དང་པེ་ཙུང་ཇིན[ཕེ་ཙུན་ཆིན裴遵庆]རྣམས་བོད་དང་འདུམ་གྱི་ཡི་གེ་བྱེད་དུ་བཏང་།

ཕོ་ཡིན་[པའོ་དབྱིན་宝应]གྱི་ལོ་དང་པོ་(སངས་རྒྱས་འདས་རྗེས་ཀྱི་ལོ་༡༣༠༦)ལ་བོད་དམག་གིས་ལིན་ཐའོ། ཅིན་ཇོ། ཅན་ཇོ། ཏང་བེ་ཅོ་རྣམས་བཟུང་། གོང་མའི་ཕོ་བྲང་ནས་དམག་དཔོན་ལི་ཇིས་ཕྷན་[ལི་ཀྲི་ཧྥང་李之芳]དང་ཅི་ལོན་[ཚོས་ལུན་崔伦]གཉིས་བཏང་བར་བོད་རྣམས་ཀྱིས་ཁོང་གཉིས་ལམ་དུ་བཟུང་ཞིང་གྲོང་ཁྱེར་ཧེ་ཞུ་ཅན་ཡང་བཅོམ།

ཀྭན་ཏེའི་ལོ་དང་པོ(འདས་རྗེས་ཀྱི༡༣༠༧)ལོ་ལ་བོད་དམག་ཏྭ་ཞན་གོན[ཏ་ཀྲིན་ཀོན大霞关]དུ་སླེབས་ཤིང་ལིན་ཇོ་དང་། ཧེ་ཅོ། ཤན་ཇོ། ཐུའུ་ཇོ་རྣམས་བཟུང་། དེ་ལྟར་བོད་ཀྱིས་རྒྱའི་ས་ཆ་ཧེ་ཞིས་(རྨ་ཆུའི་ནུབ་རྣམས)དང་ལུང་ཞི་མོན་བཟུང་། དེའི་རྗེས་སུ་དམག་ཕར་ལོག་སྟེ་ཇིན་ཅོ་བཟུང་། གྲོང་ཁྱེར་དེའི་དཔོན་གོའུ་ཧིན་བོད་ཀྱི་ཕྱོགས་སུ་བསྡེབས་ནས་བོད་དམག་ཤར་ཕྱོགས་སུ་ཁྲིད་དེ་པིན་ཅོ་བཟུང་ཞིང་ཕྷིན་ཐེན་དུ་སླེབས་པས་གོང་མའི་རྒྱལ་ས་ལ་འཇིགས་པ་ཆེན་པོ་བྱུང་། དམག་དཔོན་གོའུ་ཅི་ཡི་ནས་ཟན་ཡན་(རྨ་ཆུའི་ཤར་ངོས)སུ་སླེབས། དེར་བོད་དང་གྲུ་གུ་དང་ཏང་སྱང་གི་དམག་འབུམ་ཕྲག་གཉིས་བེ་ཆུ་བརྒལ་(ཐང་ཡིག་ཏུ་རྒྱའི་གོང་མ་ལ་ཡང་བེ་ཆུའི་རྒྱལ་པོ་ཞེས་བྲིས། ཆུ་དེ་རི་བོ་རྩེ་ལྔའི་ཕྱོགས་སུ་ཡོད་ཟེར)ནས་ཤར་ཕྱོགས་སུ་གོང་མའི་རྒྱལ་ས་(ད་ལྟའི་ཤིས་ནས་ཕྷུ)ལ་སླེབས་གོང་མས་དམག་སླེབས་པ་མ་མཁྱེན། དམག་དཔོན་ལི་ཞི་ཅན[ལོས་རི་ཅང吕日将]གྱིས་གྲོང་ཁྱེར་ཅི་ཇིའི་ནུབ་ཏུ་གཡུལ་སྤྲད་པར་ཐོག་མར་ཁོ་རང་རྒྱལ། སླར་རི་བོ་འཇུན་ནན[ཀྲུང་ནན终南]གྱི་རྩ་བར་འཐབ་པས་བོད་རྣམས་ཀྱིས་ཁོ་ཕམ་པར་བྱས་ཤིང་བྲོས་པས་གོང་མ་རིང་སྟབས་སུ་རྒྱལ་ས་བསྐྱུར་ནས་ཤན་ཇོ[ཧྲཱན་ཀྲིག商州]ལ་བྲོས། (རྩེ་ཞོལ་གྱི་རྡོ་རིང་ལ་བྱུང་བ་འདི་རྣམས་བྲིས་པར་རྒྱ་རྗེ་ཤིན་ཅུ་ལ་བྲོས་ཞེས་བྱུང་།) དེར་དཔོན་གོའུ་ཧུན་གྱིས་བོད་དམག་གི་ལམ་ཁྲིད་ནས་ཅང་ངན[ཤིས་ནནཕྷུའུ་ཁྲང་མན长安]ལ་སླེབས། རྒྱའི་མི་ཆེན་གྱི་རིགས་ལི་ཆིན་ཧུན[ལི་ཁྲིན་ཧུང李承宏]བྱ་བ་གོང་མའི་ཚབ་ཏུ་ཁྲི་ལ་བསྐོས༑ བོད་དམག་གིས་རྒྱལ་ས་ལ་འཕྲོག་བཅོམ་བྱས་ཏེ་རྩ་མེད་བྱས། གོང་མའི་བཀའ་བློན་རྣམས་ལྷོ་ཕྱོགས་སུ་བྲོས། ལ་ལ་ཇིན་ཅོ[ཅིན་ཀྲའུ径州]དང་སན་ཡན[ཞན་ཡང咸阳]དུ་བྲོས། ལ་ལ་ཅི་ཞན་གུ་བྱ་བའི་རི་སུལ་དུ་བྲོས། རྒྱ་དམག་རྣམས་ངོ་ལོག་བརྒྱབ་སྟེ་ཡུལ་མི་རྣམས་བཅོམ། ལམ་རྣམས་ཀྱང་བཀག  དེ་དུས་རྒྱའི་དམག་དཔོན་ཞིག་དམག་སྟོང་ཙམ་ཁྲིད་དེ་གྲོང་ཁྱེར་ལན་ཅན་[ལན་ཐཱན་兰田]དུ་སླེབས། དེ་ནས་རྟ་དམག་ཉིས་བརྒྱ་བཅས་ཆུ་བོ་ཅན་ཞུ་[ཁྲན་ཧྲོས浐水]བརྒལ་ཏེ་བོད་ཀྱི་ཕྱོགས་སུ་སོང་། དམག་དཔོན་གོའུ་ཅི་ཡིས་དམག་ཁྲིད་ནས་འབྱོར་གྲབས་ཡོད་ཚུལ་གྱི་བརྫུན་གྲགས་པས་བོད་རྣམས་འཇིགས། སྐབས་དེར་རྒྱ་དཔོན་བན་ཧུ་[ཝང་ཕུའུ་王甫]བྱ་བ་རང་གི་སྡོང་རའི་ནང་དུ་དགའ་སྟོན་བཏང་སྟེ་རྔ་བརྡུང་བར་བོད་རྣམས་འཇིགས་ནས་མཚན་མོ་རྒྱལ་ས་ནས་ཐོན་ཏེ་སོང་། དམག་དཔོན་གོའུ་ཅི་ཡི་རྒྱལ་སར་སླེབས། དཔོན་གོའུ་ཧུན་ཤར་ཕྱོགས་ཏོང་ཧན་ཡུལ་དུ་བྲོས་ཏེ་དེར་ཤི། གོང་མ་སླར་བྱོན། བོད་རྣམས་གོང་མའི་རྒྱལ་ས་ནས་སླར་ལོག་སྟེ་ཕིན་ཐིན་[ཧྥིན་ཞང་凤翔]བྱ་བའི་གྲོང་ཁྱེར་བསྐོར། གྲོང་དེར་སུང་ཙི་ཙི་[སུན་ཀྲི་ཀྲི་孙志直]དམག་དཔོན་བྱེད། ཇན་སི་ལ་སྡོད་པའི་དམག་དཔོན་གྱིས་རྟ་པ་སྟོང་ཙམ་ཁྲིད་དེ་འཐབ་པས་བོད་རྣམས་ཕྱིར་ལོག  དེའི་རྗེས་སུ་ཡོན་ཧའོ་ཅཱན་བྱ་བའི་གྲོང་ཁྱེར་དང་ཆུ་བོ་བེ་ཞིའི་བར་དུ་བོད་ཀྱིས་དམག་སྒར་བཏབ། (ཡུལ་འདི་རྣམས་རྒྱ་ནག་བྱང་ཕྱོགས་ཡིན།)ལྷོ་ཕྱོགས་སུ་ཡང་ལོ་དེ་རང་ལ་ཟོང་ཇོའུ། བེ་ཇོའུ། པེ་ཇོའུ། ཟུན་ལུང་ཅན་རྣམས་སུ་བོད་དམག་གིས་བཟུང་། དེ་ལྟར་འཇང་ནན་དང་ཟི་ཞན་བྱ་བའི་རྒྱའི་ཞིང་ཆེན་ཡོངས་རྫོགས་བོད་ཀྱི་ལག་ཏུ་ཤོར། ལོ་རྗེས་མ་(སངས་རྒྱས་འདས་རྗེས་ཀྱི་༡༣༠༨)ལ་བོད་དམག་ཕྱིར་ལོག་སྟེ་རྒྱའི་ཕོ་ཉ་ཇིས་ཕྷེ་ན་[之芳]འཁོར་བཅས་རང་ཡུལ་དུ་བཏང་། ཇན་ནན་དུ་རྒྱ་དམག་གིས་བོད་ཁྲི་བདུན་ཙམ་ཕམ་པར་བྱས། གྲོང་ཁྱེར་ཏང་ཀེའུ་ཅན་[ཏང་ཀའུ་当狗]བོད་ཀྱི་ལག་ནས་བཟུང་། སྐབས་དེར་རྒྱ་ཡུལ་དུ་དམག་དཔོན་པུ་གུ་ཕེའན་[ཕུའུ་ཀུའུ་ཧེད་ཨིན་仆固怀思]ངོ་ལོག་སྟེ་ཁོའི་གྲོགས་པོ་ཡོན་རྗི་ཅན་དང་། ཞིན་ཕུ། ལིན་ཕུ་རྣམས་དམག་དང་བཅས་པ་བོད་དང་གྲུ་གུའི་ཕྱོགས་སུ་བསྡེབས། པིན་ཇོ་[པིན་ཀྲའུ邠州]བཅོམ། རྒྱ་དཔོན་པའེ་ཞོ་ཏེ་[པེ་ཞའོ་ཏེ་白效德]དང་གོ་ཟི་[ཀུའོ་ཞིན་郭晞]གཉིས་ཀྱིས་སའི་མདའ་ར་བརྩིགས། བོད་དམག་གིས་པིན་ཐིན་བྱ་བའི་གྲོང་གི་ནུབ་ཕྱོགས་སུ་སྒར་བཏབ་པར་གོ་ཅི་ཡིས་མཁར་ནང་ནས་ཕྱི་ལ་ཐོན་ནས་དམག་མ་བརྒྱབ། གོ་ཟིས་དམག་གོ་ཧྲག་རྣམས་ཁྲིད་དེ་མཚན་ལ་བོད་ཀྱི་སྒར་ཐོག་ཏུ་བརྒྱུགས་ནས་བོད་སྟོང་ཕྲག་འགའ་ཙམ་བསད། དམག་རྟ་ལྔ་བརྒྱ་དང་དམག་དཔོན་བཞི་བཟུང་༑ ཟི་ཞན་[ཞི་ཧྲན་西山]དུ་ཡང་རྒྱ་དམག་གིས་འཐབ་པས་བོད་ཁྲི་བརྒྱད་ཙམ་བཟུང་༑ འོན་ཀྱང་བོད་དམག་གིས་ལན་ཇོ་དང་། ཡཱ་ཅི་ལེ་བྱ་བའི་མཁར་གཉིས་བསྐོར། ཡུལ་ཧེ་ཞི་ལ་སྡོད་པའི་དཔོན་ཆེན་སྡར་མ་ཞིག་ཡིན་པས་ཀན་ཇོའུ་ཕྱོགས་སུ་བྲོས་ནས་དེར་བསད༑  ལོ་དེའི་རྗེས་མར་བོད་དམག་གིས་ལན་ཇོའུ་ཞིང་ཆེན་བཟུང་།

ཡུན་ཐེའི་ལོ་དང་པོ་(འདས་རྗེ་ཀྱི་ལོ་༡༣༠༩)ལ་བོད་རྣམས་ཀྱིས་རྒྱ་ལ་ཆིངས་སྒྲིག་བྱེད་པའི་ཕོ་ཉ་བཏང་བར་གོང་ནས་བློན་ཆེན་ཡོན་ཙེ་[元载]དང་ཏུའུ་ཧུན་བཙན་[ཏུའུ་ཧུང་ཅན་社鸿渐]གཉིས་བོད་ལ་མནའ་སྐྱེལ་དུ་བཏང་། པི་གུ་ཕེའན་[ཕུའུ་ཀུའུ་ཧོའི་ཨེན་仆固怀恩རང་གི་རེ་བ་མ་གྲུབ་པས་སླར་ཡང་བོད་དང་། ཧོར་དང་། གྲུ་གུ། འཇང་། ནུ་ལ་[ནོའུ་ལ་奴刺]རྣམས་ཀྱི་དམག་འབུམ་མང་པོ་ཁྲིད་ནས་སླེབས། ཁོས་བོད་དམག་རྣམས་ཕིན་ཐེན་ཕྱོགས་སུ་དྲངས། ཧོར་རྣམས་བོད་ཀྱི་རྒྱབ་གནོན་བྱས། དེའི་རྒྱབ་ཏུ་ཁོ་རང་གིས་ཨེར་དུ་སིའི་དམག་ཁྲིད་ནས་འོངས། འཇང་དམག་རྣམས་ཐུན་ཅོ་ཕྱོགས་སུ་དྲངས། གྲུ་གུ་དང་ནུ་ལའི་དམག་རྣམས་ཙི་ཙིའི་ཡུལ་ཕྱོགས་སུ་དྲངས། བོད་ཀྱི་དམག་དཔོན་ཞན་ཙེ་ཟི། [ཞང་རྒྱལ་ཚ་ལྷ་ཁང་尚结息]བཙན་སོ། [བཙན་མཱོ་赞摩]ཞན་ཟི་ཏོང་བཙན་[ཞང་སྟོང་བཙན་尚悉东赞)རྣམས་ཀྱིས་དམག་འབུམ་གཉིས་ཁྲིད་དེ་ལི་ཙོན་[ལི་ཆོན་醴泉]བྱ་བའི་གྲོང་དུ་སླེབས། རྒྱ་དཔོན་པེ་ཞོ་ཏེ་[པེ་ཞའོ་ཏེ་白孝德]ལ་སྟོབས་མེད་ནས་ལམ་མ་ཁེགས། དཔོན་ཞིན་ཕུས་[རིན་ཧྥུའུ་仁敷]ཕྷིན་ཞན་དང་ཙི་ཙི་བརྒྱུད་ནས་སོང་། དེས་ན་གོང་མའི་རྒྱལ་ས་རང་ལ་འཐབ་ར་བརྩིགས་ས་ཐོག་ཏུ་བབས། ཞོ་ཕྷན་[སུའུ་ཧྥང་朔方]ནས་སླེབས་པའི་དམག་དཔོན་དཔུང་ཅི་ཛིན་[ཧུང་ཅིན་浑日进]དང་ཟོང་ཞིའུ་ལན་[སུན་ཧྲིག་ལེང་孙守亮)གཉིས་ཀྱིས་ཕུན་ཐེན་དང་ཉེ་བར་དམག་སྒར་བཏབ། དམག་དཔོན་གོའུ་ཅི་གོང་མའི་བཀའ་བཞིན་ཧེ་ཆེན་ཞིང་ཆེན་གྱི་དམག་ཁྲིད་དེ་ཇིན་ཡང་[ཅིན་ཡང་径阳]དུ་དམག་སྒར་བཏབ། དཔོན་ལི་ཙུན་ཆེན་གྱིས་ཏུན་བེ་ཆོ་[ཏུང་ཝེ་ཆའོ་东渭桥]རུ་དམག་སྒར་བཏབ༑ དཔོན་ལི་ཡུའུན་ཇིན་[ལི་ཀོང་ཅིན་李光进]གྱིས་ཡུན་ཡན་[ཡུན་ཡང་云阳]དུ་དམག་སྒར་བཏབ། དཔོན་མཱ་ལིན་[མ་ལིན་马畴]དང་དཔོན་ཐོན་ཡིས་[ཧི་ཐཱིན་ཡུས་郝廷玉]ཏན་ཙོ་[པིན་ཆའོ་便桥]ལ་དམག་སྒར་བཏབ། དཔོན་ལོ་ཕིན་ཞན་[ལོ་ཧྥིན་ཞན་骆奉  先]དང་། ལི་ཇི་ཡི[ལི་རི་ཡོས李日越]གཉིས་ཀྱིས་ཙི་ཙི[ཀྲའུ་ཀྲི周屋]གྲོང་དུ་དམག་སྒར་བཏབ༑ དཔོན་ལི་བྷི་ཡིས[ལི་པོ་ཡུས李抱玉]ཕྷུན་ཞན[ཧྥུང་ཞང凤翔]དུ་དམག་སྒར་བཏབ༑ ཇོ་ཇི་གོན[ཀྲའུ་ཀྲེ་ཀོང周智光]གྱིས་ཏོང་ཇོར[ཐུང་ཀྲའུ同州]དམག་སྒར་བཏབ།

དཔོན་ཏུ་མན་[ཏུའུ་ཐཱན་杜冕]གྱིས་ཧན་ཇོར་[ཧྥང་ཀྲའུ་坊州]དམག་སྒར་བཏབ། གོང་མ་རང་གིས་དམག་སྡེ་ཚན་དྲུག་དང་བཅས་རི་དྭགས་སྣ་ཚོགས་ཡོད་པའི་སྐྱེད་ཚལ་དུ་སྒར་བཏབ་ཅིང་བོད་ཀྱི་དམག་ཕྷིན་ཐེན་གྲོང་ཁྱེར་དུ་སླེབས་སོ། །དེར་ཐོག་མར་དམག་དཔོན་ལི་ཞི་ཙིན་[ཧུའེའི་རི་ཅིན་浑日进]གཅིག་པུ་རྟ་དམག་ཉིས་བརྒྱ་ཁྲིད་དེ་དགྲའི་གདོང་དུ་ཐོན། བོད་འགའ་ཙམ་བསད་པས་ཁོང་རྣམས་འཇིགས་ཏེ་བྲོས། ལྷག་པར་ལི་ཞི་ཅིན་རང་ཉིད་ཀྱིས་བོད་ཀྱི་དམག་དཔོན་ཞིག་ལག་གིས་འཇུས་ནས་བཟུང་བ་མཐོང་སྟེ་དམག་རྣམས་འུར་ལངས། རྒྱ་དམག་བསད་རྨས་གཅིག་ཀྱང་མེད་པར་སླར་ལོག ཉིན་རྗེས་མར་བོད་དམག་སླར་མཁར་གྱི་ཕྱོགས་སུ་འོངས་པར་ལི་ཞི་ཅིན་གྱིས་རྡོའི་སྒྱོགས་བརྒྱབ་ཅིང་མདའ་འཕངས་པས་བོད་མང་ཙམ་བསད། ཉིན་གསུམ་འཐབ་ནས་བོད་རྣམས་འདུས་ཏེ་མདའ་རའི་ནང་ན་སྡོད་པ་མཐོང་ནས་དམག་དཔོན་ལི་ཞི་ཅིན་གྱིས་དགྲ་རྣམས་སེམས་ཞུམ་པར་ཤེས་ཏེ་མཚན་ལ་བོད་ཀྱི་སྟེང་དུ་བརྒྱུགས་པས་བོད་སྟོང་གཅིག་ཙམ་བསད་ཅིང་ལྔ་བརྒྱ་ཙམ་བཟུང་། མ་བེ་[མ་ཝེ་马崽]ཕྱོགས་སུ་དམག་འཐབ་སྟེ་ཉིན་བདུན་ལ་དགྲའི་དམག་ཁྲི་གཅིག་དང་སྟོང་ལྔ་བསད། རྔ་རྟ་གྲངས་མེད་ཐོབ། དམག་དར་དང་མཚོན་སོགས་མང་དུ་འབྱོར༑ གོང་མ་རང་ཉིད་ངོ་ལོག་བྱེད་པའི་དགྲ་ལ་འཐབ་པའི་ཐབས་མཛད། རྒྱ་འབངས་རྣམས་ཀྱི་རྟ་ཀུན་བསྡུས། གོང་མའི་རྒྱལ་སར་དུས་ཀྱི་དང་པོར་རྒན་ནས་གཞོན་གྱི་བར་ཕོ་སྐྱེས་ཡོད་དོ་ཅོག་དམག་ཏུ་འཛུད་པའི་སྲོལ་དེ་བཙུགས། དེ་ལ་མི་རྣམས་འཇིགས་དྲགས་ཏེ་བྲོས༑ གྲོང་ཁྱེར་གྱི་སྒོ་བརྒྱབ་ཀྱང་མ་ཕན་པ་བྱུང་། བོད་ཀྱི་རྟ་དམག་བཞི་བརྒྱ་ཙམ་རྒྱ་དམག་གི་རྒྱབ་བསྐོར་ཏེ་འུ་གོན་[ཝུའུ་ཀུང་武功]ལ་སླེབས་པར་རྒྱ་དཔོན་མཱ་ལེན་གྱིས་དམག་སྟོབས་པོ་ཆེ་ལྔ་བཅུ་བཏང་སྟེ་ཕམ་པར་བྱས། དེ་ནས་རྒྱ་དམག་རྣམས་སྙིང་སྟོབས་ཆེར་སྐྱེས། དེའི་རྗེས་སུ་བོད་རྣམས་ཀྱིས་གྲོང་ཆུང་ཇི་ཞ་[ཇིའུ་ཙུང་九峻]བྱ་བའི་བྱང་དུ་སྒར་བཏབ། ལི་ཅུའང་[ལི་ཆོན་醴泉]གི་མཁར་ན་ཡོད་པའི་འབངས་མི་ཁྲི་ཕྲག་ཁ་ཤས་ཕར་ཁྲིད་དེ་གྲོང་ཁྱེར་དང་ཁང་ཁྱིམ་མེ་ལ་བསྲེགས། ཞིང་རྣམས་སྟོངས་པར་བྱས། དམག་དཔོན་ཅིའུ་ཇི་གོན་གྱིས་རིན་ཅང་དང་ཉེ་བར་འཐབ་པས་རྒྱལ། དེ་ནས་བོད་དམག་གིས་པིན་ཇོ་[པིན་ཀྲའུ邠州]ཞིང་ཆེན་གྱི་བྱང་ངོས་སུ་དམག་སྒར་སྤོས་ཏེ་ཧོར་དམག་དང་མཉམ་དུ་བསྡད། དེ་ནས་ཤར་དུ་ལོག་སྟེ་གྲོང་ཁྱེར་ཕྷུན་ཐེན་བཅོམ་ཞིང་སླར་ཡང་མ་བེ་བྱ་བའི་ས་ཚིགས་བར་དུ་སླེབས། བོད་ཀྱི་དམག་དཔོན་ཤིན་ཕུས་[རིན་ཧྥུའུ་任敷]དམག་ལྔ་སྟོང་ཁྲིད་དེ་བེ་ཞུ་[བེ་ཧྲོས白水]བཅོམ་ཞིང་ཐོང་ཇོ་[ཐུང་ཀྲའུ་同州]རྩ་མེད་དུ་བརླག དེའི་རྒྱུ་མཚན་གྱིས་གོང་མའི་རྒྱལ་སར་བེའུ་ཀྱོ་[ཀྲུང་ཝེ་中渭]བྱ་བའི་ཟམ་པའི་འགྲམ་དུ་རྒྱའི་དམག་སྒར་བཏབ་ཅིང་ཡུ་ཞན་[ཧུའུ་ཞན་鄂县]དུ་ཡང་དམག་སྒར་བཏབ། འོན་ཀྱང་རྒྱ་རྣམས་ཁ་རྗེ་བཟང་སྟེ་དམག་དཔོན་པི་གུ་ཕེའན་[ཕུའུ་ཀུའུ་ཧོའི་ཨིན་仆固怀恩]ཤི། བོད་རྣམས་ལ་མགོ་གནོན་མེད་པས་ཧོར་དང་མ་འཆམ་པར་བྱས། ཧོར་ཁྲོས་ཏེ་དམག་དཔོན་གོའུ་ཙེ་[ཀོའུ་ཙེ་དབྱི་郭子仪]ལ་བགྲོས་ནས་རང་རེ་ལྷན་དུ་བསྡེབས་ནས་བོད་དང་འཛིང་དགོས་སྨྲས་པར་དམག་དཔོན་གྱིས་ཀྱང་ཉན། བོད་ཀྱིས་དེ་འཁྲིགས་ཏེ་ཕྱིར་ལོག འོན་ཀྱང་དཔོན་འབའི་བན་གོན་[པེ་ཡོན་ཀོང་白元光]ཧོར་དང་བསྡེབས་ཏེ་རྒྱའི་རྟ་དམག་ཁྲིད་ནས་ལིན་ཐེན་[ལིན་ཐེ་灵台]གྲོང་ཁྱེར་གྱི་ནུབ་ཏུ་བོད་དང་འཛིངས་པས་ཤིན་ཏུ་ཡང་རྒྱལ། གྲུ་གུའི་དཔོན་ཁ་ཤས་བཟུང་། དེའི་རྗེས་སུ་རྒྱ་དམག་ཕྱིར་ལོག

ཡུན་ཐེ་དང་ཏ་ལིའི་བར་གྱི་ལོ་(སངས་རྒྱས་འདས་རྗེས་ཀྱི་༡༣༠༩-༡༣༡༠པའི་བར)ལ་བོད་ཀྱི་བཙན་པོས་གོང་མའི་ཕོ་བྲང་དུ་ཕོ་ཉ་གཉིས་སྐྱེས་དང་བཅས་པ་བརྫངས། དེའི་རྗེས་སུ་རྒྱའི་རྩིས་དཔོན་ཟེ་ཇིན་ཞན་[ཞོས་ཅིན་ཞན་薛景仙]བོད་དུ་ཕེབས། གོང་མ་རང་གིས་བློན་རྣམས་ལ་བོད་ཀྱི་ཕོ་ཉ་དང་ལྷན་དུ་མནའ་སྐྱེལ་དགོས་པའི་བཀའ་ཕེབས། འོན་ཀྱང་ལོ་རྗེས་མ་(འདས་རྗེས་ཀྱི་༡༣༡༡)ལ་བོད་དམག་གིས་གློ་བུར་དུ་ལིན་ཇོ་བཅོམ། ཨི་ལུ་[དབྱི་ལུའུ་宜禄]བྱ་བའི་ཡུལ་དུ་ཇག་བྱས། དམག་དཔོན་གོའུ་རྩིས་དམག་སུམ་ཁྲི་ཁྲིད་ནས་ཕུན་ཐེན་དུ་སོང་། ལིན་ཅོར་བོད་ཉིས་ཁྲི་ཕམ་པར་བྱས། ལྔ་བརྒྱ་བསད། རྩིས་དཔོན་ཟེ་ཇིན་ཞན་དང་མཉམ་དུ་བོད་བློན་ལི་ལིན་[ཁྲི་ལིན་泣陵]]རྒྱ་ལ་སླེབས། གོང་མ་ལ་ཕིན་ལང་གོན་[ཧྥིན་ལིན་ཀོང་风林关]བྱ་བའི་མཁར་དུ་ས་མཚམས་གཅོད་དགོས་པར་ཞུས༑  དེའི་རྗེས་སུ་བོད་བློན་ལུ་ཟི་[ལུའུ་ཞི་路悉]མི་ངོ་གཡོག་བཅོ་ལྔ་དང་བཅས་པ་སླེབསོ་ལོ་རྗེས་མར་བོད་དམག་འབུམ་གཅིག་གིས་སླར་ཡང་ལིན་ཇོ་བཅོམ། པིན་ཇོ་རྩ་མེད་དུ་བརླགས་ཏེ་སྟོངས་པར་བྱས། པའོ་ཡིན་ལོ་(འདས་རྗེས་ཀྱི་༡༣༠༦)ནས་བཟུང་བོད་ཀྱི་དམག་དཔོན་ཞ་ཟི་གྱ་ནུས་[ཞང་ཞེ་ཅེ་尚悉结]རྒྱའི་ས་མཚམས་ལན་མང་དུ་བཅོམ། ཁོང་ན་སོ་རྒས་ནས་ཟུར་སྡོད་བྱས་སྟབས་བོད་ཀྱི་བློན་ཛན་མི་[བཙན་མཱ་赞摩]བྱ་བ་ཞིག་ཁོའི་ཚབ་ཏུ་བསྐོས། ཛན་མིས་ཡུལ་ཧེ་ཅོ། ལུང་ཞི། པིན་ཅོ། ཉིན་ཅོ་རྣམས་ལ་དབང་བསྒྱུར་ཏེ་བསྡད༑ དམག་དཔོན་པེའུ་ཡུན་གོན་བྱ་བ་ཞིང་ཆེན་ཞོ་ཕང་[ཧྲོ་ཧྥང་朔方]ནས་སོང་སྟེ། ལན་གཉིས་སུ་བོད་དང་འཐབ་པས་རྒྱ་རྣམས་རྒྱལ། རྟ་དང་ལུག་སྟོང་ཕྲག་ཁ་ཤས་ཐོབ། ཇང་ནན་[ཅན་ནན་剑南]ཕྱོགས་སུ་རྒྱ་དམག་གིས་བོད་ཁྲི་གཅིག་ཕམ་པར་བྱས། དེའི་རྗེས་སུ་བོད་ཀྱི་བློན་པོ་ཞང་ཟི་མོ་[ཞང་ཞི་མོ་尚悉摩]སླར་ཡང་གོང་མའི་དྲུང་དུ་སླེབས། བོད་ཀྱིས་རྒྱའི་ས་མཚམས་ལ་རྟག་ཏུ་འཚེ་བའི་རྐྱེན་གྱིས་གོང་ནས་ས་མཚམས་སུ་འཛིང་རགས་བརྩིག་དགོས་པའི་བཀའ་ཕེབས། གོང་གི་བཀའ་བཞིན་ཞིང་ཆེན་ལྔའི་གཞུང་རྣམས་གཞན་དུ་སྤོས་ཤིང་ཡུལ་བསྲུང་བའི་དམག་བཞག

ཏ་ལི་ཁྲི་ལོ་བརྒྱད་པ་(འདས་རྗེས་ཀྱི་ལོ་༡༣༡༧)ལ་བོད་ཀྱི་རྟ་དམག་ཁྲི་དྲུག་གློ་བུར་སླེབས་ཏེ་ལིན་ཅོ་བཅོམ། ཞིང་ཐམས་ཅད་རྟས་བརྫིས་ནས་བརླགས། དེའི་རྗེས་སུ་གྲོང་ཇིན་ཅོ་དང་པིན་ཇོ་བཅོམ། དཔོན་ཧུན་ཞན་[ཧུའེ་ཇན་浑]减]གྱིས་དམག་ལྔ་སྟོང་ཁྲིད་དེ་ཡི་ལུའི་ཡུལ་དུ་བོད་དང་འཐབ་ཀྱང་རྒྱལ་ཁ་མ་ལོན། ཁོང་གི་གྲོགས་པོ་དཔོན་ཞིག་ཀྱང་གཡུལ་དུ་གུམ། བོད་དམག་གིས་རྒྱའི་མི་ཚང་སྟོང་ཕྲག་དུ་མ་བཟུང་ནས་ཁྲིད། དམག་དཔོན་མ་ལིན་ཡང་ཕམ་པར་བྱས་ཤིང་དམག་རྣམས་བོད་ཀྱིས་བསྐོར། དཔོན་ཧུན་ཞེན་གྱིས་རང་གི་དམག་རྣམས་སླར་ཚགས་སུ་བཅུག་ནས་ཆུ་བོ་འཛིན་ཞིའི་མགོའི་བྲག་རྫོང་ཞིག་ན་བོད་ཀྱི་དམག་སྒར་ཡོད་པའི་སྟེང་དུ་མཚན་མོ་ཞིག་ལ་རྒྱུག་སྟེ་ཁོང་ཚོའི་ཡོ་བྱད་མང་དུ་འཕྲོག་དཔོན་མ་ལིན་གྱིས་ཀྱང་བོད་ཀྱི་སྒར་དུ་བརྒྱུགས་ཏེ་མི་སྟོང་ཕྲག་ཁ་ཤས་བསད། ཞན་མི་བན་གྱིས་བོད་ཀྱི་དམག་དཔོན་གཟིག་ལྤགས་གྱོན་པ་ཞིག་ཀྱང་བསད་པས་བོད་རྣམས་ཀྱིས་ངུ་མོ་ཆེན་པོ་བྱས༑ དཔོན་གོ་ཟི་ཡང་རྒྱལ། རྒྱའི་འབངས་མི་བུད་མེད་རྣམས་ཁྲིད་དེ་དཔོན་མ་ལིན་རྒྱལ་ཁ་བཅས་ཏེ་ཕྱིར་ལོག

ལོ་རྗེས་མར་གོང་ནས་བོད་དུ་ཞི་བའི་ལས་བྱེད་འུ་ཛུན་(ཝུའུ་སུན་吴损]བཏང་། དེའི་ལན་དུ་བོད་ནས་ཀྱང་ཕོ་ཉ་ཞིག་རྒྱ་ལ་བཏང་། འོན་ཀྱང་བོད་དམག་ཡོང་ཉེན་ཆེ་བས་རྒྱའི་བློན་རྣམས་ནས་དམག་གྲ་བསྒྲིགས། དམག་དཔོན་གོའུ་ཙེས་པིན་ཇིར་དམག་སྒར་བཏབ། དམག་དཔོན་ལི་བྷའོ་ཡི་[ལི་པོ་ཡུས་李抱玉]ནས་གཽ་བྷིས་[ཀའོ་པིས་高壁]སུ་དམག་སྒར་བཏབ༑  དམག་དཔོན་མ་ལིན་གྱིས་ཡོན་ཅོར་བཏབ། དཔོན་ལི་ཞུན་ཅཱན་[ལི་ཀྲུང་ཁྲེན་李忠臣]གྱིས་འཛིན་ཅོར་དམག་སྒར་བཏབ། ལི་ཞུན་ཅན་གྱིས་ཞིང་ཆེན་ཕུན་ཐེན་དུ་སྒར་བཏབ། དམག་དཔོན་ཙིང་ཟི་ཞན་[ཙང་ཞིས་རང་臧希让]གྱིས་བེ་ཆུའི་བྱང་དུ་དམག་སྒར་བཏབ་བོ༑  །ལོ་རྗེས་མར་ཟི་ཆེན་ཞིང་ཆེན་གྱི་དཔོན་ཙུ་ཉེན་[ཚུས་ཉིན་崔宁]གྱིས་ཟི་ཞན་[ཞི་ཧྲན་西山]དུ་བོད་དམག་ཕམ་པར་བྱས། འོན་ཀྱང་བོད་ཀྱིས་གྲོང་ཁྱེར་ལིན་ཐོ། ཛིན་ཅོ། ལུང་ཇོ་རྣམས་བསྐོར། གྲོང་ཁྱེར་ཕུ་ཞན་[ཕུའུ་རོང་普润]ལ་སྒར་བཏབ་སྟེ་གྲོང་རྣམས་མེ་ལ་བསྲེགས། བ་ཕྱུགས་རྣམས་འཕྲོག དེའི་རྗེས་སུ་བོད་དམག་འིས་ཉེན་[དབྱེ་ཉིན་义宁]བྱ་བའི་གྲོང་དུ་སླེབས། རྒྱའི་དམག་དཔོན་ལིས་བྷའོ་ཡིས་དང་འཐབ་པས་ཁོང་རྣམས་རྒྱལ་ཏེ་ཛིན་ཅོ་ལ་སོང་། དཔོན་མ་ལིན་གྱིས་བོད་དམག་གི་རྗེས་ལ་ཕྱིན་ཏེ་བྷའི་ལི་བྱ་བའི་ཡུལ་དུ་གཡུལ་བཀྱེས་པས་རྒྱ་རྣམས་རྒྱལ། དེའི་རྗེས་(འདས་རྗེས་ཀྱི་ལོ་༡༣༢༠)ལ་དམག་དཔོན་ཙུ་ཉེན་གྱིས་མཱན་བྱ་བའི་རིགས་ཀྱི་དམག་རྣམས་ཕམ་པར་བྱས། མི་ཁྲི་གཅིག་ཙམ་བསད། ཁོང་ཚོའི་དཔོན་པོ་སྟོང་གཅིག་ཙམ་བཟུང་། བ་ཕྱུགས། ཟ་ཆས། དམག་ཆས་མང་པོ་བླངས་ཏེ་རྒྱའི་ཕོ་བྲང་དུ་ཁྱེར། བོད་རྣམས་ཕམ་པའི་རྗེས་སུ་ཡ་ཇོ་དང་། ལི་ཇོ་ལ་སོང་སྟེ་ཞིང་ཆེན་དེ་དག་བརླག་པར་བྱས། དེ་ནས་རྒྱ་དམག་རྣམས་[ཅན་ནན་གྱི་དམག་དང]ནན་ཇོའི་[ནན་ཀྲའོ་南诏] (ད་ལྟའི་ཡུན་ནན་གྱི་ཕྱོགས)དམག་བསྡེབས་ཏེ་བོད་དང་གཡུལ་སྤྲད་པས་རྒྱ་རྣམས་རྒྱལ། འོན་ཀྱང་བོད་དམག་གིས་ཕན་ཇོ་ཕབ་ཅིང་ཏང་སྱང་རིགས་ཀྱི་མི་སྡེ་རྣམས་ལས་རྟ་ཕྱུགས་དུ་མ་འཕྲོག   དམག་དཔོན་ཙུ་ཉེན་གྱིས་བོད་ཀྱི་གྲོང་ཁྱེར་བང་ཧན་[ཝང་ཧན་望汉]ཅན་བསྐོར་ཏེ་བཅོམ། གྲོང་བརླག་པར་བྱས། དཔོན་ཅང་ཟན་གོང་[ཀྲང་ཞན་ཀུང་张献恭]གིས་མུན་ཇོའི་གྲོང་དུ་བོད་དང་འཐབ་སྟེ་བོད་རྣམས་ཕྱིར་ལོག དམག་དཔོན་ཙུ་ཉེན་གྱིས་ཟི་ཞན་དུ་བོད་ཕམ་པར་བྱས་ཏེ་ཆུ་བོ་ཙུན་ཞིའི་ལྷོ་འགྲམ་དུ་བོད་མི་ཁྲི་ཕྲག་བརྒྱད་བསད། ལོ་དེ་རང་ལ་བོད་དམག་གིས་ལིན་ཇོ་དང་ཤ་ཇོ་བཅོམ། འོན་ཀྱང་ཕྱིར་ལོག

ཏ་ལི་ཁྲི་ལོ་བཅུ་གསུམ་(སངས་རྒྱས་འདས་རྗེས་ཀྱི་ལོ་༡༣༢༢)ལ་བོད་ཀྱི་རྒྱལ་བློན་མ་ཅུན་ཡིན་[སྟག་སྒྲ་གླུ་ཁོང་马仲英]གྱིས་རྟ་དམག་ཁྲི་བཞི་ཁྲིད་དེ་ལིན་ཅོ་བཅོམ། ལོ་དེའི་རྗེས་མར་ཡན་ཇོ་(ད་ལྟའི་ཉིན་ཞ་ཕྱུ)དང་ཙིན་ཇོ་ཞིང་ཆེན་གཉིས་རྩ་མེད་དུ་བརླག་པར་བྱས་ཏེ་ཕྱིར་ལོག དེ་ནས་ལྷོ་ཕྱོགས་སུ་(ཡུན་ནན་གྱི)ནན་ཇོའི་དམག་རྣམས་བོད་དང་ཁ་མཐུན་ནས་མེའུ་ཅོའི་[མའོ་ཀྲའོ་茂州]གྲོང་ཁྱེར་བསྐོར། ཕུ་བེན། ལི་ཇོ། ཡ་ཇོ་རྣམས་བཅོམ། དེ་དུས་གོང་མས་བཀའ་གནང་བ་བཞིན་དམག་དཔོན་ལི་ཞན་[ཁྲང་ཆན་ཀོང་常谦光]གྱིས་ཡུའུ་ཇོ་[幽州ད་ལྟའི་པེ་ཅིན་ཕོ་བྲང]ནས་དམག་ཁྲིད་དེ་བོད་རྣམས་ཕམ་པར་བྱས་ཤིང་གྲོང་ཁྱེར་ཏེ་ཇོ་(ད་ལྟའི་ཛ་གུ་ཐིན)དང་མེ་ཇོ་གཉིས་བོད་ཀྱི་ལག་ནས་སླར་འཕྲོག ཆུ་བོ་ཏ་ཏུའུ་ཧེ་བར་དུ་བོད་དེད་ནས་ཕྱིན་ཅིང་ས་དེར་སླར་ཡང་གཡུལ་སྤྲད་དེ་ཕམ་པར་བྱས༑ བོད་ཁྲི་ཚོ་བརྒྱད་ཙམ་བསད། དེའི་གོང་དུ་བོད་ཀྱིས་རྒྱ་ལ་ཕོ་ཉ་ཁ་ཤས་བཏང་བ་རྒྱ་རྣམས་ཀྱིས་བཟུང་། བོད་མགོ་འདུད་བྱས་པ་རྣམས་ཇན་ནན་[ཅང་ནན་江南]ཕྱོགས་སུ་བཏང་༑  (སངས་རྒྱས་མྱ་ངན་ལས་འདས་ནས་ལོ་༡༣༢༤པ་ལ)གོང་མ་ཏེ་ཙུང་ཁྲི་ལ་བཞུགས་ཏེ་ས་མཚམས་བསྲུང་བའི་ཐབས་གཙོ་བོར་གནང་། བོད་དང་རྒྱའི་ཁབ་གཉིས་དམག་གི་རྒྱལ་ཕམ་མཉམ་པར་གཟིགས་ཏེ་(ད་)གཟོད་བོད་དང་གྲོགས་མཛད་པའི་དགོངས་པ་སྐྱེས། དེའི་དོན་དུ་གོང་ནས་ཞི་བའི་ལས་བྱེད་བེ་ལོན་[ཝེ་ལུན་韦伦]བྱ་བ་བོད་ཏུ་བཏང་ཞིང་། ཁོང་དང་ལྷན་དུ་སྔར་བཟུང་བའི་བོད་ཀྱི་མི་ལྔ་བརྒྱ་ཙམ་རང་ཡུལ་དུ་ལོག་བཅུག རྒྱའི་ས་མཚམས་ཀྱི་དཔོན་རྣམས་ལ་ཡང་ས་མཚམས་ལེགས་པར་འཛིན་པ། བོད་དང་ཞེ་འགྲས་མི་བྱེད་པའི་བཀའ་གནང་། འོན་ཀྱང་བོད་ཀྱི་ཕོ་བྲང་པ་རྣམས་གཏམ་འདི་ལ་ཡིད་མ་ཆེས་པས་རྒྱའི་ཕོ་ཉ་ས་མཚམས་སུ་སླེབས་པ་ན་ཡང་བོད་རྣམས་དོགས་འཇིགས་ཆེར་སྐྱེས། དེ་དུས་བོད་རྗེ་བཙན་པོ་ཙི་ལི་བཙན་[ཁྲི་སྲོང་ལྡེའུ་བཙན་气立赞]རྒྱལ་སར་བཞུགས་པ་དེས་རྒྱའི་ཕོ་ཉ་ལ་འདི་སྐད་སྨྲས། ངེད་དོན་གསུམ་གྱི་ཕྱིར་ཐུགས་ལ་འགྱོད་ཤིན་ཏུ་ཆེ། དོན་དང་པོ། གོང་མ་གཤེགས་ནས་ཕོ་ཉ་མ་བཏང་། གཉིས་པ། གོང་མའི་སྐུ་པུར་ལ་བོད་ཀྱིས་མཆོད་པ་མ་གྲུབ། གསུམ་པ། གོང་མ་གསར་པ་ཁྲི་ལ་འཁོད་ནས་ངེད་ཀྱི་དམག་གིས་ལན་ཇོ་དང་༑ གོན་ཁེ་བུའུ་གཉིས་བཅོམ་ཞིང་ཕུ་བེན་གྲོང་ཁྱེར་ནང་དུ་ཡང་ཞུགས། དེའི་ཕྱིར་བེ་ལོན་དང་མཉམ་དུ་བོད་ཀྱི་ཕོ་ཉ་ཞིག་ཀྱང་སླར་རྒྱ་ལ་བཏང་། དེའི་རྗེས་སུ་གོང་མས་སླར་ཡང་ལན་གཉིས་པར་དཔོན་བེ་ལོན་དང་བོད་མི་བཟུང་ཡོད་པ་མང་པོ་བཅས་བོད་དུ་བརྫངས༑ དཔོན་བེ་ལོན་བོད་དུ་འབྱོར་བ་ན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཐུགས་དགྱེས་ཆེས་ཏེ་ཕོ་ཉའི་མདུན་དུ་རོལ་མོ་བྱེད་པ་རྣམས་ཀྱིས་བསུར་བཅུག་སྟེ་གནས་ཚང་དུ་ཕབ། ཉིན་དགུའི་རྗེས་སུ་རྒྱའི་ཕོ་ཉ་དང་མཉམ་དུ་བོད་བློན་ཅིན་མིན་ཟི་[ཆན་མེན་ཟི་论钦明思]འཁོར་ལྔ་བཅུ་དང་བཅས་པ་སྐྱེས་དང་བཅས་རྒྱའི་ཕོ་བྲང་དུ་བཏང་།

ལོ་རྗེས་མར་གོང་ནས་དཔོན་ཙུའི་ཧན་ཧུན་[ཚུའེ་ཧན་ཧིན་崔汉衡]བོད་དུ་ཕོ་ཉར་བཏང་༑ དེ་དུས་བཙན་པོས་ཕོ་ཉ་ལ་རྩིས་མཐོང་མ་མཛད་ཅིང་འདི་སྐད་གསུངས། ངེད་ནི་ཐང་གུར་གྱི་གོང་མ་དང་ཞང་ཚན་དུ་འབྲེལ་བ་ལ་གོང་མའི་བཀའ་ཕབ་བྱ་བ་འདི་ཉིད་རང་གི་འབངས་རྣམས་བྱེད་དུ་ཟད་མོད་ངེད་ལ་དེ་ལྟར་བྱེད་ན་དམའ་འབེབས་སུ་འགྲོ་གསུང་། ཡང་༑ ཡུན་ཇོའི་ཕྱོགས་ཀྱི་ནུབ་ངོས་སུ་ཧེ་ལེན་[ཧི་ལན་贺兰]བྱ་བའི་རི་རྒྱུད་ཡོད་པ་དེ་རྒྱ་བོད་ཀྱི་ས་མཚམས་སུ་བྱེད་དགོས་གསུངས། གཏམ་དེ་རྣམས་ཕོ་ཉ་ཧན་ཧུན་བརྒྱུད་ནས་གོང་མའི་སྙན་དུ་བསྐྱལ་ཅིང་ཕོ་ཉའི་འཁོར་གྱི་དཔོན་པོ་ཙང་ལུའུ་[ཁྲང་ལུའུ་常鲁]དང་བོད་བློན་ཟི་ཞོ་ལོ་[སྟག་སྒྲ་悉诺罗]གཉིས་ཆེད་གཏད་ཀྱིས་བཏང་། ཁོང་གཉིས་ཀྱིས་གོང་མ་ལ་རྒྱའི་ཕོ་ཉ་བོད་དུ་སླེབས་ནས་རྗེ་བཙན་པོ་རང་ཉིད་ཀྱིས་ཕོ་ཉ་དང་ལྷན་དུ་མནའ་བསྐྱལ༑ ད་ནི་གོང་མ་རང་གིས་ཀྱང་བོད་ཀྱི་ཕོ་ཉ་དང་ལྷན་དུ་དབུ་བསྙུང་བཞེས་པར་འཚལ། རྗེ་བཙན་པོའི་དགོངས་པ་ལ་དེ་འདྲ་བྱས་ན་ཚུལ་མཐུན་དུ་གཟིགས་པ་ལགས་ཞུས་པས་གོང་མས་ཀྱང་གསན། དེ་ནས་གོང་མས་བཀའ་གནང་སྟེ་དེང་ཕྱིན་ཆད་བོད་ཀྱི་བཙན་པོས་གོང་དུ་བཏང་བའི་ཡི་གེའི་ནང་དུ་ཞན་[献] བྱ་བའི་ཚིག་གི་ཚབ་ཏུ་ཇིན་[进]ཞེས་འབྲི་དགོས། (ཕུལ་བྱ་བའི་དོན་དུ་སྤྲད་ཅེས་འབྲི་བ་ཡིན)ཙེ་[赐]བྱ་བའི་ཚབ་ཏུ་[ཅི་[寄]ཞེས་འབྲི་དགོས་(གནང་བྱ་བའི་དོན་དུ་བསྐུར་ཅེས་བྲི་བ་ཡིན)ལིན་ཆུའི་[领取]བྱ་བའི་ཚབ་ཏུ་ལིན་ཅི་[领之]ཞེས་འབྲི་དགོས)(བླངས་པ་བྱ་བའི་དོད་དུ་འབྱོར་བ)ཞེས་བྲིས། དེ་བཞིན་གོང་ནས་བཙན་པོ་ལ་བཏང་བའི་ཡི་གེའི་ནང་དུ་ཅི་<ཙེ>བྱ་བ་(སྩལ)གྱི་དོན་དུ་སྤྲད་བྱ་བ་འབྲི་དགོས༑ སྔར་བློན་ཆེན་ཡང་ཡན་[དབྱང་ཡན་杨炎]གྱིས་གནའ་མོའི་སྲོལ་ལམ་རྒྱུས་མེད་པས་དེ་ལྟར་བྱས་གསུངས། ལྔ་པ་ཆེན་པོའི་སྐབས་སུ་ཡང་གོང་མ་ལ་ཞབས་དྲུང་དང་ཞུ་བ་གཉིས་མི་དགོས་གསུང་ཚུལ་སྣང་། དེར་ཧེ་ལན་གྱི་རི་རྒྱུད་དུ་ས་མཚམས་བྱེད་པར་ཐག་བཅད༑ འོན་ཀྱང་བོད་ཀྱི་བློན་ཆེན་པོ་ཞང་ཟི་ཅེ་[ཞང་ཞེ་ཅེ་尚悉结]དེ་མི་ཁྲག་གིས་མི་ངོམས་པ་ཞིག་ཡིན་པས་སྔར་ཇང་ནན་དུ་བོད་ཕམ་པའི་ཞེ་ནད་བསྐྱེད་དེ་ད་དུང་རྒྱ་ལ་དགྲ་ལན་ལེན་འདོད་ཆེ་བས་འདུམ་གྱི་ཡི་གེ་བྱེད་པ་ལ་གེགས་ཅི་འཁྱོལ་བྱས། བློན་ཆེན་གཉིས་པ་ཞང་གེ་བཙན་[ཞང་རྗེ་བཙན་尚结赞]ནི་མི་སེམས་བཟང་པོ་ཡིན་པས་བཙན་པོ་ལ་ཡང་ནན་གྱིས་ཞུས་ཏེ་འདུམ་བྱེད་པའི་གྲོས་གསོལ། མཐར་བཙན་པོས་ཞང་གེ་བཙན་ལ་ཞང་བློན་ཆེན་པོའི་གོ་ས་བསྩལ་སྟེ་རྒྱ་དང་འདུམ་བྱེད་པའི་གྲོས་འགོ་ཚུགས། བོད་ཀྱི་བློན་པོ་ཅུའི་ཟའི་ཙང་[ཆོས་རྒྱལ་བཙན་区颊赞]དང་རྒྱའི་ཕོ་ཉ་ཙུའེ་ཧན་ཧུན་ལྷན་དུ་རྒྱ་ཡུལ་དུ་བཏང་། ཆིངས་ཡིག་གི་དོན་ཚན་ལ་ས་མཚམས་སུ་མནའ་སྐྱེལ་དགོས་བྱུང་བ་བཞིན་གོང་མས་རྒྱ་དཔོན་ཕྷན་ཛེ་[ཕྷིན་ཙེ་樊泽]བྱ་བ་བོད་ཀྱི་བློན་ཆེན་པོ་ཞང་གེ་བཙན་ལ་གྲོས་མོལ་བྱེད་དུ་བཏང་ཞིང་ཡུལ་ལུན་ཡི་[ལུང་ཡུག་陇右]ལ་སྡོད་པའི་དམག་དཔོན་ཇང་ཡི་[ཀྲང་དབྱི་张锰]མནའ་སྐྱེལ་དུ་བཏང་ངོ་། །དེ་ནས་བོད་བློན་ཞང་གེ་བཙན་དང་རྒྱ་དཔོན་ཕྷིན་ཛེ་གཉིས་ཆུ་བོ་ཙུན་ཞིས་[ཆིན་ཧྲོས་清水]འགྲམ་དུ་མནའ་སྐྱེལ་བའི་གྲབས་བཤམས། བོད་རྣམས་ཀྱིས་རྟ་དང་གླང་རྣམས་དམར་མཆོད་དུ་བསྡུས་པར་རྒྱ་དཔོན་མ་དགའ་ནས་བོད་བློན་ལ་གླང་མེད་ན་ངེད་རྒྱ་རྣམས་སོ་ནམ་བྱེད་མི་ཐུབ། རྟ་མེད་ན་ཁྱེད་བོད་རྣམས་དམག་ལ་འགྲོ་མི་ཐུབ། དེས་ན་ཁྱི་ཕག་ལུག་རྣམས་དམར་མཆོད་བྱས་ན་འཐུས་སྨྲས་པས་བོད་བློན་གྱིས་ཀྱང་མཉན། དེར་མཆོད་སྟེགས་གཙང་མར་བྱས། ཕྱོགས་གཡས་གཡོན་ནས་རྒྱ་དང་བོད་ཀྱི་དམག་མི་ཉིས་སྟོང་རེ་རུ་བསྒྲིགས་ཏེ་དཔོན་རྣམས་མཆོད་སྟེགས་ཀྱི་མདུན་རོལ་ཏུ་ཚོགས། མཆོད་ཁྲིའི་ངོས་གཅིག་ཏུ་རྒྱའི་དཔོན་པོ་ཇང་ཡི་[ཀྲང་དབྱི་张锰]ཅི་ཡིན་[ཆི་དབྱང་齐映]ཅི་ཀང་[ཆི་ཁང་齐抗]ཙུའི་ཧན་ཧུན་[崔汉衡]ཡུའི་ཡུ་[ཡུས་ཡི་畴于] ཕྷན་ཛེ། ཅང་ལུའུ་རྣམས་དང་འཁོར་རྣམས་གཟབ་སྤྲོས་དང་བཅས་ཏེ་བསྡད་པར་བོད་ཀྱི་ཕྱོགས་ནས་ཞང་བློན་ཞང་གེ་བཙན། བློན་ཟི་སའི་བཙན་[ཞི་རྒྱལ་བཙན་悉结赞]བློན་བཙན་ཞོ་[གཙང་བཞེར་减热]བློན་ལི་ཞོ་[ལི་ཐོ་利陀]བློན་ལི་ཡི་[ཁྲི་གཟིགས་乞 力]རྣམས་ཚུར་ལ་མཆོད་ཁྲིའི་ཕྱོགས་སུ་འོངས། དེར་མཆོད་སྟེགས་ཀྱི་བྱང་དུ་སྲོག་ཆགས་རྣམས་བསད་ནས་ཁྲག་མཆོད་དེ་མནའ་བསྐྱལ་ཅིང་མནའ་ཚིག་བརྗོད་པ་ནི། འཛིན་ཅོ་[ཅིན་ཀྲའུ་径州]]ནས་ནུབ་ཏུ་ཐང་ཙན་ཞ་[ཐན་ཀྲིན་ཞ་弹筝峡]བྱ་བའི་རོང་ལ་ཐུག་གི་བར་དང་། ལུང་ཅོ་[ལུང་ཀྲའུ་龙州]ནས་ནུབ་ཕྱོགས་སུ་འཛིན་ཞུའི་[ཆིན་ཧྲོས་清水]བར་དང་། ཐེང་ཅོ་ནས་ནུབ་ཏུ་[ཧྥིན་ཀྲའུ་凤州]  ཏུང་ཀུའུ་[ཐུང་གུའུ་同谷]ཞན་བར༑ ཇན་ནན་[ཅན་ནན་剑南]ནས་ནུབ་ཏུ་ཏ་རྟའུ་ཞིའི་[ཏ་ཏུའུ་ཧྲོས་大渡水]བར་གྱི་ས་འདི་རྣམས་རྒྱའི་ཆབ་འོག་ཡིན། ལན་ཇོ་[ལན་ཀྲའུ་兰州]བེ་ཇོ་[ཝེ་ཀྲའུ་滑州]ཡུའན་ཇོ་[ཡོན་ཀྲའུ་原州]ཧེ་ཅོ་[ཧོ་ཀྲའུ་会州]རྣམས་བོད་ཀྱི་ཆབ་འོག་ཡིན། ཤར་ངོས་སུ་ཅན་ཅོ༑ ཏ་ཏུའུ་ཞིའི་ནུབ་ཀྱི་འགྲམ། ཆུ་ཆེན་པོའི་ལྷོ། ཟིན་ཙུའན་འཇིན་[ཞིན་ཆོན་ཅུན་辛泉 军]ནས་བྱང་། ལྷོ་ཕྱོགས་སུ་ཐོ་ཐོ་ལིང་[ཐོ་ཐོ་སྒང་橐它岭]བར་ཏེ། འདིའི་བར་གྱི་ས་ཁྱོན་རྣམས་སྟོང་པར་འཇོག  རྒྱལ་ཁབ་གཉིས་པོ་སུས་ཀྱང་འདིར་གྲོང་ཁྱེར་མི་བརྩེགས། མཁར་མི་བསྐྱིལ༑ སོ་ནམ་མི་བྱའོ་ཞེས་མནའ་བསྐྱལ་ལོ། ། དེ་ནས་བོད་རྣམས་ཀྱིས་མཆོད་ཁྲིའི་ལྷོ་ནུབ་ངོས་ན་སངས་རྒྱས་ཀྱི་ལྷ་ཁང་ཆུང་ངུ་ཞིག་ཡོད་པའི་ནང་དུ་རྒྱ་དཔོན་རྣམས་ཁྲིད་ནས་དེར་མནའ་སྐྱེལ་དུ་བཅུགས། དེའི་རྗེས་སུ་ཐམས་ཅད་མཆོད་སྟེགས་མདུན་དུ་ཚོགས་ནས་སྟོན་ཆེན་ལ་རོལ། གཅིག་གིས་གཅིག་ལ་བདེ་ཞུ་བྱས་ནས་རང་གི་ཡུལ་དུ་ལོག་གོ། །

དེའི་རྗེས་སུ་གོང་མའི་བཀས། རྒྱ་དཔོན་དང་ལས་སྣེ་[ཆེན་]མོ་བ་ཐམས་ཅད་བོད་ཀྱི་ཕོ་ཉ་དང་ལྷན་དུ་རྒྱལ་ས་ཅང་ངན་[ཁྲང་ཨན་长安]དུ་མནའ་བསྐྱལ། འོན་ཀྱང་ཆིངས་ཡིག་ཏུ་ས་མཚམས་ཀྱི་རྟགས་གསལ་བར་མ་བཅད་པས་དེའི་སླད་དུ་དཔོན་ཙུའི་ཧན་ཧུན་[ཚུའི་ཧན་ཧིན་崔汉衡]སླར་ཡང་བོད་ཀྱི་བཙན་པོའི་དྲུང་དུ་བཏང་ཏེ་ས་མཚམས་ཀྱི་རྟགས་བཅད་ཅིང་མནའ་བསྐྱལ། དེའི་རྗེས་སུ་རྒྱའི་དཔོན་ཆེན་ལི་ཅུང་ཆེན་[ལི་ཀྲུང་ཁྲིན་李忠臣]ལུའུ་ཅི་[卢杞]གོན་བྷོ་[ཀོན་པའོ་关播]ཙུའུ་ནན་[ཚུའེ་ཉིན་崔宁]རྩིས་དཔོན་ཅའོ་ལིན་[ཆའོ་ལྷིན་乔琳]ཁྲིམས་དཔོན་ཆེ་བ་ཡུའུ་སིན་[ཡུས་ཆི་于欣]གོང་མའི་ཕོ་བྲང་གི་དོ་དམ་པ་ཇང་ཞན་གུན་[ཀྲང་ཞན་ཀུང་张献恭] སོ་ནམ་ལས་ཁུངས་ཀྱི་གཙོ་བོ་དྭན་སུའི་ཞི་[ཏོན་ཤིའུ་ཧྲེ་段秀实] ལས་ཁུངས་ཆུང་བའི་དོ་དམ་པ་ལི་ཅང་ཀྭེ་[ལི་ཁྲང་ཁོས་李昌夔] རྒྱལ་སའི་མི་དཔོན་ཝང་ཧུང་[王翔]སྐུ་སྲུང་དམག་དཔོན་ཧུན་ཞན་[ཧུན་ཇན་浑瑊]རྣམས་བོད་ཀྱི་བློན་པོ་ཙུའི་སའི་བཙན་[ཆོས་རྒྱལ་བཙན་区颊赞]དང་མཉམ་དུ་ནུབ་ངོས་ཀྱི་གྲོང་ཁྱེར་ཕྱི་མའི་ནང་ལ་སྔར་བཞིན་མནའ་བསྐྱལ། ཟླ་བ་གསུམ་པའི་ནང་ལ་གོང་མ་རང་ཉིད་ཉིན་གསུམ་དུ་སྨྱུང་གནས་མཛད་དེ་ལྷ་ཁང་ཆེན་པོར་ཕེབས་ཤིང་བློན་གོན་བྷོ་[ཀོན་པའོ་关播]པུས་མོ་བཙུགས་ཏེ་ཆིངས་ཡིག་བསྒྲགས། མནའ་བསྐྱལ་ཚར་ནས་སྟོན་མོ་ཆེན་པོ་བྱས། བློན་ཆེན་ལི་ཀྭེ་[ལི་ཁོས་李揆]ལ་གོང་མའི་བཀའ་བྱུང་བ་བཞིན་བོད་ལ་མནའ་སྐྱེལ་དུ་བཏང་ངོ་། །

བོད་ཀྱི་བློན་པོ་ཙུའི་སེ་བཙན་སླར་ལོག་པའི་སྐབས་སླར་ཡང་རྒྱ་ནག་ཏུ་ནང་འཁྲུག་བྱུང་༑ (འདས་རྗེས་ཀྱི༡༣༢༨པའི་ལོ་ལ)བོད་རྣམས་ནས་གྲོགས་ཏན་བྱེད་རྒྱུའི་ཡི་གེ་བཏང་། བོད་ཀྱི་དམག་དཔོན་ལུན་མང་ལུ[བློན་མང་ལོད论莽罗]དམག་ཁྲིད་དེ་རྒྱའི་དམག་དཔོན་ཧུན་ཞེན[ཧུང་ཇན浑碱]དང་བསྡོངས་ནས་ངོ་ལོག་བྱེད་མཁན་གྱི་དགྲ་རྣམས་བོའུ་ཐིན་ཆོའན[ཝུའུ་ཐིན་ཁྲོན武亭川]གྱི་འགྲམ་དུ་ཕམ་པར་བྱས། དེའི་རྒྱུ་མཚན་གྱིས་ཆིངས་ཡིག་ཏུ་ཡང་བོད་རྣམས་ཀྱིས་རྒྱལ་ས་ཅང་ངན[ཁྲང་ཨན长安](ད་ལྟའི་ཤིའི་ཨན་ཧྥུ)ངོ་ལོག་གི་དགྲ་ལས་བསྐྱབས་པའི་བྱ་དགར་འཇིན་ཅོ། ལིན་ཇོ་ལ་སོགས་པའི་ཞིང་ཆེན་བཞི་བོད་ལ་བྱིན་པ་ཡིན་ཅེས་བྲིས། དེའི་སྐབས་སུ་རྒྱ་ནག་ཏུ་ནད་ཡམས་དྲག་པོ་ཞིག་མཆེད་པས་བོད་དམག་རྣམས་མྱུར་དུ་ཕྱི་ལ་ཐོན། རྒྱའི་རྒྱལ་ས་མ་བསྲུངས་པར་སོང་བས་རྒྱ་རྣམས་ཀྱི་སེམས་ལ་རྒྱའི་ངོ་ལོག་པའི་དགྲ་གཙོ་བོ་ཇུའུ་ཙེས[ཀྲུའུ་ཚི朱泚]བོད་རྣམས་ལ་ལྐོག་རྔན་བརྫངས་པར་བསམས། དེར་དཔོན་ཧུན་ཞན་གྱིས་བོད་རྣམས་ལ་རྒྱལ་ས་བསྲུང་དགོས་པར་ཡང་ཡང་སྨྲས་ཀྱང་ཁོང་རྣམས་སླར་འོང་དུ་མ་འདོད། རྒྱ་དམག་གྲངས་ཉུང་བའི་རྐྱེན་གྱིས་རང་གི་རྒྱལ་ས་བསྲུང་མ་ནུས། གོང་མ་ཤིན་ཏུ་ཐུགས་ཕམ། བློན་ཆེན་ལུའུ་ཙང་གིས་གོང་མ་ལ་བོད་རྣམས་ལས་ལ་ཕྱི་དལ་བྱས། འོན་ཀྱང་རྒྱ་རང་གི་དམག་དཔོན་རྣམས་ཀྱིས་ཀྱང་དགྲ་ཕམ་ནུས་ངེས་པས་ཁོང་རྣམས་ལ་གསོལ་རས་དང་གོ་ས་གནང་དགོས་ཞེས་ཞུས། ངོ་ལོག་གི་དགྲ་ཕམ་པའི་རྗེས་སུ་བོད་རྣམས་ཀྱིས་ཞིང་ཆེན་བཞི་ངེད་ལ་བྱིན་ཅེས་སྨྲས་པར་གོང་མས་གནང་དུ་མ་བཞེད། བཀའ་ཡིག་ཙམ་བསྩལ་ཅིང་བོད་ཀྱི་བློན་པོ་ཞང་གེ་བཙན་དང་ལུན་མང་ལུ་གཉིས་ལ་དར་གོས་ཡུག་ཁྲི་རེ་རེ་གནང་། བོད་རྣམས་ཁོང་ཁྲོ་ཆེར་ལངས།

ཇན་ཡུན་གྱི་ལོ་གཉིས་པ(སངས་རྒྱས་འདས་རྗེས་ཀྱི༡༣༣༠)ལ་གོང་ནས་བློན་ཆེན་ཇའོ་གྱན[ཀྲའོ་ཡུས赵聿]བོད་དུ་ཕོ་ཉར་བཏང་། འོན་ཀྱང་བོད་དམག་གིས་ཇིན་ཅོ། སོང་ཅོ༑ པིན་ཇོ། ཉིན་ཅོ་རྣམས་བཅོམ། མི་སེར་དང་བ་ཕྱུགས་འཕྲོག ཞིང་རྣམས་བརླག དེར་སྡོད་པའི་འབངས་རྣམས་ཀྱིས་སའི་མདའ་ར་བརྩིགས། བོད་དམག་ཧོ་ཅེ[ཧོ་ཀྲི好畤]བར་དུ་སླེབས། རྒྱའི་དམག་དཔོན་ཇང་ཞན་ཧྥུའུ[ཀྲང་ཞན་ཧྥུའུ张献甫]དང་ལི་ཞན་ཡོན[ལི་ཧྲིན་ཐན李晨昙]གཉིས་ཀྱིས་དམག་ཁྲིད་དེ་ཟན་ཡང[ཞན་དབྱང咸阳]དང་ཧེ་ཅུང[ཧོ་ཀྲུང河中]དུ་བསྡད། དམག་དཔོན་ཧུན་ཞན་དཔའ་ཅེ་ལ་བསྡད། དམག་དཔོན་ལུའུ་ཡུའུན་གོན་ནུབ་ཕྱོགས་ཀྱི་དཔུང་གི་གཙོ་བོར་བཞགདཔོན་ཁན་ཅེན་ཕོ་ཉར་བྱས་ཏེ་བཏང་ངོ་།།

ཞང་གེ་བཙན་ཞང་ཇེ་བྱ་བའི་གྲོང་ཁྱེར་དུ་བསྡད། སྔར་བློན་ཅི་ཏོ་མནའ་སྐྱེལ་དུ་ཁོ་རང་གིས་བཏང་། རྒྱ་དཔོན་ལི་ཞན་[ལི་ཁྲིན་李晟]གྱིས་དཔའ་བོ་སུམ་སྟོང་ཁྲིད་ནས་མཚན་མོ་ཙཱན་ཡང་[ཆན་དབྱང་汧阳]དུ་ཞུགས། ཉིན་ཕྱི་མར་བོད་ཀྱི་དམག་ས་དབུས་རུའི་སྒར་ལ་ཉེ་བར་སླེབས་པས་ཞང་གེ་བཙན་དང་བོད་རྣམས་འཇིགས་ཏེ་བྲོས། ཡང་བོད་དམག་ཁྲི་གཉིས་ཕུན་ཟན་[ཧྥུན་ཞང་凤翔]གྲོང་ཁྱེར་དང་ཉེ་བར་སླེབས་ཀྱང་དཔོན་ལི་ཞན་གྱིས་སླར་བསྐྲད། དེའི་རྗེས་བོད་དམག་གིས་གློ་བུར་དུ་ཙུའི་ཞ་ཕུ་[ཚོས་ཧྲ་པའོ་崔沙堡]བཅོམ། འབྲུ་མཛོད་མེ་ལ་བསྲེགས། གྲོང་ཁྱེར་གྱི་དམག་རྣམས་རལ་གྲིས་བསད། དེ་ནས་ཡན་ཇོ་(ཉིན་ཞ་)[ཡན་ཀྲའུ་盐州]དང་ཤ་ཅོ་[ཞ་ཀྲའུ་夏州)བཅོམ། ཞིང་གི་དཔོན་པོ་ཏུའུ་ཡང་ཀྭང་[ཏུའུ་ཡང་ཀོང་杜彦光]དང་དཔོན་ཏོ་བྷ་ཅན་ཧུན་[ཐོ་པ་ཆན་ཧོས་拓拔乾 晖]གཉིས་དམག་དང་བཅས་ཏེ་ལྷོ་ཕྱོགས་སུ་བྲོས། བོད་ཀྱིས་གྲོང་ཁྱེར་གཉིས་ཀ་བཟུང་།

དེའི་རྗེས་སུ་ཡུན་ཇོ་དང་ལིན་ཅོ་བཟུང་། ས་མཚམས་ཀྱི་འབངས་རྣམས་སྤྲང་པོ་བྱས། མི་མང་པོ་བཟུང་ནས་ཁྲིད། གོང་མའི་བཀའ་དམག་དཔོན་ལོ་ཡུན་ཀྭན་[ལོ་ཡོན་ཀོང་骆元光]གིས་ཡན་ཇོ་དང་ཤན་ཇོ་ལ་གཉེར་བྱེད་དུ་བསྐོས། དེའི་སྐབས་ཨི་ཞི་ལ་ཕུ་དང་བང་བྷི་གཉིས་ཀྱིས་ཙུའུ་ཞ་ཕུའི་འགྲམ་དུ་བོད་རྣམས་ཕམ་པར་བྱས་ཤིང་མཁར་སླར་འཕྲོག མཁར་གྱི་ནང་དུ་བོད་ཀྱི་བང་མཛོད་ཡོད་པ་མེ་ལ་བསྲེགས་ཏེ་ཕྱིར་ལོག

ཅིན་ཡོན་ལོ་གསུམ་པ་(འདས་རྗེས་ཀྱི་༡༣༣༡ལོ)ལ་གོང་ནས་ཞི་བའི་ལས་བྱེད་ཙུའི་ཧན་[ཚོ་ཧན་崔瀚]དང་ལི་ཞན་[李铦]གཉིས་བོད་དུ་བཏང་། ཞང་གེ་བཙན་གྱིས་ཡན་ཇོ་དང་ཤ་ཇོ་བཟུང་སྟེ་ས་དེར་དམག་སྒར་བཏབ་ཅིང་རང་ཉིད་མིན་ཤ་[མཱིན་ཧྲ鸣沙]ཕྱོགས་སུ་སོང་། རྒྱའི་དམག་དཔོན་ལོ་ཡུན་ཀྭང་དང་ཧན་ཡི་ཧན་[ཧན་ཡེའུ་ཧོན་韩游环)གྱིས་ས་མཚམས་སུ་དམག་སྒར་བཏབ་ཅིང་དཔོན་མ་སུའི་། [མ་སོས་马燧]བྱ་བས་ཤི་ཇོ་[ཧྲེ་ཀྲའུ་石州]ལ་སྒར་བཏབ་པར་ཞང་གེ་བཙན་སྐྲག་སྟེ་ཆིངས་ཡིག་བྱེད་པའི་ཞུ་བ་ཡང་ཡང་ཕུལ་ཀྱང་གོང་མས་གསན་དུ་མ་བཞེད། དེ་དུས་བོད་ཀྱི་དམག་དཔོན་ལུན་སེ་ཞོ་[བློན་རྒྱ་བཞེར་论颊热]ནས་རྒྱ་དཔོན་མ་སུའི་ལ་ལྐོག་རྔན་སྤྲད་དེ་ཆིངས་བྱེད་པའི་གྲོས་བཏབ་པས་ཁོས་ཉན་ཏེ་ཕོ་བྲང་དུ་སོང་། དེའི་ཤུལ་དུ་དམག་དཔོན་གཞན་རྣམས་རང་རང་གི་མཁར་གྱི་ནང་དུ་བསྡད་ནས་འཐབ་མོ་མ་བྱས། སྐབས་དེར་ཞང་གེ་བཙན་ཕྱིར་སླེབས། ལྟོ་ཆས་དཀོན་ཅིང་ཁོའི་རྟ་མང་པོ་ཤི་བས་དམག་རྣམས་རྐང་ཐང་ལ་བགྲོད་དཀའ་བར་བྱུང་། དེ་དུས་ཙུའི་ཧན་མིན་ཤར་(དུ)སླེབས་ཏེ་གོང་མའི་བཀའ་བསྒྲགས་ཤིང་ཞང་གེ་བཙན་གྱིས་ཆིངས་ཡིག་སྒྲུབ་པའི་རྗེས་སུ་ཁྲེལ་མེད་དུ་ཡན་ཇོ་དང་ཤ་ཇོ་བཟུང་ཚུལ་སྨྲས་པར་ཞང་གེ་བཙན་ན་རེ། ཁྱེད་རྣམས་ངེད་ཅག་ལ་བྱ་དགའ་སྦྱིན་པར་ཁས་བླངས་ནས་མ་བྱིན་པས་ང་འདིར་ཡོང་བ་ཡིན། ས་མཚམས་ཀྱི་རྡོ་རིང་རྣམས་འགྱེལ་ནས་ས་རྟགས་མི་གསལ་ཅིང་ངོ་སྤྲོད་མ་བྱས་པས་ངེད་རང་མཁར་གཅིག་བརྩིག་ཏུ་འདིར་འོངས། ཁྱེད་ཀྱི་ཕུན་ཟན་ཞིང་ཆེན་གྱི་དཔོན་པོས་ངའི་ཕོ་ཉ་ལ་མཇལ་འཕྲད་མ་བྱས། ངེད་རྒྱའི་ཕོ་ཉ་ལ་བསྒུགས་ནས་ཇི་སྲིད་ཙམ་བསྡད་ཀྱང་སུ་ཡང་མ་སླེབས་པས་སླར་ལོག་པ་ཡིན། ཁྱེད་ཀྱི་ཤ་ཅོ་དང་ཡན་ཇོ་ལ་སྡོད་པའི་དཔོན་པོ་རྣམས་ངའི་དམག་ལ་འཇིགས་ནས་གྲོང་ཁྱེར་བཞག་སྟེ་བྲོས་པ་མ་གཏོགས་ངེད་རང་ལ་ནི་གྲོང་ཁྱེར་དེ་གཉིས་བཅོམ་འདོད་པའི་བསམ་པ་མེད། གལ་ཏེ་གོང་མས་མནའ་སྐྱེལ་བར་ཁས་བླངས་ན། ཤ་ཅོ་དང་ཡན་ཇོ་གཉིས་ཁྱེད་རྣམས་ལ་སླར་སྤྲད་པས་ཆོག ཙུན་ཞིའི་འགྲམ་དུ་མནའ་སྐྱེལ་དུས་རྒྱའི་འཐུས་མི་ཉུང་ངུ་ཞིག་ལས་མེད་སྟབས་ཆིངས་ཡིག་དེ་ཡང་བཀའ་མ་བཙན་པར་བྱུང་། དེས་ན་ད་ལན་གྱི་མནའ་ལ་རྒྱའི་བློན་ཆེན་དང་དམག་དཔོན་ཉི་ཤུ་རྩ་གཅིག་ཙམ་གཏོང་དགོས། ཁྱད་པར་དུ་ལིན་ཇོའི་དམག་དཔོན་ཏུའུ་སི་ཙོ་[ཏུའུ་ཞི་ཆོན་杜希全]དང་ཙུན་བན་གྱི་དམག་དཔོན་ལི་ཀྭན་[ལི་ཀོན་李观]གཉིས་ཕྱི་མིའི་ཁྲོད་ན་མཐོང་ཆེ་བས་ཁོང་གཉིས་མནའ་སྐྱེལ་དུ་འོངས་དགོས་ཟེར། འོན་ཀྱང་གོང་མས་དཔོན་ཙུའེ་ཧན་ཞང་གེ་བཙན་གྱི་རྩར་བཏང་། ཏུའུ་སི་ཙོ་དེ་ལིན་ཇོའི་ཡུལ་ན་ས་སྲུང་བྱེད་ཅིང་དཔོན་ལི་ཀྭན་ཡང་ཡུལ་གཞན་དུ་བཏང་བས་ཁོང་གཉིས་ས་མཚམས་སུ་འོངས་མ་ཐུབ༑ དེའི་ཕྱིར་རྒྱ་དཔོན་ཧུན་ཞན་མནའ་སྐྱེལ་དུ་བཏང་། ཟླ་བ་ལྔ་པའི་ནང་ལ་ཙུན་ཞིའི་འགྲམ་དུ་འཚོགས་རྒྱུའི་གྲ་བསྒྲིགས་སོ།  །བོད་ཀྱི་སེམས་ཚོད་གོ་བའི་ཕྱིར་ཞང་གེ་བཙན་ལ་ཡན་ཇོ་[盐州]དང་ཤ་ཇོ་[ཞ་ཀྲའུ་夏州]གཉིས་རྒྱ་ལག་ཏུ་སྤྲོད་དགོས་སྨྲས་པར་ཁོ་ན་རེ། མནའ་ལ་ཚོགས་པའི་རྗེས་སུ་ཞིང་དེ་གཉིས་རྒྱ་ལ་བྱིན་པས་ཆོག  འོན་ཀྱང་ཙུན་ཞིའི་འགྲམ་དེ་ས་བཀྲ་ངན་པས་དེར་ཚོགས་སུ་མི་བཏུབ། དེ་བས་ཡན་ཇོའི་ཡུལ་གྱི་ཆ་ཏོའུ་ལེ་ཞུ་[ཐུའུ་ལི་ཧྲུའུ་土梨树]བྱ་བའི་གྲོང་དུ་ཚོགས་པ་འཐད་ཟེར་བར་གོང་མས་ཀྱང་གསན།  དཔོན་ཧུན་ཞན་རང་ཉིད་གོང་མའི་བཀའ་ལེན་དུ་སོང་། ཙུའི་ཧན་ཧུན་ལ་དམག་གི་ལས་ཁུངས་དོ་དམ་པའི་གོ་གནས་བསྩལ་ཏེ་ཁོའི་ལས་གྲོགས་བྱས། དཔོན་ཧུན་ཞན་གྱིས་དམག་ཁྲི་ཚོ་གཉིས་གྲ་བསྒྲིགས་ཏེ་དུས་ལ་བསྒུགས་ནས་བསྡད། དམག་དཔོན་ལོ་ཡུའན་ཀྭན་གྱིས་ཁོའི་གྲོགས་བྱས། རྒྱ་བློན་རྣམས་མནའི་སྐོར་ལ་གྲོས་བསྡུར་བྱས་པར་མ་ཡུའུ་ལངགི་སེམས་ལ་གྲོང་ཏུའུ་ལི་ཞུ་དེ་ཕྱོགས་ཀུན་ནས་རི་ཆེན་པོ་དང་། ནགས་ཚལ་གྱིས་བསྐོར་བས་དམག་ལམ་འགོག་པའི་ཉེན་ཡང་སྲིད། དེ་ལས་ཕུན་ལང་[ཕྲིང་ལེང་平凉]གི་ས་ཐང་རྒྱ་ཆེ་བས་དེར་ཚོགས་པ་དྲག་ཞེས་བསམ་སྟེ་སྨྲས་པར་དེར་ཁ་མཐུན། དེ་ནས་དཔོན་ཧུན་ཞན་གྱིས་ཞང་གེ་བཙན་ལ་གྲོས་མོལ་ཏེ་རྒྱ་རྣམས་གནས་པོ་བ་དང་། བོད་རྣམས་མགྲོན་པོའི་ཚུལ་དུ་བྱེད་དགོས༑ མཆོད་སྟེགས་ཀྱི་ར་བའི་ཕྱི་ནས་ཕྱོགས་གཉིས་ཀའི་དམག་སྟོང་རེ་རེ་རུ་བསྒྲིགས་ནས་མཆོད་པ་བྱེད་པར་མི་བཞི་བརྒྱ་ལས་ལྷག་པ་མི་གཏོང་ཞིང་། དེའི་རྗེས་རྒྱ་བོད་ཀྱི་དཔོན་རྣམས་སོ་སོའི་དམག་རྩེད་ལ་བལྟ་རྒྱུ་བྱས། དེར་མནའ་སྐྱེལ་ལ་ཉེ་བ་ན་བོད་ཀྱི་ཞང་གེ་བཙན་གྱིས་མཆོད་སྟེགས་ཀྱི་ནུབ་ཕྱོགས་སུ་རྟ་དམག་བཟང་པོ་ཁྲི་གསུམ་རུ་སྒྲིག་བྱས་ཏེ་སོ་བ་ཞིག་རྒྱའི་སྒར་གྱི་ཕྱོགས་སུ་བཏང་། རྒྱའི་ཕྱོགས་ནས་ཀྱང་དཔོན་ལང་ཕན་གྱིང་[ལེང་ཧྥིན་ཀྲེན་梁奉贞]བོད་ཀྱི་སྒར་ཕྱོགས་སུ་བལྟར་བཏང་བ་ལ་བོད་རྣམས་ཀྱིས་གསང་སྟེ་བཟུང་༑ དཔོན་ཧུན་ཟན་གྱིས་དེ་མ་ཤེས། དེར་བོད་རྣམས་ཀྱིས་རྒྱ་དཔོན་ཧུན་ཟན་ལ་ན་བཟའ་བཞེས་ནས་རལ་གྲི་འདོགས་པར་ཞུས། རྒྱ་དཔོན་རྣམས་རང་རང་སོ་སོའི་གུར་དུ་གཟབ་སྤྲོས་བྱེད་དུ་སོང་། དེ་ཙ་ན་གློ་བུར་དུ་བོད་ཀྱི་དམག་གི་ནང་ནས་སྦུབ་རོལ་གྱི་སྒྲ་འུར་ཆེམས་ལན་གསུམ་བཏང་བ་དང་མཉམ་དུ་དམག་ཐམས་ཅད་ཀྭི་སྒྲ་ཆེན་པོ་དང་བཅས་ནས་ཡར་ལངས། དཔོན་ཧུན་ཟན་གྱིས་རྒྱུ་མཚན་མི་ཤེས་པས་རྟ་སྲབ་མེད་ཞིག་ལག་ཏུ་ཆུད་པར་བཞོན་ནས་བྲོས། ལེ་དབར་བཅུ་ཙམ་བྲོས་ནས་རྟ་ལ་སྲབ་བསྐོན། བོད་དམག་རྣམས་ཀྱིས་རྗེས་དེད་ནས་མདའ་སྐྱ་ཆར་བཞིན་དུ་ཕབ་ཀྱང་ཁོ་ཉེན་མེད་པར་དམག་དཔོན་ལོ་ཡུའན་ཀྭན་གྱི་སྒར་དུ་འབྱོར་ཏེ་ཐར། དམག་དཔོན་ཟིན་ཅིན་[ཞིན་རུང་辛荣]གྱིས་རྒྱ་དམག་བརྒྱ་ཕྲག་ཁ་ཤས་ཁྲིད་དེ་བྱང་ངོས་ཀྱི་རི་རྩེར་འཐབ་ར་བཟུང་ནས་མདའ་ནམ་ཚར་གྱི་བར་དུ་བོད་དང་འཐབ། དེ་ནས་བོད་ཀྱི་ལག་ཏུ་ཆུད། དཔོན་ཧན་ཡན་[韩弇]དང་ཟུང་ཕིང་ཆའོ་[སུང་ཧྥུང་ཁྲའོ་宋凤朝]གཉིས་གཡུལ་དུ་བཀུམ། བློན་ཙུའི་ཧན་ཧུན་དང་ཇན་ཞུ་ཙི། དྲུང་ཡིག་ཡུའན་ཐོན་ཇི་[ཡོན་ཐུང་ཀྲེ་袁同直]རྣམས་ཀྱང་བཟུང་། དམག་དཔོན་ཕུ་ཡི་ཅོང་[ཧྥུའུ་ཡུས་ཀྲུན་扶余準] དམག་དཔོན་མ་ཉིན་[马宁]དམག་དཔོན་མེན་ཞེ་དཔའ་[མོན་རི་ཧྭ་孟日华]དམག་དཔོན་ལི་ཙི་ཡན་[ལི་ཀྲི་ཡན་李至言]དམག་དཔོན་ཡོ་ཡན་མིན་[ཡོ་ཡན་མྱིན་乐演明] དམག་དཔོནཕྷན་སྟན[ཧྥནཁྲིན范澄]དམག་དཔོན་མཱ་ཡན་[马弇]ཉུག་རུམ་པ་ལི་ཡན་ཇི་[ལིའུ་ཡན་དབྱོང་刘延邕]ཅི་ཝན་ཇན་[ཅུད་ཝུན་ཀྲིན་俱文珍]ལི་ཇའོ་ཅིན་[ལི་ཁྲའོ་ཆིན李朝清]སོགས་དཔོན་དྲུག་ཅུ་བོད་ཀྱི་ལག་ཏུ་ཤོར། རྒྱ་དམག་ལྔ་བརྒྱ་ཙམ་བསད། དམག་མི་སྟོང་ལྷག་ཙམ་བཟུང་། དེར་དཔོན་ཙུའི་ཧན་ཧུན་གྱིས་བོད་དམག་ལ་ང་ལས་ཁུངས་ཀྱི་དོ་དམ་པ་ཡིན་ཅིང་ཁྱེད་ཀྱི་ཞང་གེ་བཙན་གྱི་གྲོགས་པོ་ཡང་ཡིན་པས་ང་བསད་ན་ཞང་གེ་བཙན་གྱིས་ཁྱེད་རྣམས་ཀྱང་གསོད་དུ་འོང་སྨྲས་པས་སྲོག་ ཐར༑ བོད་དམག་རྣམས་ཀྱིས་རྒྱ་མི་རེ་རེའི་རྒྱབ་ཏུ་ཤིང་དུམ་རེ་བཅིངས། སྐྲ་རྣམས་དེ་བཏགས་ཏེ་ཁྲིད། མཚན་ལ་བཙོན་པ་རྣམས་ཐག་པས་བཀྱིགས་ཏེ་ས་ལ་བསྙལ། དེའི་སྟེང་དུ། གདན་ཕྱིང་བཏིང་སྟེ་མེལ་ཚེ་བ་རྣམས་ཉལ། དེ་ཡང་ཞང་གེ་བཙན་དེ་སྔར་གོང་མའི་རྒྱལ་ས་རང་དུ་དམག་ཁྲིད་འདོད་ཡོད་པ་ལ་དེ་མ་ནུས་པས་དཔོན་ཧུན་ཟན་འཛིན་པའི་འདོད་པ་སྐྱེས་པ་ཡིན། བོད་དམག་ཕྱིར་ལོག་སྟེ་གུ་ཡན་ཅོ་བྱ་བའི་སར་རང་གི་དམག་སྒར་ཡོད་སར་སླེབས༑ ཙུའི་ཧན་ཧུན་ལ་སོགས་པའི་རྒྱའི་བཙོན་པ་རྣམས་ཞང་གེ་བཙན་གྱི་རྩར་ཁྲིད་པར་ཞང་གེ་བཙན་གྱིས་དམའ་འབེབས་བྱེད་ཅིང་སྨྲས་པ། ངེད་བོད་ཀྱིས་གྲོགས་བྱས་ནས་དཔོན་ཧུན་ཟན་དེ་ངོ་ལོག་གི་དགྲ་ལས་རྒྱལ་ཏེ་ཁེ་བཟང་བྱུང་། ངེད་རྣམས་ལ་དེའི་བྱ་དགའ་སྟེར་བའི་ཁ་ཆད་བྱས་ནས་བསླུས། ད་ལན་ངའི་སེམས་ལ་ཧུན་ཟན་དེ་བཟུང་ནས་རྗེ་བཙན་པོའི་དྲུང་དུ་ཁྲིད་དགོས་སྙམ་སྟེ། འོན་ཀྱང་ཁོ་བྲོས་ནས་ཤོར། ད་ཁྱོད་རྣམས་ནི་འདིར་དོན་མེད་པར་ཁྲིད་ནས་སླེབས་འདུག་པས་ཕྱིར་བཏང་བས་ཆོག་ཟེར། དེར་ཞང་གེ་བཙན་གྱིས་ཞི་མིན་[ཧྲི་མིན་石门]གྲོང་ཁྱེར་དུ་སྒར་བཏབ། དམག་དཔོན་ཙུའི་བེན་ཅེན། མ་ཉིན། མ་ཡཱན་རྣམས་རྒྱ་ནག་ཏུ་སླར་བཏང་། བློན་ཙུའི་ཧན་ཧུན་དང་ཅན་ཞུ་ཅི་གཉིས་ཧེ་ཅོ་[ཧོ་ཀྲིའུ་河州]བྱ་བའི་གྲོང་ཁྱེར་དུ་བཙོན་ལ་བཞག དམག་དཔོན་ཟིན་ཞུང་[ཞིན་རུང་辛荣]ཀོ་ཇོ་བྱ་བའི་གྲོང་དུ་བཙོན་ལ་བཅུག དཔོན་ཕྱུ་ཡི་ཇོན་ཤ་ཇོའི་གྲོང་དུ་བཙོན་ལ་བཅུག རྒྱའི་གོང་མ་ནས་བོད་དུ་བཀའ་ཡིག་ཞིག་བཏང་བར་ཞང་གེ་བཙན་གྱིས་མ་བླངས།  བོད་དམག་རྣམས་ཡན་ཇོ་དང་ཤ་ཇོའི་གྲོང་དུ་སྒར་བཏབ་སྟེ་ཅུན་ཇོའི་ཕྱོགས་སུ་སོང་། ཡུལ་དེར་གཉན་ནད་མཆེད་པས་ཐམས་ཅད་ཕྱིར་ལོག་པའི་འདོད་པ་བྱུང་། དེར་ཞང་གེ་བཙན་གྱིས་རྟ་དམག་སུམ་སྟོང་ཁྲིད་དེ་གྲོང་ཁྱེར་གཉིས་ཀའི་ཁང་ཁྱིམ་ཐམས་ཅད་མེ་ལ་བསྲེགས་ཤིང་ལྕགས་རི་བཤིག་སྟེ་ཕྱིར་ལོག  དཔོན་རུ་ཟི་ཙུའན་གྱིས་ཡུལ་དེ་བསྲུང་བའི་དམག་བཏང་། གེ་བཙན་ཞི་མན་དུ་སླེབས་ཏེ་རྒྱ་དཔོན་ཙུའི་ཧན་ཧུན་དང་ཙན་ཞི་དཔའ། ལུའུ་ཡན་ཅི་རྣམས་མདུན་དུ་བོས་ནས་ཁོང་ཚོ་སྲུང་བའི་དམག་མི་དང་བཅས་རྒྱའི་ས་མཚམས་སུ་བསྐྱལ། ཁོང་རྣམས་དང་ལྷན་དུ་བོད་ཀྱི་ཕོ་ཉ་ཞིག་ཀྱང་གོང་མ་ལ་ཡི་གེ་འབུལ་དུ་བཏང་། འོན་ཀྱང་དཔོན་ལིང་ཀྭན་ལ་གོང་མའི་བཀའ་བྱུང་བ་བཞིན་བོད་ཀྱི་ཕོ་ཉ་དེ་རྒྱའི་ས་གནས་སུ་མ་བཏང་བར་ཕྱིར་སློག རྒྱ་དཔོན་ཙུའི་ཧན་ཧུན་སོགས་རང་ཡུལ་དུ་སོང་།

ཞང་གེ་བཙན་འཇང་དང་གྲུ་གུའི་དམག་དང་བཅས་ཕན་ཀེའོའི་[ཕན་གའུ་潘口]འགྲམ་དུ་བསྡད། ཁོའི་དམག་རྣམས་སྡེ་ཚན་གསུམ་དུ་བགོས་ཏེ་ཡུལ་ལོང་ཇོ་དང་བཙན་ཡང་དུ་སྒར་བཏབ་པས་རྒྱའི་རྒྱལ་ས་ལ་འཇིགས་པ་ཆེ་བ་བྱུང་། དེར་བོད་ཀྱི་དམག་རུ་དབུས་མ་རྣམས་ཕྷེན་ཐེན[ཧྥིན་ཞང་凤翔) གྲོང་ཁྱེར་དང་ཉེ་བར་སླེབས་ནས་དམག་རྣམས་ཀྱིས་རྒྱ་དམག་གི་ཆས་གྱོན་ཏེ་རྒྱ་དཔོན་སིན་ཛིན་ཡའི་[ཞིན་ཅུན་ཡཱ་邢君牙]དམག་ཡིན་སྨྲས་ནས་བོའུ་ཞན་[ཝུའུ་ཧྲན་吴山]དང་[པའོ་ཅི་宝鸡]བྱ་བའི་མཁར་གཉིས་ཀྱི་ནང་དུ་ཞུགས། གྲོང་ཐམས་ཅད་མེ་ལ་བསྲེགས། མི་གཞོན་རྣམས་བསད། རྒན་པོ་དང་བྱིས་པ་རྣམས་ཀྱི་ལག་པ་བཅད་ཅིང་མིག་ལ་ཁབ་བཙུགས་ཏེ་ཕྱིར་ལོག སྔར་རྒྱ་དཔོན་ལི་ཞན་[ལི་ཁྲིན་李晟]གྱིས་ཨན་དཔའ་[ཨན་ཧྭ་安化]བྱ་བའི་ཡུལ་གྱི་རོང་འཕྲང་ཐམས་ཅད་དུ་ཤིང་སྡོང་གིས་ལམ་བཀག་ནས་བཞག་ཡོད་པ་ལ་འོན་ཀྱང་བོད་དམག་གིས་ལམ་དེ་ག་བརྒྱུད་ནས་ཤིང་སྡོང་ཐམས་ཅད་མེ་ལ་བསྲེགས་ཏེ་འོངས། གོང་མའི་བཀས་རྒྱ་དཔོན་ཞི་ཅི་ཅང་[ཧྲི་ཅི་ཀྲང་石季章]གིས་འུ་ཅུང་[ཝུའུ་ཀུང་武功]ཡུལ་དུ་མདའ་ར་བརྩིགས་ཤིང་དཔོན་ཐང་ལན་ཅན་[ཐང་ལེང་ཁྲེན་唐良臣]གྱིས་རང་གི་དམག་རྣམས་བའེ་ལི་ཅན་[པེ་ལི་ཁྲེན་百里城)དུ་ཁྲིད། བོད་དམག་གིས་ཆན་ཡན་[ཆན་དབྱང汧阳]དང་དཔའ་ཐེང་[ཧྭ་ཐིན་华亭]བྱ་བའི་མཁར་གྱི་རྒྱ་མི་ཕོ་མོ་ཁྲི་གཅིག་ཙམ་བཟུང་སྟེ་འཇང་དང་གྲུ་གུ་རྣམས་ལ་རྩིས་སྤྲད༑ མི་དེ་རྣམས་ས་མཚམས་སུ་ཁྲིད་ནས་སླེབས་པ་ན་གདོང་ཤར་ལ་ཕྱོགས་སུ་བཅུག་སྟེ་རང་གི་ཕ་ཡུལ་ལ་ཕྱི་ཕྱག་འཚལ་དུ་བཅུག་པས་ངུད་མོའི་སྒྲ་ཆེན་པོ་བྱུང་ཞིང་མི་སྟོང་ཕྲག་གཅིག་ཙམ་གཡང་དུ་ལྕེབས་ནས་ཤི། ཡང་བོད་དམག་ཕིན་ཡི་[ཧྥིན་དབྱི་奉义]ཞན་དུ་སླེབས་ཏེ་མཁར་རྫོང་དཔའ་ཐེང་[华亭]བྱ་བ་བསྐོར་ཏེ་གྲོང་གི་ཆུ་བཀག དཔོན་བཱན་ཟོན་ཧོ་[ཝང་ཤན་ཧོ་王仙鹤]ཡིས་ལུང་ཇོ་ཕྱོགས་སུ་གྲོགས་བྱེད་པའི་ཞུ་བ་ཕུལ་བར་ཞིང་ཆེན་གྱི་དཔོན་པོ་སུ་ཅི་མིན་[སུའུ་ཆིན་མཱེན་苏清沔]གྲོགས་བྱེད་དུ་ལྷགས་མོད། འོན་ཀྱང་དམག་འཐབ་མ་ནུས། བོད་དམག་རྣམས་ཀྱིས་ཡུལ་ཐམས་ཅད་དུ་འབངས་རྣམས་བཅོམ་ཡང་ལང་ཇོ་ལ་སྡོད་པའི་རྒྱ་དམག་རྣམས་ཕྱི་ལ་འཐོན་མ་ནུས། དེར་བོད་དམག་གིས་ཤིང་མང་དུ་གཅེར་ཏེ་གྲོང་མེ་ལ་བསྲེག་པའི་གྲབས་བྱས་པར་དམག་དཔོན་བཱ་ལན་ཧོ་དམག་དང་བཅས་པ་བོད་ལ་མགོ་བཏགས་ཞུས། དཔོན་སུ་ཅི་མིན་གྱིས་(དམག་གཞན་ལ་བྱ་གཏོང་བ་སྐད་བྱས་ཏེ)གྲོང་ཁྱེར་དུ་མེ་སྤར་དུ་བཅུག་པས་བོད་རྣམས་འཇིགས་ནས་ཕྱིར་ལོག དེ་ནས་མཁར་ལན་ཡུན་པོ་[ལེན་ཡུན་པོའོ་连云堡]བསྐོར། གྲོང་ཁྱེར་ཉེ་འཁོར་རྡོ་ཡིས་བཀག་སྟེ་རྒྱ་དཔོན་ཇང་མིན་ཡུན་[ཀྲང་མཱིན་ཡོན་张明运]བོད་ལ་མགོ་བཏགས་ཞུས། བོད་དམག་ཕྱོགས་ཀུན་ཏུ་བཀྲམ་སྟེ་འབངས་མི་རི་ལ་བྲོས་པ་རྣམས་བཟུང་ཞིང་བ་ཕྱུགས་མང་དུ་འཕྲོག དེ་ལྟར་ཇིན་ཇོ། ལོང་ཇོ། པིན་ཇོ་བྱ་བའི་ཞིང་ཆེན་རྣམས་ཀྱི་རྒྱ་འབངས་ཕལ་ཆེར་བོད་རྣམས་ཀྱིས་བསད། འོན་ཀྱང་རྒྱའི་དམག་དཔོན་རྣམས་ཀྱིས་དེ་བར་བོད་མི་གཅིག་ཀྱང་འཛིན་མ་ཐུབ། བོད་ས་མཚམས་བར་དུ་ལོག་སྟེ་དགའ་སྟོན་ཆེན་པོ་བཏང་། དེ་ལ་ལཱན་ཡུན་པུའུ་[ལེན་ཡུན་པའོ་连云堡]དེ་ཇིན་ཅོའི་[ཅིན་ཀྲའུ་泾州]ཞིང་ཆེན་གྱི་མཁར་གནད་འགག་ཆེན་པོ་ཞིག་ཡིན། ས་དེའི་ཕྱོགས་གསུམ་ནས་བྲག་རི་གཟར་པོས་བསྐོར། བྱང་ངོས་སུ་རི་མཐོན་པོ་ཡོད། མཁར་དེ་ནས་སྔར་བོད་ཀྱི་ཕྱོགས་སུ་དམག་ལན་མང་དུ་དྲངས། ཡུལ་དེ་ནས་མེ་བརྡ་(དགྲ་སླེབས་ཚེ་རི་ལ་མེ་སྤར་ནས་བརྡ་གཏོང་བ་)ལེགས་པར་བྱེད་ཐུབ་པ་ཡིན། ས་དེ་བོད་ཀྱི་ལག་ཏུ་ཤོར་ནས་ད་ནི་བོད་ཀྱི་ས་མཚམས་ཇིན་ཅོའི་མཁར་གྱི་ལྕགས་རི་ལ་ཉེ་བར་སླེབས། དེའི་རྐྱེན་གྱིས་ཇིན་ཅོའི་གྲོང་ཁྱེར་གྱི་ནུབ་སྒོ་ཡེ་ཕྱེ་མ་ཐུབ་པར་བཞག  སོ་ནམ་གྱི་དུས་ལ་བབས་ཚེ་བོད་དམག་སླེབས་ཏེ་རྒྱ་རྣམས་ཀྱི་སོ་ནམ་ཤོར། དེའི་རྐྱེན་གྱིས་(འདས་རྗེས་ཀྱི་ལོ་༡༣༣༡)ཞིང་ཆེན་གསུམ་དུ་གྲོ་བསྡུ་མ་ཐུབ་པ་བྱུང་། ཡང་བོད་ཀྱི་དམག་སྟོང་ཁ་ཤས་སླེབས་ནས་ཇང་བུའུ་[ཁྲང་ཝུའུ་长武]བྱ་བའི་གྲོང་ཆུང་བཅོམ། དམག་དཔོན་ཧན་ཙུན་[ཧན་ཆོན་དབྱི་韩全义]གྱིས་འཐབ་མོ་མ་བྱས།  དམག་དཔོན་ཧན་ཡུའུ་[ཧན་ཡེའུ་ཧོན་朝游环]དང་དམག་རྣམས་མཁར་གྱི་ཕྱི་ལ་འཐོན་མ་ཐུབ་པས་བོད་རྣམས་པིན་ཇོ་[པཱིན་ཀྲའུ་邠州]དང་ཇིན་ཅོའི་ཞིང་ཆེན་དུ་གེགས་མེད་པར་སླེབས། ནུབ་ཕྱོགས་ཀྱི་ལ་ཁ་ན་སྡོད་པའི་རྒྱ་དམག་རྣམས་ཀྱང་རང་རང་གི་མདའ་ར་ནས་ཕྱིར་མ་བཏོན། བོད་དམག་གིས་ཡན་ཇོ་[ཡོན་ཀྲོ་原州]བྱ་བའི་གྲོང་ཁྱེར་དུ་དམག་སྒར་བཙུགས་ཤིང་གྲོང་དེའི་ཉེ་འཁོར་དུ་སའི་མདའ་ར་ཞིག་ཀྱང་བརྩིགས། རྒྱའི་རྒྱལ་ས་ན་སྡོད་པའི་མི་རྣམས་སྤྲོ་བ་བསྲིང་བའི་ཆེད་དུ་གོང་མའི་བཀས་བོད་ཀྱི་བཙོན་པ་ཉིས་བརྒྱ་ཙམ་གྲོང་ཁྱེར་གྱི་སྲང་དུ་བཏོན་ཏེ་(བསད་ནས་)མཐོང་དུ་བཅུག

ཀྲིན་ཡོན་ལོ་བཞི་པ་(འདས་རྗེས་ཀྱི་ལོ་༡༣༣༢)ཟླ་ལྔ་པའི་ནང་ལ་བོད་ཀྱི་རྟ་དམག་སུམ་ཁྲི་སླེབས་ནས་ཇིན་ཅོ། པིན་ཅོ། ཉིན་ཅོ། ཅིན་ཅོ། ཕུའུ་ཅོ་རྣམས་བཅོམ། གྲོང་རྣམས་མེར་བསྲེགས་ཤིང་རྒྱ་མི་ཁྲི་ཁ་ཤས་བཟུང་ནས་ཁྲིད། དམག་དཔོན་ཧན་ཅའུན་གྱིས་ཇང་བུའུ་[ཁྲང་ཝུའུ་长武]བྱ་བའི་གྲོང་གི་ཉེ་འཁོར་དུ་འཐབ་ཀྱང་རྒྱལ་ཁ་མ་ལོན། དེའི་བར་དུ་བོད་རྣམས་དཔྱིད་དང་དབྱར་གྱི་དུས་སུ་རྒྱ་ནག་གི་ནད་ཡམས་ལ་འཇིགས་ནས་འོང་མ་ཐུབ་པར་སྟོན་དུས་ཁོ་ན་ལ་རྒྱ་བཅོམ་དུ་འོངས་པ་ཡིན། འོན་ཀྱང་བར་སྐབས་སུ་རྒྱའི་འབངས་མི་མང་པོ་བཟུང་ནས་ཁོང་ཅག་གི་འཁོར་དུ་བཞག་པས་ལོ་དེར་དབྱར་ཁ་རང་ལ་སླེབས། བོད་ཀྱི་དམག་དཔོན་ཟི་ཐོན་ཟིན་[ཞང་ལྡོང་གཤེར་尚悉董星]དང་ལོན་མང་ལུ་[བློན་མང་ལོད་讫莽罗]གཉིས་ཀྱིས་ཉིན་ཅོ་ཞིང་ཆེན་བཅོམ་ཞིང་ཕུ་ཅོ་དང་ཕྷ་ཅོ་རྩ་མེད་དུ་བརླགས་ནས་ཕྱིར་ལོག བོད་ཀྱིས་འཚེ་བའི་རྐྱེན་གྱིས་རྒྱ་དང་ཧོར་རྒྱལ་པོ་གྲོགས་སུ་བསྡེབས། དེའི་སྐབས་སུ་བོད་རྣམས་ཀྱིས་དམག་མོ་ཆེ་མི་འབུམ་ལོངས་པ་ཁྲིད་ནས་ཟི་ཁྲོན་བཅོམ་དུ་སླེབས། ཡུན་ནན་གྱི་རྒྱལ་པོ་ལ་དམག་རྣམས་ཚུར་ཐོངས་ཤིག་བྱ་བའི་ཡི་གེ་བསྲིངས། རྒྱལ་བོ་དེའི་སེམས་ལ་རྒྱའི་ཕྱོགས་བྱེད་མོད་བོད་ཀྱི་བཀའ་མ་ཐེགས་པར་དམག་ཁྲི་ཁ་ཤས་བསགས་ཏེ་ལོ་ཧེ་བྱ་བའི་ཆུ་བོའི་བྱང་འགྲམ་དུ་སྒར་བཏབ། དེར་རྒྱ་དཔོན་བེ་གའོས་ཡུན་ནན་གྱི་རྒྱལ་པོ་ལ་ཡི་གེ་ཞིག་བཏང་ཞིང་ཡི་གེའི་ནང་དུ་ཁོ་རང་རྒྱའི་ཆབ་འབངས་ཡིན་ཚུལ་བྲིས། ཡི་གེ་དེ་བོད་ཀྱི་ས་ཐོག་བརྒྱུད་ནས་ཁྱེར་བས་བོད་ཀྱི་ལག་ཏུ་ཤོར། དེའི་རྐྱེན་གྱིས་བོད་རྣམས་ཡུན་ནན་རྒྱལ་པོའི་ཕྱོགས་སུ་དོགས་པ་ཟོས་(ཡི་གེ་དེ་རྒྱ་དཔོན་གྱིས་སྒྱུ་བྱས་པར་མངོན་)ཤིང་ཟི་ཁྲོན་གྱི་ལམ་འགོག་ཕྱིར་བོད་དམག་ཧེ་ཆེའན་དུ་བཏང་བས་ཡུན་ནན་རྒྱལ་པོ་ཡིད་ཆད་དེ་རྒྱའི་ཕྱོགས་བྱེད་པར་ཐག་བཅད། དེ་ནས་བཟུང་བོད་ཀྱི་སྟོབས་ཅུང་ཟད་བྲི། དམག་དཔོན་བེ་གའོས་[ཝེ་ཀོ་韦皋]ཇན་ནན་ནས་དམག་ཁྲིད་དེ་ཐའེ་ཏུན་[ཐེ་ཏིན་台登]བྱ་བའི་སར་བོད་དང་གཡུལ་ལེགས་པར་སྤྲད། ཁོང་ཚོའི་དམག་དཔོན་གསུམ་ཡང་བསད་(དེ་སངས་རྒྱས་འདས་རྗེས་ཀྱི་ལོ་༡༣༣༣)པ་ཡིན། དེའི་རྗེས་སུ་རྒྱ་ནག་ལྷོ་ནུབ་ཀྱི་ཡུལ་རྣམས་བདེ་འཇམ་དུ་བསྡད། ལོ་གསུམ་གྱི་ཁོངས་སུ་ཟོན་ཇོ་བྱ་བའི་ཞིང་ཆེན་དེ་བོད་ཀྱི་ལག་ནས་སླར་ལོན་པ་བྱུང་༑ ནུབ་ཕྱོགས་སུ་ཧོར་ཡུལ་དང་ཉེ་བར་བྷའེ་ཐིང་[པེ་ཐཱིན་北庭]བྱ་བའི་གྲོང་ཡོད་ཅིང་གྲོང་དེ་དང་ཉེ་བར་ཞ་ཏོ་[ཧྲ་ཏེ་沙陀]བྱ་བའི་མི་རིགས་ཀྱི་གུར་ཁག་སྟོང་དྲུག་ལྷག་ཙམ་སྡོད་པ་ལ་རྟག་ཏུ་ཧོར་རྣམས་ཀྱིས་འཚེ། ལོ་དེ་ལ་བོད་དམག་གིས་བྷའོ་ཐིང་བཅོམ་པར་ཧོར་གྱི་བློན་ཆེན་སེ་ཇན་གས་དམག་ཁྲིད་དེ་སོང་། (འདས་རྗེས་ཀྱི་ལོ་༡༣༣༤ལ)བློན་ཆེན་དེས་བོད་དང་འཐབ་ཀྱང་རྒྱལ་ཁ་མ་ལོན།  དེ་དུས་ནས་(བོད་དམག་གིས་ལམ་བཅད་པའི་རྐྱེན་གྱིས)རྒྱ་ནག་གི་ཞིང་ཆེན་ཨན་ཟི་[ཨན་ཞི་安西]དེ་རྒྱ་དང་ཁ་ཕྲལ་ཏེ་ཡུལ་དེའི་གནས་ཚུལ་ཙམ་ཡང་མ་ཐོས།  ཟི་ཅོ་[ཤིའི་ཀྲའུ་西州](ཧ་ར་ཧོ་ཅོ་)བྱ་བའི་ཡུལ་ནི་རྒྱ་དང་འབྲེལ་ཏེ་བསྡད། ལོ་རྗེས་མར་བོད་དམག་གིས་ལིན་ཇོ་ཞིང་ཆེན་བཅོམ། ཧོར་རྣམས་ཀྱིས་སྔར་ཁས་བླངས་པ་བཞིན་དམག་ཁྲིད་དེ་བོད་ཕམ་པར་བྱས། བོད་བཟུང་བ་རྣམས་ཀྱང་རྒྱའི་ཕོ་བྲང་དུ་བསྐྱལ།

ལོ་རྗེས་མར་སླར་ཡང་བོད་དམག་གིས་ལིན་ཇོ་བཅོམ་ཞིང་ཞུའེ་ཁེའུ་[ཧྲོས་ཁའུ་水口]བྱ་བའི་མཁར་བཟུང་སྟེ་མདའ་ར་བརྩིགས། ཧེ་ཏུན[ཧོ་ཏུང河东]དང་ཅན་བའུ[ཀྲེན་ཝུའུ振武]ནས་འོངས་པའི་རྒྱ་དམག་དང་གོང་མའི་སྐུ་སྲུང་རྣམས་ལྷན་དུ་སོང་། བོད་ཕམ་པར་བྱས་པས་བོད་རྣམས་ཕྱིར་ལོག་སྟེ་ལམ་དུ་ཇིན་ཅོའི་ཡུལ་ལ་ཇག་རྐུན་མང་དུ་བྱས་ཤིང་ས་སྲུང་བ་དང་ཡུལ་མི་སྟོང་དྲུག་ཙམ་བཟུང་ནས་ཁྲིད། དམག་དཔོན་ཐང་ཅའོ་ཆེན[ཐང་ཁྲའོ་ཁྲིན唐朝臣]གྱིས་འཐབ་ཀྱང་རྒྱལ་ཁ་མ་ལོན། ནུབ་ཕྱོགས་ཀྱི་དམག་དཔོན་ཆེན་པོ་ཡཱན་ཅན[ཡན་ཀྲིན严震]གྱིས་ཕྷན་ཅོའི[ཧྥང་ཀྲའུ芳州]ཡུལ་དུ་བོད་རྣམས་ཕམ་པར་བྱས། ཕྷན་ཅོ་དེ་ཧེ་ཅོའི་ཡུལ་གྱི་ནུབ་ངོས་སུ་ཡོད། ཧེ་ཞུ་བྷི[ཧྲེ་ཧྲོས་པིས黑水壁]བྱ་བའི་བོད་ཀྱི་མཁར་ཡང་རྒྱས་བཟུང་སྟེ་བོད་ཀྱི་མཛོད་དེར་ཡོད་རྣམས་མེ་ལ་བསྲེགས། བོད་དམག་གིས་ཡན་ཇོའི་གྲོང་ཁྱེར་བཟུང་བའི་རྐྱེན་གྱིས་ས་མཚམས་ན་མདའ་ར་ཡོད་པའི་གྲོང་ཁྱེར་དང་མཁར་མེད། ལིང་བུ[ལིན་ཝུའུ灵武]བྱ་བའི་གྲོང་ཁྱེར་དེ་སྐྱབས་མེད་དུ་གནས། པིན་ཇོ་དངཕྷན་ཅོ་གཉིས་ཀྱང་བཅོམ་ནས་བོད་ཀྱི་ང་རྒྱལ་ཉིན་རེ་བཞིན་གོང་དུ་འཕེལ། རྐྱེན་དེས་གོང་མའི་ཞལ་ནས་ཡན་ཇོ་ལ་ལྕགས་རི་གསར་པ་བསྐོར་དགོས་པ་དང་དམག་དཔོན་རྣམས་ཀྱིས་ཇིན་ཡུའན། ཇན་ནན། ཞན་ནན་ཞིང་ཆེན་རྣམས་ཀྱི་དམག་ཁྲིད་དེ་བོད་རྣམས་ཤར་ཕྱོགས་སུ་འོང་བའི་ལམ་འགོག་དགོས་པའི་བཀའ་གནང་། དམག་དཔོན་ཧུན་ཟན[ཧུང་ཇན浑瑊]ཏུའུ་ཟི་ཆེའན[ཏུའུ་ཞི་ཆེན杜希全]ཅང་ཟན་ཕུ[ཀྲང་ཞན་ཕུའུ张献甫]ཟིན་ཇིན་ཡ[ཞིན་ཅུན་ཡ邢君牙]ཧན་ཧུན[ཧན་ཐན韩潭]བང་ཆི་ཡུ[ཝང་ཆི་ཡའོ王栖曜]ཕེན་ཟི་ཅའོ[ཧྥན་ཞི་ཁྲའོ范希朝]རྣམས་ལ་དམག་གི་དབང་གཏད། ཁོང་རྣམས་ལ་དམག་ཁྲི་གསུམ་ཡོད། ཡན་ཇོའི་གྲོང་དུ་དཔོན་ཧུན་ཟན[ཧུའུ་ཅན胡坚]དང་ཅཱན་ཆན[ཀྲང་ཁྲང张昌]གཉིས་དང་ལྕགས་རི་བརྩིགས་མི་ལས་མི་དྲུག་སྟོང་སོང་།

ཀྲིན་ཡོན་ལོ་དགུ་པ་(སངས་རྒྱས་འདས་རྗེས་ཀྱི་ལོ་༡༣༣༧)ལ་ལས་འགོ་ཚུགས་ཏེ་ཉིན་ཉི་ཤུའི་ཁོངས་ལ་ལྕགས་རི་ལེགས་པར་གྲུབ། བོད་དམག་མ་སླེབས། ས་དེར་རྒྱའི་དམག་སྒར་ཞིག་ཀྱང་བཏབ། དེ་དུས་རྒྱའི་དམག་དཔོན་གྱི་ཁྲོད་ནས་དམག་དཔོན་བེ་གའོ་དེ་སྙན་གྲགས་ཆེ། ལོ་སྔ་མར་བེ་ཅོའི་ཡུལ་དུ་བོད་དང་འཐབ་སྟེ་བོད་ཀྱི་དམག་དཔོན་ཡང་ཁོས་བཟུང་༑ བོད་ལྷོ་ཕྱོགས་ཀྱི་དམག་དཔོན་ཆེན་པོ་མུ་ལོན་ལུ་ཙི་ཟི་མི་[བློན་མང་བཞེར་རྨོ་ལུང་ཆི་ཞི་པེ་论莽热没笼乞悉蓖]ཡང་ཕམ་པར་བྱས་སོ། །དེའི་དུས་ན་དཔོན་ཅུའེ་ཙོ་ཞེ་ལ་གོང་མའི་བཀའ་ཡིག་བཅས་ཡུན་ནན་ཏུ་བཏང་། ཅུའེ་ཙོ་ཞེ་ཡུན་ནན་རྒྱལ་སར་སླེབས་དུས་བོད་ཀྱི་ཕོ་ཉ་འཁོར་བརྒྱ་ཕྲག་འགའ་ཙམ་ཡང་དེར་སླེབས། ཡུན་ནན་གྱི་རྒྱལ་པོ་ཨི་མོ་ཟུང་གིས་ཅུའེ་ཙེ་ཞེ་ལ་རྒྱ་གར་བའི་ཆ་ལུགས་བྱས་ཏེ་རྒྱལ་པོ་དང་འཕྲད་དགོས་སྨྲས་ཀྱང་ཁོས་མ་མཉན་པར་མཚན་མོར་རྒྱལ་པོ་དང་འཕྲད། གོང་མའི་བཀའ་ཡིག་བསྒྲགས་པ་ན། རྒྱལ་པོ་ཨི་མོ་ཟུང་ཤིན་ཏུ་ཡང་འཇིགས་ཏེ་གདོང་ཡང་འགྱུར་ཞིང་ལག་པ་འདར་བཞིན་བཀའ་ཤོག་བླངས༑ དེར་ཙུའུ་ཙེ་ཞེས་རྒྱལ་པོ་ལ་བོད་ཀྱི་ཕོ་ཉ་རྣམས་གསོད་དགོས་པ་དང་ཡུན་ནན་ཡུལ་གྱི་མིང་སྔར་བོད་ཀྱིས་བཏགས་ཡོད་པ་དེ་བརྗེས་ནས་ནན་ཇོ་ཞེས་འདོགས་དགོས་ཚུལ་སྨྲས་པར་རྒྱལ་པོས་བཀའ་བཞིན་ཡུལ་གྱི་མིང་སྤོས། རྒྱལ་པོ་རང་ཉིད་ཅུའེ་ཅོ་ཞེ་དང་ལྷན་དུ་ནན་ཅན་བྱ་བའི་རིའི་ལྷ་ཁང་དུ་སོང་སྟེ་མནའ་བསྐྱལ། བོད་ཀྱི་བློན་པོས་ཡུན་ནན་རྒྱལ་པོ་ལ་དམག་གྲོགས་གཏོང་དགོས་ཚུལ་གྱི་འཕྲིན་བཏང་བར་ཁོས་དམག་ལྔ་སྟོང་ཙམ་བཏང་བའི་རྗེས་སུ་རང་ཉིད་ཀྱིས་དམག་ཁྲི་ཕྲག་འགའ་ཙམ་ཁྲིད་དེ་བོད་དང་འཐབ་པས་ཕམ་པར་བྱས་བོད་ཀྱི་གྲོང་དྲུག་ཅུ་ཙམ་འཕྲོག་བོད་ཀྱི་རྒྱལ་ཕྲན་ལྔ་བཟུང་། བོད་ཀྱི་འབངས་མི་འབུམ་ལྷག་ཙམ་བཟུང་། ལོ་རྗེས་མར་རྒྱལ་བའི་གནས་ཚུལ་གོང་དུ་ཕུལ། རྒྱ་ནག་ཏུ་ཁོ་རང་གི་ནུ་བོ་ཕོ་ཉར་བྱས་ཏེ་བཏང་། སྔར་བོད་ཀྱི་བཙན་པོས་ཁོ་ལ་སྤྲད་པའི་གསེར་གྱི་ཐམ་ཀ་ཡང་བོད་ལ་ཕྱིར་སློག དམག་དཔོན་བེ་གའོ་རང་གིས་ཀྱང་བོད་བསད་པའི་རྣ་བ་ཁྲི་གསུམ་གོང་མའི་ཕོ་བྲང་དུ་བཏང་། དེ་ལྟར་བོད་ཀྱི་དམག་དཔོན་ཅིན་ཞན་ཐང་ཕམ་པར་བྱས་ཤིང་དམག་དཔོན་ཙན་ཟི་ཞེ་ལོ་[གཙང་བཞེར་藏悉诺律]བཟུང་།

ཀྲིན་ཡོན་ལོ་བཅུ་གཉིས་(འདས་རྗེས་ཀྱི་ལོ་༡༣༤༠)པ་ལ་བོད་དམག་གིས་འཇིན་ཇོ་དང་དཔའ་ཅི་[ཧྭ་ཁྲི་华池]བྱ་བའི་ཡུལ་བཅོམ་སྟེ་དཔོན་དང་འབངས་མི་མང་པོ་བསད། ལོ་དེ་ལ་བོད་ཀྱི་བློན་ཆེན་ཞང་གེ་བཙན་བཀྲོངས། ལོ་དེའི་རྗེས་མ་(འདས་རྗེས་ཀྱི་༡༣༤༡པར)བོད་ཀྱི་བཙན་པོ་(ཁྲི་སྲོང་ལྡེའུ་བཙན)དགུང་ལ་གཤེགས། ཁོང་གི་སྲས་ཛུ་ཇི་བཙུན་[足之煎]ཁྲི་ལ་ཕེབས་སོ། །ཛུ་ཇི་བཙན་(མུ་ཏིག་བཙན་པོའི)སྐབས་སུ་དཔོན་སིན་ཛིན་ཡས་[ཞིན་ཅུན་ཡ་邢君牙]ལིང་ཇོ་ཞིང་ཆེན་དུ་ཡུན་སི་ཅན་[ཡུན་བཞིན་永信]བྱ་བའི་མཁར་བརྩིགས། བོད་ནས་བློན་པོ་ནོན་ཟན་ཟི་[ནོན་སང་ཤི་予桑昔]བྱ་བ་རྒྱ་དང་འདུམ་བྱེད་དུ་བཏང་བར་གོང་ནས་མ་གསན། དམག་དཔོན་བེ་གའོས་བོད་ཀྱི་གྲོང་ཟིན་ཆེན་[ཞིན་ཁྲིན་新城]བྱ་བ་བཟུང་། བོད་དམག་གིས་མཱན་ལིན་[མཱ་ལིན་马岭]བྱ་བའི་མཁར་དང་ཇན་ཞན་[ཅན་ཧྲན་剑山]གྱི་རི་ལ་མདའ་ར་བརྩིགས་ཏེ་ཐེ་ཐང་[ཐེ་ཏན་台登]བྱ་བའི་མཁར་བཅོམ། ཟུའན་ཅོ་ས་[སོ་ཀྲའུ་峁州]ཞིང་ཆེན་གྱི་དཔོན་པོ་ཙའོ་གེའུ་ཤིས་[ཚའོ་ཀོ་ཧྲིས་曹高仕]བོད་དང་འཐབ་སྟེ་ཕམ་པར་བྱས། བོད་མི་སུམ་བརྒྱ་ཙམ་བསད་ཅིང་རྟ་དང་འབྲུ་དང་དམག་ཆས་མང་དུ་འཕྲོག

ཀྲེན་ཡོན་ལོ་བཅུ་བཞི་(འདས་རྗེས་ཀྱི་ལོ་༡༣༤༢)ལ་རྒྱ་དཔོན་ཧན་ཅུའན་གྱིས་ཡན་ཇོའི་ཡུལ་དུ་བོད་ཕམ་པར་བྱས། ཀྲིན་ཡོན་ལོ་བཅུ་དྲུག་(འདས་རྗེས་ཀྱི་ལོ་༡༣༤༤)པར་རྒྱ་ནག་གིས་ལིན་ཇོའི་ཡུལ་གྱི་བོའུ་ལན་ཇོ་[ཝུའུ་ལན་ཆའོ་乌兰桥]བྱ་བའི་སར་བོད་ཕམ་པར་བྱས། དཔོན་བེ་གའོ་བོད་ཀྱི་ཐོག་ཏུ་བརྒྱུགས་ཏེ་མོ་ཆཱན་[མོ་ཀུང་末恭]དང་གོན་ཡི་ཆན་[རོང་颙城]བྱ་བའི་གྲོང་གཉིས་བཟུང་། ལོ་རྗེས་མར་བོད་དམག་སླར་ཡང་ཡན་ཇོར་སླེབས་ཤིང་ལིན་ཇོ་བཟུང་། དམག་དཔོན་བསད། མཁར་བཤིགས། འབངས་རྣམས་བཟུང་ནས་ཁྲིད། ཏང་སྱང་གི་མི་རིགས་རྣམས་བཅོམ་སྟེ་ཧིན་ཙའོ་ཕན་[ཧིན་ཆའོ་ཧྥིན་横槽峰]]བྱ་བའི་སར་བསྡད། དེའི་རྐྱེན་གྱིས་གོང་ནས་དཔོན་བེ་གའོ་ལ་བོད་ཀྱི་ས་ཐོག་ཏུ་འགྲོ་དགོས་པའི་བཀའ་གནང་། བེ་གའོས་དམག་ཉིས་ཁྲི་ཁྲིད་ནས་སོང་སྟེ་ཡ་ཇོའི་ཡུལ་དུ་དགྲ་ཕམ་པར་བྱས་ཤིང་ལེ་དབར་སྟོང་གཅིག་ཙམ་གྱི་ས་ལ་ཕྱིན། བོད་ཀྱི་གྲོང་ཁྱེར་བདུན། མཁར་ལྔ༑ མདའ་ར་བརྒྱ་དང་ལྔ་བཅུ་ཙམ་བཟུང་། མི་ཁྲི་གཅིག་ལྷག་ཙམ་བསད་དེ་བོད་ཀྱི་མཁར་བེ་ཇོ་དང་གུན་མིན་བྱ་བ་ཡང་བསྐོར། དེ་དུས་བོད་ཀྱི་དམག་དཔོན་སུ་ཟེ་ཞན་[ཞུས་ཧྲེ་རིན་徐舍人]གྱིས་རྒྱའི་བཙོན་པ་ཞིག་ལ་གཏམ་བྱས་པར་ཁོ་ན་རེ།  ང་དང་པོ་རྒྱ་ནག་གི་དཔོན་ཆེན་གྱི་རིགས་ཡིན། རྒྱལ་མོ་བེའུ་ཧེ་བོའི་[ཝུའུ་ཧོའོ་武后]དུས་སུ་ངའི་མེས་པོས་དམག་ཁྲིད་དེ་གོང་མའི་རྒྱལ་སར་རྒོལ་དུ་སོང་བ་མ་ཐུབ་པས་གཉེན་ཚན་བཅས་ས་ཐག་རིང་དུ་བྲོས་པ་ཡིན། ང་བོད་ཀྱི་དམག་དཔོན་ཡིན་ཀྱང་རྒྱ་ཡུལ་དུ་ལོག་པའི་འདོད་པ་ཆེ་ཞིང་རེ་བ་དེ་མ་འགྲུབ་པའི་སེམས་ཁྲལ་ཡོད་[ཅེས)སྨྲས། ཁོས་བཙོན་པ་དེ་མཚན་ལ་བཏང་སྟེ་འཕྲིན་བསྐུར་བར། ངས་ས་མཚམས་ལ་དོ་དམ་བྱེད་པ་དང་དམག་ཆས་དང་ཟས་སྒྲུབ་ཏུ་ལིན་ཇོ་ལ་སླེབས་པར་དམག་སྒར་གྱི་དཔོན་གྲབས་ཤོམ་མེད་པར་སྡོད་པ་དང་ཐུག་ནས་མཁར་དུ་ཞུགས། དམག་དཔོན་གོ་ཕན་[གོ་ཧྲི་ཅུན་郭使君]མཁར་སྲུང་བའི་འདོད་པ་ཆེ་ཡང་གཡུལ་དུ་བཀུམས་བྱ་བ་སྨྲས། དེར་ཡི་གེ་[སྐྱེལ་བའི)བང་ཆེན་ཞིག་གིས་དམག་དཔོན་དེའི་དམག་ཚུར་ལོག་ཆོག་པའི་བཀའ་བསྐྱལ་བ་བཞིན་ལོག  བོད་ཀྱི་དམག་དཔོན་ཁྲོད་ན་ཡ་ཇོའི་མཁར་གྱི་རྫོང་བློན་མཱ་ཏུན་སྡེ་[མ་ཏེན་ཏེ་马定德]སྙན་གྲགས་ཆེ། ཁོ་པ་ཤེས་རྒྱ་ཆེ་ཞིང་ས་དཔྱད་ལ་མཁས་པས་དམག་གི་སྔོན་དུ་དམག་དཔོན་རྣམས་ཚོགས་སུ་བཅུག་སྟེ་དགྲ་ཐབས་ཇི་ལྟར་རྩོམ་དགོས་པའི་བཀོད་ཁྱབ་གཏོང་བ་ཡིན། ཁོས་ལོ་ཁ་ཤས་ཀྱི་ནང་ལ་ལི་ཇོ་དང་ཟོན་འན་ཇོ་གཉིས་བཟུང་། འོན་ཀྱང་དཔོན་བེ་གའོ་དང་ཐུག་ནས་དམག་ལམ་ཁེགས། དེར་མ་ཏུན་སྡེའི་སེམས་ལ་དམག་གི་རྒྱལ་ཁ་མ་ལོན་པས་བོད་དུ་ཕྱིན་ན་ཉེས་སྐྱོན་ཡོང་ངམ་སྙམ་ནས་རྒྱའི་ཕྱོགས་སུ་བྲོས། དེའི་རྐྱེན་གྱིས་གུན་མིན་[ཁུན་མིན་昆明]ཕྱོགས་ནས་དམག་མེད་ཅིང་བདེ་འཇམ་དུ་བསྡད། དེའི་རྗེས་སུ་ཡང་བོད་དམག་གིས་ལིན་ཇོའི་ཡུལ་ཚབས་ཆེ་བར་བཅོམ། དེ་དུས་དམག་དཔོན་བེ་གའོས་བོད་ཀྱི་གྲོང་ཁྱེར་བེ་ཇོ་བསྐོར༑ (དེང་སང་ཚ་གུ་ཐང་དུ་འབོད)བོད་ཀྱི་བཙན་པོས་བོད་ཀྱི་ཤར་ཕྱོགས་ཀྱི་དམག་དཔོན་ཆེན་པོ་བློན་མང་ཞོ་དགུ་ལོན་ཙི་ཟི་པེ་[བློན་མང་བཞེར་རྨོ་ལུང་ཆི་ཞི་པིས་论莽热没笼乞悉蓖]དམག་འབུམ་ཕྲག་གཅིག་དང་བཅས་པ་བཏང་། བེ་གའོས་ནན་ཇོའོ་དམག་དང་བསྡེབས་ཏེ་ས་བཙན་པོ་བཟུང་ནས་བསྡད། སོ་དམག་སྟོང་གཅིག་སྔོན་ལ་བཏང་ནས་དགྲ་བསྒུགས་པར་བོད་བློན་ཙི་ཟི་པེས་རྒྱ་དམག་ཉུང་ཟད་ལས་མེད་པར་བསམས་ཏེ་ཤུགས་ཆེན་པོས་འཐབ་པ་ན་བསྐུང་བའི་དམག་རྣམས་གློ་བུར་དུ་བཏོན་པས་ཁོང་རྣམས་ཕམ། བོད་དམག་ཕྱེད་ཙམ་བསད། ཙི་ཟི་པེས་ཀྱང་རྒྱ་ལ་མགོ་འདུད་བྱས་པ་གོང་མའི་ཕོ་བྲང་དུ་ཁྲིད། གོང་མས་ཐུགས་བརྩེ་བར་དགོངས་ཏེ་བོད་བློན་ལ་སྲོག་ཁྲིམས་མེད་པར་བྱས། འོན་ཀྱང་བེ་ཇོ་དང་གུན་མིན་གཉིས་དམག་དཔོན་བེ་གའོས་ཀྱང་བོད་ཀྱི་ལག་ནས་མ་ལོན་པར་ཕྱིར་ལོག ལོ་རྗེས་མ་(འདས་རྗེས་ཀྱི་ལོ་༡༣༤༦པར་)བོད་ཀྱི་ཕོ་ཉ་དཔོན་ལོན་ཟེ་ཞོ་[བློན་རྒྱལ་བཞེར་论颊热]རྒྱ་ལ་སླེབས་ཤིང་རྒྱའི་ཕོ་ཉ་ཟི་པི་[ཞོ་ཕེ་薛俖]བོད་ལ་བཏང་།

ཀྲིན་ཡོན་ཁྲི་ལོ་ཉི་ཤུ་(སངས་རྒྱས་འདས་རྗེས་ཀྱི་ལོ་༡༣༤༨)ལ་བཙན་པོ་སྐུ་གཤེགས། རྒྱ་ནག་ནས་དཔོན་འཇན་འཛན་[ཀྲང་ཅན་张荐]བྱ་བ་བོད་ལ་མཆོད་པ་འབུལ་དུ་བཏང་། བཙན་པོ་སྔ་མའི་གཅུང་པོ་བོད་ཀྱི་ཁྲི་ལ་ཕེབས་ཤིང་སླར་ཡང་ཕོ་ཉ་ཞིག་གོང་མའི་ཕོ་བྲང་ཏུ་བཏང་ངོ་། གོང་མ་ཞོན་ཙུང་[ཧྲུན་ཙུང་顺宗]ཁྲི་ལ་ཕེབས་སྐབས་དམག་དཔོན་ཇན་འཛིན་བོད་དུ་ཕོ་ཉར་བཏང་། ཡུན་ཀྲིན་<ཧི>ལོ་དང་པོ་(འདས་རྗེས་ཀྱི་ལོ་༡༣༤༩)པ་ལ་བོད་ཀྱི་བློན་ཆེན་ཙི་ལེ་ཧུ་འབོ་ཙང་[བློན་བློ་བཟང་论勃藏]གསེར་དང་འགོ་སྣམ། རྟ་དང་བ་ཕྱུགས་མང་པོ་ཁྱེར་ཏེ་གོང་མ་གྲོངས་པའི་གདུང་ལ་མཆོད་པ་འབུལ་དུ་སླེབས། གོང་མས་བོད་ཀྱི་འབུལ་སྐྱེས་རྣམས་བཞུགས་ཁྲི་ཁང་གི་མདུན་དུ་བཀྲམ་ཞིང་བསྟན། (འདས་རྗེས་ཀྱི་ལོ་༡༣༥༠)པ་ལ་གོང་མ་ཟན་ཙུང་ཁྲི་ལ་ཕེབས། བོད་དུ་ཆིངས་སྒྲིག་བྱེད་པའི་ཕོ་ཉ་ཞིག་དང་ཞོན་ཙུང་གནམ་དུ་གཤེགས་པའི་གཏམ་སྐྱེལ་བ་ཞིག་ཀྱང་བཏང་། བོད་བློན་འབོ་ཙང་རྒྱ་ནག་ཏུ་སླེབས། དེའི་རྗེས་ལོ་ཤས་ལ་བོད་ཀྱི་ཕོ་ཉ་མང་པོ་སླེབས། (འདས་རྗེས་ཀྱི་ལོ་༡༣༥༢པ་ལ་ཏུ་རུ་ཀའི་རིགས་ཀྱི)མི་སྡེ་ཞ་ཏོ་བྱ་བ་རྣམས་བོད་འབངས་ནས་ཤོར། རིགས་དེ་རྣམས་འབྲོག་པའི་ནང་ནས་དཔའ་རྩལ་ཆེ་ཤོས་ཡིན། བོད་ཀྱི་དམག་གི་སྐབས་ཁོང་རྣམས་མདུན་དུ་བྱེད། དེ་ཡང་རྒྱའི་གྲོང་ཁྱེར་ལན་ཇོ་སྔར་ཧོར་རྣམས་ཀྱི་ལག་ནས་ཕྱིར་འཕྲོག་སྐབས་བོད་ཀྱི་སེམས་ལ་ཞ་ཏོ་དང་ཧོར་རྣམས་ལྐོག་ཏུ་གྲོས་མཐུན་ཡོད་དམ་སྙམ་པའི་དོགས་པ་སྐྱེས་ཏེ་ཞ་ཏོ་རྣམས་རྨ་ཆུའི་ཕ་རོལ་ཏུ་སྡོད་དུ་འཇུག་དགོས་བསམ། མི་སྡེ་དེ་རྣམས་འཇིགས་ནས་ཞ་ཏོའི་དཔོན་པོ་འཇུ་ཡི་ཛུན་ཅུང་བུ་ཚ་དང་བཅས་རྒྱ་འབངས་སུ་བྱེད་འདོད་དེ་མི་སུམ་ཁྲི་ཁྲིད་ནས་ཤར་ཕྱོགས་སུ་བྲོས། ལམ་དུ་བོད་དམག་གིས་ཟིན་ནས་མི་ཁྲི་གཉིས་བཀུམ་ཞིང་ཁྲི་གཅིག་ལིན་ཅོར་སླེབས། ཁོང་རྣམས་ལ་ཡང་ཇོ་བྱ་བའི་ས་བྱིན། འོན་  ཀྱང་དེ་ས་མཚམས་སུ་སོང་གཤིས་ལོ་དེ་རང་ལ་ཇིན་ཟན་ཆེའན་དུ་སྡོད་བཅུག

ཡུན་ཅན་<ཧི>གྱི་ལོ་བཞི་བ་(འདས་རྗེས་ཀྱི་ལོ་༡༣༥༣)ལ་བོད་ནས་རྒྱ་ལ་ཆིངས་སྒྲིག་བྱེད་པའི་ཕོ་ཉ་ཞིག་བཏང་བར་རྒྱས་མ་མཉན། འོན་ཀྱང་དུས་དེ་རང་ལ་བོད་དམག་ཁྲི་ལྔ་འཛེན་བོའུ་[ཀྲིན་ཝུའུ་振武]ལ་སླེབས། རྟ་དམག་ཁྲི་གཅིག་ཕྷུན་ཅོ་ལ་སླེབས་ཏེ་ཧོར་[ཡུ་གུར་回纥]རྣམས་བཟུང་སྟེ་རང་གི་ཡུལ་དུ་བཏང་། ཡུན་ཅན་<ཧི>གྱི་ལོ་ལྔ་པ་(འདས་རྗེས་ཀྱི་ལོ་༡༣༥༤པ)ལ་རྒྱ་དཔོན་ཟི་ཕུས་[ཞུའི་ཧྥུའུ་徐复]རྒྱའི་དཔེ་ཆ་བྷོ་ཞན་བུ་[钵阐布]བྱ་བ་ཁྱེར་ཏེ་བོད་དུ་སོང་། དེབ་དེའི་མིང་ལ་བྷོ་ཇི་ཧུ་[钵掣逋]ཡང་ཟེར། རྒྱལ་ཐབས་དང་ཁྲིམས་སྲོལ་སྟོན་པའི་གཞུང་ཡིན། དཔོན་ཟི་ཕུ་ཤན་ཇོ་ལ་སླེབས་ནས་རང་འདོད་བཞིན་ཕྱིར་ལོག འོན་ཀྱང་ཁོའི་ཟླ་བོ་ལི་ཕན་[ལི་ཧྥིན་李奉]བོད་དུ་སོང་སྟེ་བཙན་པོ་ལ་གོང་མའི་ཡི་གེ་ཕུལ། བོད་ནས་བློན་ཆེན་ཟི་ཟེ་ཞོ་[བློན་སི་བཞེར་论思邪热]བཀའ་དྲིན་ཆེ་བྱ་བའི་ཞུ་བ་སྐྱེལ་དུ་སླེབས། ཁོ་དང་ལྷན་དུ་རྒྱ་དཔོན་ཇན་ཕུ་ཅི་[ཀྲང་ཧྲུའུ་ཅུ་郑叔矩]དང་ལུའུ་མི་[路泌]གཉིས་རྒྱ་ཡུལ་དུ་ལོག་བཅུག  བོད་ཀྱི་ཡི་གེ་ཕུལ་ཏེ་རྒྱའི་ཞིང་ཆེན་ཇིན་ཅོ་[ཆིན་ཀྲའུ་秦州]དང་། ཡོན་ཀྲའུ་[原州]ཨན་ལོ་ཅོ་[ཨན་ལོ་ཀྲའུ་安乐州]རྣམས་རྒྱ་ནག་ལ་ཕྱིར་སྤྲོད་རྒྱུའི་འདོད་པ་ཡོད་ཚུལ་སྨྲས་པར་བརྟེན་གོང་ནས་བློན་ཆེན་དུ་ཡི་ཕན་[ཏུའུ་ཡུག་杜佑]བྱ་བ་བོད་དང་བཀའ་མོལ་བྱེད་དུ་བཏང་། བོད་ཀྱི་བློན་ཆེན་ཟི་ཟེ་ཞོས་གོང་མའི་ཁྲིའི་མདུན་དུ་ཕྱག་འཚལ་བས་རྒྱའི་བློན་ཆེན་དུ་ཡི་ཕན་གྱིས་ཀྱང་བོད་ཀྱི་བཙན་པོའི་ཁྲིའི་དྲུང་དུ་ཕྱག་འཚལ། (ཕྱོགས་ཀྱི་རྒྱལ་པོའི་ཁྲོད་ན་གོང་མའི་ཕོ་ཉས་ཕྱག་འཚལ་བ་བོད་རྗེ་གཅིག་པུ་རང་ཡིན་པར་འདུག)དེ་ནས་སླར་ཡང་དཔོན་ལི་དཔའ་[ལི་ཞན་李贤]དང་འུ་ཡོན་[吴晖]གཉིས་བོད་དུ་བཏང་། དེ་ནས་ལོ་ཤས་བར་བོད་ནས་ཀྱང་ཕོ་ཉ་སྐྱེས་དང་བཅས་པ་སླེབས། བོད་ནས་ཡི་གེ་ཕུལ་ཏེ་ལུང་ཇོ་ཞིང་ཆེན་གྱི་ས་མཚམས་སུ་ཚོང་འདུས་ཤིག་འཛུགས་རྒྱུ་ཞུས་པར་རྒྱ་ནས་ཀྱང་ཉན།

ཡུན་ཅན་<ཧི>གྱི་ལོ་བརྒྱད་པ་(སངས་རྒྱས་འདས་ནས་ལོ་༡༣༥༧)ལ་བོའུ་ལན་ཇོ་བྱ་བའི་སར་བོད་རྣམས་ཀྱིས་རྨ་ཆུ་ལ་ཟམ་པ་འཛུགས་པའི་གྲབས་གཤོམ་བྱས་ཏེ་ཤིང་སྡོང་མང་པོ་ཆུ་འགྲམ་དུ་བསྐྱལ་ཏེ་བཞག རྒྱ་རྣམས་གསང་སྟེ་སོང་ནས་སྡོང་པོ་ཐམས་ཅད་ཆུ་ལ་བསྐྱུར་བས་ལས་དེ་མ་གྲུབ། འོན་ཀྱང་ཞོ་ཕྷན་ན་སྡོད་པའི་རྒྱ་དཔོན་བཱན་མི་དེ་ནོར་དད་ཆེ་བས་བོད་ཀྱིས་ཁོང་ལ་ལྐོག་རྔན་སྤྲད་དེ་ཟམ་པ་ལེགས་པརགྲུབ། ཟམ་པའི་མདུན་དུ་བོད་ཀྱིས་དམག་མཁར་བརྩིགས། དེ་ནས་བཟུང་བོད་རྣམས་ཞོ་ཕྷན་གྱི་ཟམ་པ་བརྒྱུད་དེ་རྒྱ་ཡུལ་བཅོམ་དུ་འོངས།

ཡུན་ཅན་<ཧི>གྱི་ལོ་བཅུ་བ་ལ་(འདས་རྗེས་ཀྱི་ལོ་༡༣༥༩)བོད་ནས་ཚོང་འབྲེལ་བྱེད་པའི་ཆིངས་ཡིག་ཞུས་པར་རྒྱས་ཀྱང་མཉན། ཡུན་ཅན་<ཧི>གྱི་ལོ་བཅུ་གཅིག་པ་(འདས་རྗེས་ཀྱི་ལོ་༡༣༦༠)ལ་རྗེ་བཙན་པོ་དགུང་དུ་གཤེགས། བོད་བློན་ཙི་ཞང་(ཁྲི་ཞང)[བློན་ཁྲིན་རན་论乞髯]རྒྱ་ནག་ཏུ་གནས་ཚུལ་སྐྱེལ་དུ་སླེབས། དམག་དཔོན་བོའུ་ཅུང་ཇིན་[ཝུའུ་ཁྲུང་ཆི་乌重玘]བཙན་པོ་གཤེགས་པའི་གདུང་ལ་མཆོད་པ་འབུལ་དུ་བཏང་། ཁ་ལི་ཁ་ཆུ་[མངའ་བདག་རལ་པ་ཅན་可黎可足]བོད་ཀྱི་ཁྲི་ལ་ཕེབས་སོ། །དེ་དཔོན་ཕྷུ་ཡུ་ཅུང་[ཧྥུའུ་ཡུན་ཀྲུན་扶余準]བྱ་བ་ཏུན་མིན་[ཏུང་མཱིན་董勔]གྲོང་ཁྱེར་གྱི་མི་སྔར་ཞོ་ཕྷང་[ཧྲོ་ཧྥང་朔方]ཞིང་ཆེན་དུ་རྟ་དམག་གི་དཔོན་བྱས་པ་ཞིག་དང་།  གཞན་ལུང་ཟིའི་ཡུལ་གྱི་མི་དཔོན་ཡི་ཙང་[ལི་ཚན་李骖]བྱ་བ་གཉིས་སྔར་འཇན་ཡུན་གྱི་ལོ་བརྒྱད་(འདས་རྗེས་ཀྱི་ལོ་༡༣༢༩)པའི་སྐབས་བོད་ཀྱིས་བཟུང་། རྒྱའི་ཕོ་ཉས་དེ་གཉིས་ད་དུང་གསོན་པར་ཐོས་ནས་བོད་ལ་ཞུས་པས་ཕོ་ཉ་དང་ལྷན་དུ་རང་ཡུལ་དུ་བཏང་། བོད་ནས་བློན་ཆེན་ཙུའེ་ལི་ཙང་[བློན་ཁྲི་བཟང་论矩立藏]རྒྱ་ལ་བཏང་། འོན་ཀྱང་བློན་དེ་རྒྱའི་ས་མཚམས་སུ་མ་སླེབས་པའི་གོང་ལ་བོད་དམག་གིས་ཡུའུ་ཅོ་ཞིང་ཆེན་བཅོམ། ཏིང་ཡུའན་ཆན་[ཏིང་ཡོན་མཁར་定远城]བྱ་བའི་གྲོང་དང་ཉེ་བར་རྒྱ་དང་འཐབ་ཀྱང་ཁོང་རྣམས་ཀྱིས་རྒྱལ་ཁ་མ་ལོན་པར་བོད་དམག་ཉིས་སྟོང་བསད། ཕིན་ལན་ཇན་[ཧྥཱིན་ལེང་ཀྲིན་平凉镇]བྱ་བའི་གྲོང་གི་དམག་དཔོན་ཧའོ་ཙིས་[ཧའོ་ཚི་郝玼]བོད་དམག་ཉིས་ཁྲི་ཕམ་པར་བྱས། ཡང་ཤ་ཅོའི་[ཞ་ཀྲའུ་夏州]ཞིང་གི་དམག་དཔོན་ཐེན་ཇིན་[ཐེན་ཅིན་田缙]གྱིས་བོད་དམག་སུམ་སྟོང་ཕམ་པར་བྱས། གོང་མས་བོད་བློན་ཙུའི་མི་ཙང་འཁོར་བཅས་འཛིན་དགོས་པའི་བཀའ་ཕེབས། ཇན་ནན་ནས་འོངས་པའི་དམག་གིས་བོད་ཀྱི་གྲོང་ཨེ་ཧོ་[ཨོ་ཧི་峨和]དང་ཟི་ཙི་[ཆུ་ཤུས栖雄]བཟུང་།

ཡུན་ཅན་<ཧི>གྱི་ལོ་བཅུ་གསུམ་པ། (འདས་རྗེས་ཀྱི་ལོ་༡༣༦༢པ་ལ)བོད་དམག་གིས་ཤ་ཇོའི་ཡུལ་བཅོམ། ཡུན་ཅན་<ཧི>གྱི་ལོ་བཅུ་བཞི་བ་(འདས་རྗེས་ཀྱི་༡༣༦༣པ་)ལ་བོད་བློན་ཙུའེ་མི་ཙང་འཁོར་བཅས་རང་ཡུལ་བསློགས། བོད་ཀྱི་དམག་དཔོན་ཨན་མོ། བློན་ཆེན་ཞང་ཞ་བཙན། མདུན་སའི་གཙོ་བོ་ཞང་ཙི་ཟེར་རྣམས་ཀྱིས་དམག་འབུམ་གཅིག་དང་ཁྲི་ལྔ་ཁྲིད་དེ་ཡཱན་ཇོའི་གྲོང་ཁྱེར་བསྐོར། རྡོ་སྒྱོགས་མང་པོ་འཕངས། གྲོང་གི་དཔོན་ལི་བན་[ལི་ཝུན་ཡའོ་李文悦]རྣམས་ཀྱིས་ཟླ་བ་གཅིག་གི་ཡུན་ལ་གྲོང་ཁྱེར་བསྲུངས་ཤིང་ལྕགས་རི་བཤིགས་པ་སླར་བརྩིགས། མཚན་ལ་གྲོང་ནས་ཕྱིར་ཐོན་ཏེ་དགྲ་ལ་འཛིང་། ཉིན་གང་འཐབ་མོ་བྱས་པས་བོད་རྣམས་ཀྱིས་ཟླ་བ་གཅིག་གི་ཡུན་ལ་ཡང་གྲོང་དེ་འཛིན་མ་ཐུབ་ཅིང་བོད་དམག་ཁྲི་གཅིག་ཙམ་ཕམ་པར་བྱས། ཞོ་ཕྷན་ཞིང་ཆེན་གྱི་དཔོན་ཞི་ཛིན་ཕྷན་[ཧྲི་ཅིན་ཧྥིན་史敬奉]གྱིས་བོད་དམག་གི་རྒྱབ་ནས་གློ་བུར་དུ་འཐབ་པས་བོད་རྣམས་ཕམ་སྟེ་ཕྱིར་ལོག  ཤར་ཇོ་[ཧྲ་ཀྲའུ་沙州]ཞིང་ཆེན་གྱི་དམག་དཔོན་ཇེའུ་བུའུ་ཏང་[ཀྲའུ་ཏིན་周鼎]གིས་སྙིང་སྟོབས་ཆེན་པོས་འཐབ། བོད་ཀྱི་བཙན་པོས་རང་གི་དམག་སྒར་རྣམས་ལྷོ་ཕྱོགས་ཀྱི་རི་ལ་སྤོས་ནས་དམག་དཔོན་ཞང་ཙི་ཟེར་[ཞང་ཁྲི་སུམ་རྗེ་尚绮心几] ལ་གོང་ཁྲེར་བསྐོར་དགོས་པའི་བཀའ་ཕེབས། ཇེའུ་བུའུ་རང་གིས་ཧོར་ལ་གྲོགས་དན་ཞུས་ཀྱང་ལོ་གཅིག་ལ་གྲོགས་མ་སླེབས། ཡང་གྲོང་མེ་ལ་བསྲེགས་ནས་དམག་དང་བཅས་ཤར་ཕྱོགས་སུ་འགྲོ་དགོས་བསམས་ཀྱང་ཀུན་གྱིས་མ་མཉན། དཔོན་ཡན་ཇུ་[ཡན་ཁྲའོ་阎朝]བྱ་བ་ནངས་མོ་ཞིག་རྩྭ་ཆུ་འཚོལ་དུ་འགྲོ་སྐབས་དཔོན་ཇིའུ་ཏང་གི་མདུན་དུ་སླེབས་པར་འཁོར་གྱི་དཔོན་འགའ་ཞིག་གིས་ཁོང་ལ་མདའ་བརྒྱབ། འོན་ཀྱང་ཁོས་རང་སྲུང་ཐབས་མ་བྱས་པར་བསྡད། ཕྱིས་ཙ་ན་ཁོས་ཞེ་ནད་ཀྱིས་དཔོན་ཅིའུ་ཤ་ནུ་[ཀྲའུ་ཧྲ་ནུའུ་周沙奴]བསད་ཅིང་ཞིང་ཆེན་གྱི་དཔོན་ཡང་སྐེ་ཐག་པས་བསྡམས་ཏེ་བསད་ནས་རང་ཉིད་གྲོང་གི་གཙོ་བོར་བྱས། ལོ་བརྒྱད་སོང་བ་དང་ཡན་ཇོའི་འབངས་རྣམས་ལ་གཞུང་གི་འབྲུ་མཛོད་ནས་འབྲུ་བྲེ་རེ་ལ་གོས་ཆེན་ཁ་རེ་སྟེར་དགོས་པའི་སྲོལ་བཙུགས་པར་ཕལ་མོ་ཆེས་ཉན། ཡན་ཇུ་དགའ་ནས་འབངས་རྣམས་ལ་འབྲུ་ཡོད་ན་འཆི་ལ་ཐུག་གི་བར་དམག་བྱེད་ནུས་སྨྲས། འོན་ཀྱང་ལོ་གཉིས་སོང་བ་ན་ལྟོ་ཆས་ཐམས་ཅད་ཟད། དེ་ནས་ཁོ་ལྕགས་རིའི་ཁ་ལ་འཛེགས་ཏེ་བོད་ཀྱི་ཕྱོགས་ལ་སྐད་ཆེན་པོས་གྲོང་ཁྱེར་ཁྱེད་རྣམས་ལ་སྟེར་བས་ངེད་རྣམས་ཕྱི་ལ་འཐོན་རྒྱུ་ཡིན་སྨྲས་པས་བོད་བློན་ཞང་ཙི་ཟེར་གྱིས་ཀྱང་ཉན། ཡན་ཇུ་དམག་དང་བཅས་པ་ཕྱིར་ཐོན་ཏེ་བོད་ལ་མགོ་འདུད༑ གྲོང་བསྐོར་ནས་བཟུང་ཤོར་གྱི་བར་ལོ་བཅུ་གཅིག་སོང་། བོད་ཀྱི་བཙན་པོས་ཞང་ཅི་[ཞང་ཁྲི་སུམ་རྗེ་尚绮心几]ཟེར་བ་ཡུལ་དེའི་དཔོན་དུ་བསྐོས། མི་རིང་བར་བོད་རྣམས་ ཡན་ཇུ་ལ་ངོ་ལོག་བྱེད་པའི་དོགས་པ་ཟོས་ཏེ་ཁོའི་ལྷམ་ལ་དུག་བྱུགས་པས་ཤི། ཡུལ་གྱི་འབངས་མི་རྣམས་ལ་བོད་ཀྱི་ཆས་གྱོན་དུ་བཅུག  ཕ་མེས་ལ་མཆོད་པ་འབུལ་དུས་རྒྱའི་གོས་གྱོན་ཏེ་ངུས་ངུས་ནས་སླར་གོས་རྣམས་སྦས་ཏེ་བཞག (འདས་རྗེས་ཀྱི་ལོ་༡༣༦༤)གོང་མ་མུ་ཙུང་ཁྲི་ལ་ཕེབས། ཐེན་ཙུའི་[ཐེན་ཙི་田洎]བོད་དུ་ཕོ་ཉར་བཏང་། ཕོ་ཉ་མ་སླེབས་པའི་སྔོན་བོད་རྣམས་རྒྱའི་ས་མཚམས་སུ་སླེབས་ཏེ་ལིང་བུ་[ལིན་ཝུའུ་灵武]ལ་སྒར་བཏབ། ཅིན་སའེ་ཕང་[ཆིན་སའེ་ཧྥུང་青塞峰]བྱ་བའི་མཁར་བཅོམ། ཇིན་ཅོ་[ཅིན་ཀྲའུ་泾州]ཡང་བཅོམ་ནས་ཆུ་འགྲམ་དུ་དམག་སྒར་བཏབ། དེ་ཙ་ན་ཐེན་ཙུའི་བོད་ཀྱི་དམག་དཔོན་ཡོད་སར་སླེབས། བོད་རྣམས་ཀྱིས་ཁོ་ལ་མནའ་སྐྱེལ་དུ་འཇང་བུ་[ཁྲང་ཝུའུ་长武]ལ་ཚོགས་དགོས་ཟེར་བར་ཁོས་ཀྱང་ཁས་ལེན་ཁུལ་བྱས། བོད་རྣམས་ཡིད་ཆེས་ནས་ཇིན་ཅོ་ནས་ཞག་གཅིག་གི་ལམ་ཁར་སྒར་སྤོས། གོང་ནས་དཔོན་ལན་ཞིའུ་ཙན་[ལེང་ཧྲའུ་ཆན་梁守谦]ལ་མཁར་བརྒྱད་ཀྱི་དམག་དཔོན་དུ་བསྐོས་ཤིང་ཇིན་ཅོའི་ཡུལ་བསྲུང་དགོས་པའི་བཀའ་ཡང་ཕེབས། དཔོན་ཞའོ་ཐུང་[ཧྲའོ་ཐུང་邵同]བོད་ལ་ཆིངས་སྒྲུབ་ཏུ་བཏང་། དེའི་རྗེས་སུ་ཏང་སྱང་གི་མི་རིགས་རྣམས་རྒྱ་ལ་དགྲ་བྱེད་པས་བོད་དམག་བོས་ཏེ་ཤ་ཇོར་སླེབས༑ དཔོན་ཧའོ་ཙེས་ཁོང་རྣམས་དང་འཐབ་སྟེ་མི་མང་པོ་བསད། སྙིན་ཇོ་[པཱིན་ཀྲའུ་邠州]ནས་དཔོན་ལི་གོན་ཡན་[ལི་ཀོང་ཡན་李光颜]དམག་ཁྲིད་དེ་སླེབས་སྐབས་བོད་ཕྱིར་ལོག  བོད་ནས་སླར་རྒྱ་ནག་ཏུ་ཕོ་ཉ་བཏང་ཞིང་དེ་དང་དུས་མཉམ་དུ་ཡ་ཇོའི་[ཡཱ་ཀྲའུ་雅州]གྲོང་ཡང་བཅོམ། གོང་ནས་དཔོན་རྣམས་ལ་ས་མཚམས་བསྲུང་དགོས་པའི་བཀའ་ཕེབས།

ཅན་ཆིང་གི་ལོ་དང་པོ་(སངས་རྒྱས་འདས་རྗེས་ཀྱི་ལོ་༡༣༦༥)ལ་རྒྱ་དང་ཧོར་གཉིས་མཐུན་ལམ་གྱི་ཆིངས་ཡིག་གསར་དུ་བྱས་པར་ཐོས་ཏེ་བོད་ཁྲོས་ནས་ཅིན་ཟེ་ཕུ་(ཆིན་སའེ་པའོ་清塞堡]བྱ་བའི་མཁར་བཅོམ། དེའི་རྗེས་བོད་ནས་བློན་ཙི་ལི་ཞོ་ཟེ་[ཞང་ཁྲི་ཐོག་尚绮力陀思]ཕོ་ཉར་བཏང་སྟེ་རྒྱ་ལ་མནའ་སྐྱེལ་བའི་གྲོས་བཏང་བར་གོང་ནས་ཀྱང་གསན། འདི་ནས་མར་ལ་ལྷ་སའི་རྡོ་རིང་ལ་གསལ་བའི་བྱུང་བ་དག་ཡིན། རྒྱ་བློན་ཙུའེ་རྗེ་[ཚུའེ་ཀྲེ་崔植]དང་། དུ་ཡུའན་ཡིན་[ཏུའུ་ཡོན་ཡིང་杜元颖]དང་། བང་བྷོ་(ཝང་པོའོ་王播]རྣམས་ཀྱིས་མནའ་ཡིག་ལྷ་ཁང་ཆེན་མོར་སྒྲོག་དགོས་ཟེར། ལུགས་སྲོལ་གྱི་དོ་དམ་པ་ན་རེ། སྔར་གོང་མ་ཞོ་ཙུང་[སུའུ་ཙུང་肃宗]དང་ཏེ་ཙུང་[ཏེ་ཙུང་代宗]མནའ་སྐྱེལ་དུས་དེ་འདྲ་མེད་ཟེར།  འོན་ཀྱང་གོང་མ་ཏེ་ཙུང་མནའ་སྐྱེལ་དུས་ལྷ་ཁང་ཆེན་མོར་མནའ་ཡིག་བསྒྲགས་ཡོད། ཕྱིས་ཕིན་ཐང་[ཕཱིན་ལེང་平凉]ཞིང་ཆེན་དུ་མནའ་ལ་ཚོགས་སྐབས་ལུགས་དེ་ཉམས་པས་སྔར་བཞིན་བྱེད་པ་འཐད་ཟེར། གོང་ནས་ཁྲི་དཔོན་ལི་ཡུའན་ཏུན་[ལིའུ་ཡོན་ཏྲིན་刘元鼎]བོད་དུ་ཕོ་ཉར་བསྐོས། གྲོས་བྱེད་མཁན་ལི་ཞི་ལའོ་[ལིའུ་ཧྲེ་ལའོ་刘师老]ཁོའི་གྲོགས་སུ་བསྐོས། དམག་དཔོན་ཆེན་པོ་བེ་གའོ་[ཧན་ཀོ་韩皋]ཁྲིམས་དཔོན་ནི་ཟན་ཞུ་[ཉིའུ་སེང་རུའུ་牛僧孺]ལས་ཁུངས་ཀྱི་ཁྲི་པ་ལུའུ་ཕན་[ལིས་ཅང་李降]ཞོ་ཡི་[ཞའོ་མཱེན་肖俛]ཡན་ཡི་ལིན་[དབྱང་དབྱི་ལིན་杨於陵]བེ་ཞོ་[ཝེ་ཧྲའུ་韦绶]ཇའོ་ཛུན་ཞུ་[ཀྲའོ་ཙུང་རུའུ་赵宗儒]ཕེའུ་[ཕེ་ཝུའུ་裴武]རྒྱལ་སའི་དོ་དམ་པ་ལི་བཀྭན་ཅོ་[ལིའུ་ཀུང་ཀྲོ་柳公绰]དམག་དཔོན་གོ་ཙུང་[ཀོ་ཙུང་郭纵)རྣམས་བོད་ཀྱི་ཕོ་ཉ་བློན་པོ་ལོན་ནོ་ལོ་[བློན་ན་ལོད་论纳罗]དང་ལྷན་དུ་རྒྱལ་སའི་ནུབ་ཕྱོགས་ཀྱི་མཐའི་གྲོང་ཁྱེར་ཕྱི་མར་མནའ་སྐྱེལ་དགོས་པའི་བཀའ་གནང་། མནའ་ཡིག་ཏུ་བོད་ཀྱིས་བཙན་པོས་རྒྱལ་ཁབ་གཉིས་དམག་འཁྲུག་མི་བྱེད་པ་དང་། ཕན་ཚུན་གྱི་མི་བཟུང་ན་ཞིབ་དཔྱོད་བྱས་ཏེ་ཟས་གོས་བྱིན་ནས་རང་ཡུལ་དུ་སྐྱེལ་དགོས་བྱས་བའི་དོན་ཚན་གཉིས་བཀོད་དགོས་ཞུས་པར་གོང་ནས་ཀྱང་གསན། འདིར་ལྷ་སའི་རྡོ་རིང་ལས། བོད་རྒྱ་གཉིས་ད་ལྟར་དུ་མངའ་བའི་ཡུལ་དང་མཚམས་སྲུང་ཞིང་། དེའི་ཤར་ཕྱོགས་ཐམས་ཅད་ནི་རྒྱ་ཆེན་པོའི་ཡུལ། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ། དེ་ལ་ཕན་ཚུན་དགྲར་མྱི་འཐབ། དམག་མྱི་དྲངས༑ ཡུལ་མྱི་བ་རྣམས་ཡིད་མ་ཆེས་པ་ཞིག་ཡོད་ན། མྱི་བཟུང་ཞིང་གཏམ་དྲིས་ཏེ་བརྫངས་ནས་ཕྱིར་བཏང་ངོ་། །ཞེས་གསལ། མནའི་དུས་སུ་ད་དུང་བོད་དམག་རྣམས་ལུའུ་ཇོའི་[ལུའུ་ཀྲའུ་鲁州]ཡུལ་དུ་སྡོད། ལིན་ཅོ་[ལིན་ཀྲའུ་灵州]ཞིང་ཆེན་གྱི་དཔོན་ལི་ཇིན་ཅན་[ལི་ཅིན་ཁྲེན་李进城]གྱིས་ཏཱ་ཞིས་ཞན་[ཏ་ཧྲི་ཧྲན་大石山]བྱ་བའི་རིར་ཁོང་དག་དང་འཐབ་པས་རྒྱལ། བོད་ནས་བློན་ཇའོ་གོ་ཅན་[ཀྲའོ་གོ་ཀྲང་赵国章]ཕོ་ཉར་བཏང་། ཁོང་དང་ལྷན་དུ་རྒྱའི་བློན་པོ་རྣམས་ལ་ཡི་གེ་དང་སྐྱེས་བརྫངས།

ལོ་དེའི་རྗེས་མ་(སངས་རྒྱས་འདས་རྗེས་ཀྱི་ལོ་༡༣༦༦)ལ་བོད་ནས་རྒྱ་ནག་ལ་ས་མཚམས་སུ་རྡོ་རིང་འཛུགས་དགོས་ཚུལ་གྱི་ཡི་གེ་བཏང་། དཔོན་ལི་ཡུའན་ཏུན་བོད་ཀྱི་བློན་པོ་ནོ་ལོ་དང་མཉམ་དུ་བོད་ལ་མནའ་སྐྱེལ་དུ་བཏང་། བོད་རྣམས་གོང་མའི་མཚན་ཆིངས་ཡིག་གི་སྟེང་དུ་འགོད་དགོས་ཚུལ་ནན་ཏན་དུ་སྨྲས། དེ་ལ་རྒྱའི་ཕོ་ཉ་ལི་ཡུའན་ཏུན་དེས་བོའུ་ཆེན་[ཝུའུ་ཁྲོན་武川]ཆུ་བོ་བརྒལ་ནས་མཐར་གྱིས་རྨ་ཆུའི་འགྲམ་དུ་སླེབས། དེར་གོང་མ་བཀྭང་བུའི་[ཀོང་ཝུའུ་光武]དུས་སུ་བཙུགས་པའི་ཟམ་པ་ད་དུང་སྐྱོན་མེད་པར་ཡོད་པ་མཐོང་། ལན་ཇོའི་ཡུལ་དེ་བོད་ཀྱི་ཆབ་འོག་ཡིན་ཀྱང་འབངས་རྣམས་རྒྱ་རིགས་ཁོ་ན་ཡིན༑ ཞིང་ས་བཟང་ཞིང་བཟའ་ཤིང་གིས་ཕྱོགས་དེ་ཐམས་ཅད་དུ་ཁྱབ།  འབངས་རྣམས་ཀྱིས་རྒྱ་ནག་གི་ཕོ་ཉའི་གདུགས་དང་དར་ཆ་མཐོང་ནས་ཕྱོགས་ཐམས་ཅད་ནས་ལམ་གྱི་ངོས་ སུ་འདུས། ལོང་ཅི་ཆེན་[ལུང་ཀྲེ་མཁར་龙支城]]བྱ་བའི་གྲོང་གི་བར་དུ་རྒྱའི་ཕོ་ཉ་ལ་ཕེབས་སྐྱེལ་ཞུས། མི་རྒད་མོ་སྟོང་གཅིག་ཙམ་པུས་མོ་ས་ལ་བཙུགས་ནས་ངུ་བཞིན་དུ་རྒྱའི་ཕོ་ཉ་ལ་ཞུས་པ། གོང་མ་ཆེན་པོ་སྐུ་འཚོ་བཟང་ངམ། ངེད་རྣམས་སྔོན་བོད་ཀྱིས་བཟུང་ནས་ཁྲིད་པའི་རྒྱ་འབངས་རྣམས་ཀྱི་རྒྱུད་རྩ་ཡིན། ཕ་མེས་རྣམས་བོད་ཀྱི་ཆབ་འོག་ཏུ་ཚུད་དེ་ཡུལ་འདིར་བཞག  འོན་ཀྱང་ད་ལྟའི་བར་ངེད་རྣམས་རྒྱ་ནག་གི་ཆ་ལུགས་མ་བརྗེད་པར་ཡོད། གོང་མ་ཆེན་པོས་ངེད་རྣམས་འདི་ལྟར་ཡོད་དགོངས་སམ། ད་རྒྱ་ནག་གི་དམག་ནམ་ཞིག་འདིར་སླེབས་ཡོང་ཞེས་རང་གི་སྐྱིད་སྡུག་ཞུས་ཏེ་སྐད་ཆེན་པོ་ཕྱུངས་ནས་ངུས། འབངས་དེ་རྣམས་སྔར་ཕྷིན་ཇོ་[ཧྥུང་ཀྲའུ་凤州]བྱ་བའི་རྒྱ་ནག་ཞིང་ཆེན་གྱི་མི་རིགས་ཡིན་པར་འདུག  དེ་ནས་རྒྱའི་ཕོ་ཉ་ཞི་ཕུ་ཆེན་[ཧྲི་པའོ་མཁར་石堡城]གྱི་འགྲམ་བརྒྱུད་དེ་བྲག་རི་མང་བའི་ལམ་ཞིག་ཏུ་སླེབས། བོད་རྣམས་དེ་ལ་ལྕགས་ཀྱི་རལ་གྲིའི་འཕྲང་ཟེར། ས་དེ་ནས་ལེ་དབར་དུ་མའི་བར་གྱི་ནུབ་ཕྱོགས་སུ་ས་རྡོ་ཐམས་ཅད་ཁ་དོག་དམར་པོར་ཡོད་པ་ལ་བོད་རྣམས་རི་དམར་དུ་འབོད། (རྨ་ལུང་དན་ཏིག་གི་ཕྱོགས་དེང་སང་ཀླ་ཀློས་བཟུང་བའི་ཡུལ་དེ་དག་ཏུ་སྣང་)དམག་དཔོན་ལི་བེ་[ལི་ཧོས་李暠]དང་ཅན་ཞུ་གེས་[ཀྲང་ཧྲིག་ཀོས་张守硅]བཙུགས་པའི་ས་རྟགས་ཀྱི་རྡོ་རིང་རྣམས་ནི་འགྱེལ་ནས་འདུག་ཅིང་བོད་ཀྱིས་བཙུགས་པའི་རྡོ་རིང་རྣམས་ད་དུང་ཡང་འགྲེང་བཞིན་པར་སྣང་། རི་དམར་གྱི་ཡུལ་དེ་ན་གོང་མའི་རྒྱལ་ས་ཅན་ངན་[ཁྲང་ཨན་长安]ནས་ལེ་དབར་སྟོང་ཕྲག་གསུམ་ཡོད་ཅིང་སྔོན་ལུང་ཡུ་[ལུང་ཡུག་陇右]བྱ་བའི་ས་ཆ་དེ་ཡིན། བོད་རྣམས་ན་རེ། ཆུ་བོ་ལོ་བོ་ཆོའན་[ལུའུ་ཁྲོན་卢川]གྱི་ལྷོ་ཕྱོགས་སུ་ཆུ་ཆེན་མིང་ཧན་ལུའུ་[མིན་ཧན་ལུའུ་闷恒卢]བྱ་བ་ཡོད་ཅིང་། ཆུ་བོ་དེ་ལ་ཙང་ཧེ་[臧河]ཆུ་བོ་འདྲེས་ནས་ཡོད་ཟེར། རྨ་ཆུའི་ལྷོ་ནུབ་ཕྱོགས་ནི་ས་ཤིན་ཏུ་བཟང་ཞིང་ཐང་ག་ཆེ། རྩྭ་ཁ་བཟང་པོ་ཡོད། ཆུ་འགྲམ་དུ་ལྕང་སྡོང་མང་དུ་སྐྱེས་ཤིང་རི་ངོས་ལ་ཐང་ཤིང་གི་ནགས་ཚལ་ཆེན་པོ་ཡོད། (ཨ་མདོའི་བྱང་དེང་སང་བིས་མདོ་དང་། ཚོ་ལྔ་བྱ་བའི་མི་སྡེ་དག་གིས་བཟུང་བའི་ས་དེ་རྣམས་སུ་མངོན།)རིའི་ངོས་ན་དུར་གྱི་རི་དེའུ་མང་པོ་སྣང་ཞིང་དེའུ་རེ་རེའི་འགྲམ་དུ་ཁང་པ་དམར་པོ་རེ་ལ་ས་དཀར་གྱིས་སྟག་གི་གཟུགས་བྲིས་པར་སྣང་། དེ་རྣམས་དཔའ་བོ་གྲགས་ཆེན་རྣམས་ཀྱི་དུར་ཡིན། བོད་མི་དཔའ་བོ་རྣམས་གསོན་པའི་ཚེ་སྟག་གི་པགས་པ་གྱོན། ཤི་ན་དཔའ་བོའི་རྟགས་སུ་དུར་ཁང་ལ་སྟག་དཀར་པོའི་རི་མོ་བྲི་བ་ཡིན། ལྷན་ཅིག་ཏུ་གཡུལ་ན་བསད་པ་རྣམས་དུར་ཀྱང་ལྷན་དུ་འདེབས་པ་ཡིན། སི་ཙི་ལི་[སྐྱེས་ལ་སྒང་悉结罗岭]བྱ་བའི་བྲག་འཕྲང་བརྒྱུད་ནས་ཤིང་རྟའི་ལམ་ཞིག་སྣང་ཞིང་། ལམ་དེ་ནས་སྔར་(ཁྲི་ལྡེ་གཙུག་བཙན་སྐབས་)འཇིན་ཆང་[ཀིམ་ཤིང་)ཀོང་ཇོ་བོད་དུ་བསྐྱལ་བ་ཡིན་ཅིང་། མི་གུ་[ཤ་ཚལ་谷]བྱ་བའི་ཐང་ཆེན་དུ་ཀོང་ཇོ་དཔོན་གཡོག་གི་སྒར་བཏབ་པ་ཡིན་ཟེར། ད་ལྟ་མཇུག་སྐྱོང་རྒྱལ་རབས་ཀྱི་དཔེ་མཚོན་ཙམ་སྤྱན་ཞུར་བསྟར་བར་དེ་ནས་རྒྱའི་ཕོ་ཉ་ལི་མིན་ཏན་བོད་དུ་སླེབས། བོད་ཀྱི་བཙན་པོ་དབྱར་ས་དེ་གཙང་པོའི་བྱང་འགྲམ་དུ་འདུག བཙན་པོའི་བཞུགས་སྒར་གྱི་མཐའ་ལ་ཤིང་གི་ར་བས་བསྐོར༑ གོམ་ཚད་བཅུ་རེའི་བར་ན་མདུང་རིང་པོ་རེ་བཙུགས་ཤིང་མདུང་བརྒྱ་ཕྲག་ཙམ་འདུག   ར་བའི་ནང་དུ་སྒར་ཆེན་ཞིག་བཏབ། རྒྱལ་སྒོ་གསུམ་དང་སྒོ་དེ་རྣམས་ཀྱི་བར་ལ་གོམ་པ་བརྒྱ་ཕྲག་རེ་ཡོད། སྒོའི་མདུན་ན་གོ་མཚོན་གྱོན་པའི་དམག་གི་སྐུ་སྲུང་དང་། བནྡེ་མགོ་ལ་བྱ་གཟུགས་ཀྱི་ཞྭ་གྱོན་ཅིང་སྟག་གི་པགས་པ་སྐེད་ལ་དཀྲིས་པ་དག་གིས་སྦུབ་ཆལ་བརྡུང་བར་བྱེད། སྒར་གྱི་ནང་དུ་འགྲོ་བ་ན་ལུས་ལ་མཚོན་ཆ་སོགས་ཡོད་མེད་རྟོག་ཞིབ་བྱས་ཏེ་གཏོང་༑ ར་བའི་དབུས་ན་དབུ་གུར་གྱི་ནང་དུ་བང་རིམ་མཐོ་བ་ཞིག་དང་། དེའི་སྟེང་ན་ཡང་བང་རིམ་རིན་པོ་ཆེའི་ར་བས་བསྐོར་བ་ཞིག་གི་སྟེང་དུ་བཙན་པོ་བཞུགས། སྐུ་ལ་གོས་སྨུག་ནག་གསོལ་ཞིང་སྐེ་རགས་ལ་གསེར་གྱི་རལ་གྲི་ཞིག་བཏགས། བཙན་པོའི་མདུན་ན་གསེར་ལས་བྱས་པའི་སྟག་དང་གཟིག་ལ་སོགས་པའི་སེམས་ཅན་གྱི་གཟུགས་བརྙན་རྣམས་བསྒྲིགས་ཏེ་བཞག (འདི་དག་ཀྱང་རླུང་ལྷ་སྡེ་བཞིའི་གཟུགས་མིན་ནམ་སྙམ། ལར་གཟུགས་འདི་བཞི་ཡང་ཕལ་ཆེར་ཕྱོགས་བཞིའི་རྒྱལ་པོའི་རྟགས་མཚན་ལས་བྱས་སམ་སྙམ་སྟེ། ཤར་དུ་རྒྱ་ནག་རྣམས་འབྲུག་གི་རྟགས་སུ་བྱེད། བྱང་དུ་སོག་པོ་དང་རྒྱ་སེར་སོགས་མཁའ་ལྡིང་གི་གཟུགས་དང་༑ ནུབ་ཏུ་ཕྱི་གླིང་པ་སོགས་སེང་གེའི་གཟུགས་དང་། རྒྱ་གར་སྟག་གི་གཟུགས་ལ་བྱེད་པས་སོ།།)བཙན་པོའི་གཡས་ཕྱོགས་སུ་བློན་ཆེན་པོ་སྡོད། བློན་པོ་རྣམས་བང་རིམ་འོག་མའི་སྟེང་དུ་གནས། རྒྱའི་ཕོ་ཉ་འབྱོར་བ་དང་བོད་ཀྱི་བློན་ཆེན་སི་ད་ཞོ་[བློན་སྟག་བཞེར་论悉答热]མནའ་སྐྱེལ་བའི་དོན་དུ་སླེབས། དེ་ནས་བཙན་པོའི་བཞུགས་སྒར་གྱི་གཡས་ཕྱོགས་སུ་སྟོན་ཆེན་ཞིག་བཏང་། གསོལ་ཚིགས་དང་ཆང་འབུལ་བའི་ལུགས་སྲོལ་རྣམས་རྒྱ་ནག་དང་ཅུང་ཟད་འདྲ། སྣོད་སྤྱད་ཕལ་ཆེར་རྒྱ་ནག་གི་ཡིན་འདུག  རོལ་མོ་བྱེད་སྐབས་ཅིན་གྱི་རྒྱལ་པོའི་དུས་ཀྱི་དམག་གླུ་ཡང་ལེན་པར་འདུག་(ཅིན་དེ་སངས་རྒྱས་དང་དུས་མཉམ་ཙམ་གྱི་རྒྱལ་བརྒྱུད་ཅིག་ཡིན་ཅིང་རྒྱ་ནག་ལ་མ་ཧཱ་ཙི་ན་ཞེས་འབོད་པ་ཡང་རྒྱལ་པོ་འདིའི་མཚན་ལས་དྲས་པ་ཡིན་སྙམ།) དེ་མིན་ཡུལ་གཞན་གྱི་གླུ་ཡང་ལེན། མནའི་ཁང་བུའི་ཞེང་དུ་གོམ་བཅུ་དང་མཐོ་ཁྱད་ཁྲུ་གཉིས་ཙམ་སྣང་། (དབུ་རུ་ཞྭའི་ལྷ་ཁང་གི་རྡོ་རིང་དུ་ཡང་ནམ་ཞིག་མནའི་ཁང་བུ་འདི་སྤོ་དགོས་བྱུང་ན་ཡང་། སོགས་བྱུང་བས་ཐ་ཚིག་གལ་ཆེན་རྣམས་རྡོ་རིང་ལ་བྲིས་པ་གཅིག་དང་། དེའི་འདྲ་ཞུས་རྒྱལ་པོའི་ཕྱག་སྦལ་དུ་བཞག་པ་གཅིག   མནའ་ཡི་ཁང་བུའམ་ད་ལྟའི་སྐུ་མཁར་གྱི་དབྱིབས་ཅན་གཅིག་གི་ནང་དུ་སྦས་པ་སྟེ་གསུམ་ཡོད།) རྒྱ་ནག་གི་ཕོ་ཉ་བོད་ཀྱི་བློན་པོ་བཅུའི་མདུན་དུ་བསྡད། མནའི་ཁང་བུའི་མདུན་དུ་རྒྱལ་ཕྲན་(དཔོན)བརྒྱ་ཙམ་ཚོགས༑  དེ་ནས་མནའི་ཁང་བུའི་སྟེང་དུ་འབོལ་གདན་བཤམས་པར་བོད་ཀྱི་བློན་ཆེན་པོ་འཛེགས་ཏེ་མནའ་ཡིག་བསྒྲགས། ཁོའི་དྲུང་ན་སྡོད་པའི་བློན་པོས་དེ་སྐད་གཞན་དུ་བསྒྱུར་ཏེ་ཚོགས་མང་ལ་གོ་བར་བྱས། བློན་ཆེན་ཁོ་རང་མ་གཏོགས་གཞན་ཐམས་ཅད་ཀྱི་ཁ་ལ་ཁྲག་བྱུགས། (ཇོ་བོའི་དབུ་སྐྲའི་རྡོ་རིང་དུ་ཡང་སྲོག་ཆགས་བསད་དེ་མནའ་ཡང་བོར་ཞེས་བྱུང་།) མནའ་ཚར་ནས་སླར་ཡང་ཤཱཀྱ་མུ་ནེའི་ཆོས་ལུགས་བཞིན་མནའ་བསྐྱལ་ཏེ་ཐམས་ཅད་ཀྱིས་གཟུངས་ཆུ་བཏུང་། ཆོ་ག་ཚར་ནས་གཅིག་གིས་གཅིག་ལ་ལེགས་སོ་བརྗོད་ཅིང་མཆོད་སྟེགས་ནས་བབས། ལི་ཡོན་ཏུན་རྒྱ་ནག་ཏུ་ཕྱིར་ལོག  བོད་ལ་དམག་དཔོན་ཆེན་པོ་ཞང་ཏ་ཙན་(ཞང་སྟག་བཙན)དེ་ཏ་སྱ་ཆོའན་[ཏ་ཞ་ཁྲོན་大夏川]བྱ་བའི་ཡུལ་ན་སྡོད། ཁོས་ས་གནས་ཀྱི་དཔོན་དང་ལས་བྱེད་བརྒྱ་ཕྲག་ལྷག་བསྡུས་ནས་མནའ་ཡིག་བསྟན་ཅིང་དཔོན་རྣམས་ལ་རང་གི་ས་གནས་སྲུང་བ་དང་གཞན་གྱི་ས་ལ་མི་འཚེ་བའི་བཀའ་བཞག  ཞང་སྟག་བཙན་རྒྱའི་ཕོ་ཉ་དང་གཏམ་བྱེད་པ་ན་ཁོ་ན་རེ། ཧོའེ་ཧོར་[ཡུ་གུར་回纥]བྱ་བའི་རྒྱལ་ཁམས་དེ་ཡུལ་ཕྲན་ཞིག་ལས་མེད།  སྔར་ངེད་རང་ཁོང་རྣམས་འདུལ་བའི་ཕྱིར་ཡུལ་དེ་རང་ལ་སོང་། ཁོང་པ་དག་གི་རྒྱལ་ས་དང་ཉིན་གསུམ་གྱི་ལམ་དུ་སླེབས་པ་ན་རྗེ་བཙན་པོ་སྐུ་གྲོངས་པའི་གཏམ་ཐོས་ཏེ་ཕྱིར་ལོག་དགོས་བྱུང་། ཁོང་རྣམས་རང་རེ་ལ་དགྲ་བྱེད་པའི་ནུས་པ་མེད་པ་ལ་ཁྱེད་རྒྱ་རྣམས་ཅིའི་ཕྱིར་སྐྲག་པ་ཡིན་ཟེར། ཕོ་ཉ་ལི་ཡུའན་ཏུན་གྱིས་ཧོའེ་ཧོར་རྣམས་སྔོན་རྒྱ་ལ་གྲོགས་དན་ཡང་མང་དུ་བྱས། རྟག་ཏུ་ཆིངས་ཡིག་དོན་དང་མི་འགལ་བ་བྱེད། ངེད་ཅག་གི་ས་གནས་རྣམས་ལ་མཚོན་ཆའི་སྟོབས་ཀྱིས་མ་བརྒལ། དེའི་ཕྱིར་རྒྱ་རྣམས་ཁོང་དག་ལ་གུས་པ་བྱེད་པ་ཡིན་སྨྲས་པས་ཞང་སྟག་བཙན་ཁ་རོག་པར་སྡོད་(འདི་བོད་ལ་ཟུར་ཟ་བ་ཡིན་པར་སྣང་།)དེ་ནས་ཕོ་ཉ་ལི་ཡུའན་ཏུན་ཧུན་ཞུའི་ཆུ་[བཙོང་ཆུ་湟水]བརྒལ་ནས་ལན་ཆོའན་གུ་[ལུང་ཆོན་ཀུའུ་龙泉谷]བྱ་བའི་ཐང་གི་ནུབ་བྱང་དུ་སླེབས་ཚེ་དེ་ནས་རྒྱའི་དམག་དཔོན་གེ་ཞུ་ཧན་[ཀྱི་ཧྲུའུ་ཧན་哥舒翰]གྱིས་བརྩིགས་པའི་སའི་མདའ་ར་ཡོད་པ་ཡང་མཐོང་། ཧན་ཞུའི་ཆུ་བོ་དེ་མན་གུ་[མོང་ཀུའུ་蒙谷]ནས་ཐོན་ཏེ་ལོན་ཙུན་(ལུང་ཆོན་龙泉]བྱ་བའི་ཡུལ་ན་རྨ་ཆུ་དང་འདྲེས། རྨ་ཆུའི་སྟོད་ལ་ཧུན་ཅི་ལན་[ཧུང་ཅིང་ལེང་洪济梁]བྱ་བའི་ཟམ་པ་ཡོད། དེ་ནས་ལྷོ་ནུབ་ཕྱོགས་སུ་ལེ་དབར་ཉིས་སྟོང་ཙམ་ཆུ་ཞེང་ཤིན་ཏུ་ཆུང་བས་དཔྱིད་དུས་མིས་ཀྱང་བརྒལ་ཐུབ། དབྱར་སྟོན་གྲུ་དགོས༑ དེ་ནས་ལེ་དབར་སུམ་བརྒྱ་སོང་བའི་ལྷོ་ཕྱོགས་སུ་རི་གསུམ་ཡོད་པའི་དབུས་མ་ཙི་ཞན་[ཙི་ཧྲན་紫山]བྱ་བ་རི་ངོས་འདལ་ཞིང་ཤིན་ཏུ་མཐོ། ཡན་ཐིང་ཆེན་པོའི་མདུན་རོལ་ཏུ་ཡོད། སྔོན་རི་དེ་རྣམས་ལ་གུན་ལུན་[ཁུ་ནུ་昆仑]ཟེར། བོད་རྣམས་མིན་མོ་ལ་ཞེས་འབོད༑ (དེང་སང་ཙི་ཞན་ལ་བ་ཡིན་ཧར་རོལ་ཟེར་) དེ་ནས་ཤར་དུ་བཅང་ངན་[ཁྲང་ཨན་长安]བར་ལེ་དབར་ལྔ་བརྒྱ་ཡོད། རི་དེ་དག་ནས་རྨ་ཆུ་འཐོན། ཆུ་སྟོད་རྦ་ཀློང་ཆེ་ཞིང་རྩུབ༑ དེ་ནས་ཆུ་གཞན་དང་འདྲེས་ཏེ་ཁ་དོག་དམར་ཞིང་རྙོག་མར་སོང་། དེའི་རྒྱུ་མཚན་གྱིས་གཞུང་[ཞི་རོང་西戎]བྱ་བའི་མི་རིགས་ཀྱི་ཡུལ་དུ་ཧེ་ཧང་[ཧི་ཧོང་河湟]ཞེས་འབོད། རྨ་ཆུའི་མགོ་མོ་ཧེ་[མོ་ཧི་莫贺lབྱ་བའི་བྱེ་ཐང་ནས་ལེ་དབར་ལྔ་བརྒྱ་ཙམ་ཞིག་ཡོད། བྱེ་ཐང་དེའི་ཞེང་ལ་ལེ་དབར་ལྔ་བཅུ་དང་བྱང་དུ་ཤ་ཇོ་[ཧྲ་ཀྲའུ་沙州]ནས་ལྷོ་ནུབ་ཏུ་ཐོ་གོན་[འ་ཞ་吐谷浑]བྱ་བའི་ཡུལ་ལ་ཐུག   ཕྱོགས་དེའི་བྱེ་ཐང་ཕྲ་རུ་སོང་བ་ལ་ཡུལ་དེ་བ་རྣམས་མཇུག་མ་ཞེས་འབོད། ཡུལ་དེ་རྣམས་ལ་རྒྱའི་ཕོ་ཉས་ལེགས་པར་བལྟས་སོང་།

བོད་ཀྱི་རྒྱལ་ས་ནས་བློན་སི་ནོ་ཟི་[བློན་སྟག་ཞི་论悉载息]ལེགས་སོའི་ཡི་གེ་དང་བཅས་པ་གོང་དུ་བཏང་། གོང་ནས་ཤར་ཕྱོགས་སྐུ་སྲུང་དམག་དཔོན་ལིན་ཧུ་ཐོན་[ལིན་ཧུའུ་ཐུང་令狐通]དང་བློན་ཏུ་ཙེ་[ཏུའུ་ཙེད་杜载]གཉིས་བོད་དུ་བཏང་།  ལོ་དེ་རང་ལ་བོད་ཀྱི་བློན་ཆེན་ཞང་ཙི་སེར་[ཞང་ཁྲི་སུམ་尚绮心儿]གྱིས་ཧོའེ་ཧོར་དང་ཏང་སྱང་ཕབ། བོད་བློན་ཆུང་བ་ཞང་ཏེ་ཐས་[ཞང་ཧྲེ་ཐར་尚设塔]རྟ་དམག་ཁྲི་གསུམ་ཁྲིད་དེ་མོའུ་ལན་ལེན་[མུའུ་ལན་ལེང་木兰梁]བྱ་བའི་ཟམ་པ་དང་ཉེ་བར་རྟ་རྣམས་རྩྭ་ཁ་ལ་བཏང་། ལོ་རྗེས་མར་བོད་ཀྱི་ཕོ་ཉ་སླེབས་ཏེ་གོང་མའི་མདུན་དུ་གསེར་གྱི་སྡེར་མ། དངུལ་གྱི་བསེ་རུ། ཤྭ་བ༑ གཡག་མང་པོ་བཅས་ཕུལ། བོའུ་ལི་[པོ་ལི་宝历)དང་ཐེ་ཧོའི་[ཏ་ཧི་大和]ཁྲི་ལོ། (འདས་རྗེས་ཀྱི་ལོ་༡༣༦༩དང་༡༣༧༠)ལ་བོད་ཀྱི་ཕོ་ཉ་སྔ་ཕྱི་གཉིས་སླེབས། ཐེ་ཧོའི་ལོ་ལྔ་པ་(འདས་རྗེས་ཀྱི་ལོ་༡༣༧༥)ལ་བེ་ཇོའི་གྲོང་ཁྱེར་གྱི་བོད་ཀྱི་དམག་དཔོན་ཟི་ཧིན་མོ་[སྩན་མོ་悉恒谋]རྒྱ་ནག་གི་འབངས་སུ་འདུས། ཁོ་པ་རང་གི་མངའ་འབངས་བཅས་ཇོན་འདུ་ཕྱོགས་སུ་བྲོས་པར་ཇན་ནན་ཞིང་ཆེན་གྱི་དཔོན་མི་དེ་ཡིས་[ལི་ཏེ་ཡུ་李德裕]ཁོ་དང་འཕྲད་ནས་ལག་ནས་ཐམ་ག་དང་མཚོན་ཆ་རྩིས་བླངས་ཏེ་གོང་མ་ལ་སྙན་སྒྲོན་ཞུས། བེ་ཇོའི་གྲོང་དེ་རི་མཐོན་པོའི་རྩེར་ཡོད་ཅིང་ཕྱོགས་གསུམ་ནས་ཇན་[ཅང་江]བྱ་བའི་ཆུ་བོས་བསྐོར༑ ཟི་ཁྲོན་ནས་བོད་ལ་འགྲོ་བའི་ལམ་གནད་ཅིག་ཡིན། སྔོན་གྱི་ཚེས་ཧེ་ཞི་དང་ལུང་ཡི་བྱ་བའི་ས་ཐམས་ཅད་བོད་ཀྱི་ལག་ཏུ་ཤོར་བ་ན་ཡང་བེ་ཇོའི་གྲོང་གཅིག་པུ་ལུས། དེ་ནས་ལོ་སུམ་ཅུ་སོང་བ་ན་བོད་ཀྱི་བུད་མེད་གཅིག་གྲོང་པའི་དམག་མི་ཞིག་དང་བཟའ་ཚང་དུ་འདུས་པ་མོའི་བུ་གཉིས་ཆེར་བསྐྱེད་པ་ན་མཚན་ཞིག་ལ་མཁར་སྒོ་ཕྱེ་སྟེ་བོད་དམག་ནང་དུ་ཁྲིད༑ དེ་ལྟར་བེ་ཇོ་བོད་ཀྱི་ལག་ཏུ་ཤོར་ནས་གྲོང་ཁྱེར་གྱི་མིང་ཡང་སྤོས་ཏེ་བོའུ་ཡུ་ཅིང་[འོ་ ཡུག་མཁར་无忧城]བྱ་བར་བཏགས། (འུ་ཡུག་ཤིང་ཡིན་ནམ།) དེ་ནས་བཟུང་རྒྱ་ནག་ནུབ་ཕྱོགས་རྣམས་བཅོམ་ཞིང་ཞིང་རྣམས་བརླག་པར་བྱས། དམག་དཔོན་བེ་གའོས་མཁར་དེ་འཛིན་འདོད་ནས་ལོ་ཤས་བསྐོར་ཀྱང་མ་ནུས། གོང་མས་བོད་བློན་ཟི་ཧིན་མོའི་དོན་གྱི་སྐོར་རྣམས་ལས་ཁུངས་ཀྱི་དཔོན་རྣམས་ལ་གཏད་པར་ཐམས་ཅད་ཀྱིས་ཞིང་ཆེན་གྱི་དཔོན་པོས་ཞུས་པ་ལྟར་བྱེད་དགོས་ཟེར། འོན་ཀྱང་བློན་ཉིན་ཟན་ཞོ་ན་རེ། བོད་ཀྱི་རྒྱལ་ཁམས་ལ་ས་ལེ་དབར་ཁྲི་ཕྲག་ཡོད། ཞིང་ཆེན་གཅིག་ཤོར་བས་བོད་རྣམས་སྟོབས་ཉམས་པར་མི་འགྲོ། ད་ལྟ་རང་རེ་རྣམས་བོད་དང་འདུམ་བྱས་ཏེ་ས་མཚམས་ཀྱི་དམག་ཀྱང་ཕྱིར་འཐེན་བྱ་རྒྱུའི་ཁས་ལེན་བྱས། ཆིངས་ཡིག་དང་འགལ་ན་རང་རེ་ལ་ཕན་མེད་པའི་སྟེང་དུ་སླར་དམག་ཀྱང་འོང་བར་ངེས། ལར་བྱ་བ་འདི་འདྲ་བྱེད་མི་ལ་གཏམ་ངན་འབབ། རྒྱལ་ཁབ་ཆེན་པོའི་གཙོ་བོས་ལས་འདི་འདྲ་བྱས་ན་ཅིར་འགྱུར་ཟེར། དེར་གོང་ནས་ཞིང་ཆེན་གྱི་དཔོན་ལི་དེ་ཡི་ལ་བེ་ཇོ་དང་༑ བློན་ཟི་ཧིན་མོ་བོད་ལ་ཕྱིར་སྤྲོད་དགོས་གསུངས་པ་བཞིན་བྱས། བོད་རྣམས་ཀྱིས་ཟི་ཧིན་མོ་གཉེན་དང་བཅས་པ་ས་མཚམས་སུ་ཁྲིད་དེ་གཞན་ལ་འཇིགས་པ་སྟོན་ཕྱིར་མནར་གཅོད་སྣ་ཚོགས་བཏང་སྟེ་བསད། དེ་ནས་ལོ་ངོ་ལྔའི་བར་དུ་རྒྱ་བོད་གཉིས་ཕན་ཚུན་ཕོ་ཉ་མང་དུ་བཏང་། བོད་ནས་གོང་དུ་རིན་པོ་ཆེའི་སྐེ་རགས། གསེར་གྱི་སྣོད། འཕྱི་པགས་ཀྱི་གྱོན་པ༑ གཡག་རྔ། མདོག་མི་འདྲ་བའི་སྣམ་རིགས། རྟ། ལུག  རྔ་མོང་སོགས་ཕུལ།

བཙན་པོ་ཨི་ཏའེ་(རལ་པ་ཅན་)ཁྲི་ལ་ལོ་ངོ་སུམ་ཅུ་བཞུགས། དེ་ནས་སྐུ་གཟུགས་རྒུད་པའི་རྐྱེན་གྱིས་རྒྱལ་སྲིད་ཀྱི་བྱ་བ་རྣམས་བློན་ཆེན་པོའི་ལག་ཏུ་གཏད། (དེ་ཙ་ན་དབའས་རྒྱ་ཏོ་རེ་སོགས་ཀྱིས་བཀྲོངས་པར་མངོན།) དེའི་ཕྱིར་རྒྱ་ནག་གི་ས་མཚམས་ལ་ཡང་གནོད་པ་མེད་པར་ཞི་ཞིང་བདེ་བར་བསྡད། བཙན་པོ་གཤེགས་ནས་ཁོང་གི་གཅུང་ཐ་མུ་[དར་མ་达磨]ཁྲི་ལ་ཕེབས་སོ། །བཙན་པོ་ཐ་མུ་དེ་ཆང་ལ་དད་ཅིང་ཆགས་པ་ཆེ། རང་བཞིན་གྱོང་ཞིང་སྤྱི་བརྟོལ་ཚ། རྔོན་ལ་དགའ་ཞིང་ལེགས་པའི་བྱ་བ་ཐམས་ཅད་ལ་མི་མགུ་བས་རྒྱལ་སྲིད་ལ་སྐྱོན་ཆེར་བྱུང་། ཁའེ་ཆན་[ཁེ་ཁྲིན་开城]གྱི་ལོ་བཞི་པ་(འདས་རྗེས་ཀྱི་ལོ་༡༣༨༣)ལ་དཔོན་ལི་ཅིན་ཞུ་[ལི་ཅིང་རུའུ་李景儒]བོད་དུ་ཕོ་ཉར་བཏང་། བོད་ནས་བློན་ཆེན་ཟི་ཞོ་[བློན་སྐྱི་བཞེར་论集热]རིན་པོ་ཆེ་དང་རྟ་ལུག་མང་པོ་དང་བཅས་རྒྱ་ལ་བཏང་། དེ་དུས་བོད་ཀྱི་རྒྱལ་ཁམས་སུ་ས་གཡོ་ཆེན་པོ་བྱུང་། ས་གས་པའི་སྲུབ་ནས་ཆུ་འཐོན། མི་ཤིས་[མིན་ཧྲན་岷山]བྱ་བའི་རི་བོ་འགྱེལ། ཆུ་བོ་ཐའོ་ཞུ་[ཀླུ་ཆུ་ཐའོ་ཧྲོས་洮水]ཞག་གསུམ་གྱི་བར་གྱེན་དུ་ལོག  ཞིང་རྣམས་བྱི་བས་ཟོས་ཏེ་མུ་གེ་བྱུང་། ནད་ཡམས་ཀྱིས་མི་ཤི་བའི་རོ་གཅིག་ལ་གཅིག་བརྩེགས་ཏེ་འཇོག་པར་བྱུང་། ཞན་ཇོ་[ཧྲན་ཀྲའུ་鄯州]དང་ཁོ་ཇོ་[ཀོ་ཀྲའུ་廓州]བྱ་བའི་བོད་ཀྱི་ཞིང་ཆེན་དུ་མཚན་མོ་སྦུབ་བརྡུང་བའི་སྒྲ་ཐོས། མི་རྣམས་གཅིག་གིས་གཅིག་མཐོང་ན་སྐྲག་པ་བྱུང་། བེ་ཆན་[ཧོས་ཁྲང་会昌]གྱི་ལོ་གཉིས་པ་(འདས་རྗེས་ཀྱི་ལོ་༡༣༨༦)ལ་བཙན་པོ་སྐུ་གཤེགས། བོད་ནས་བློན་ཆེན་བཙན་ཞོ་[བློན་བཙན་བཞེར་论赞热]གནས་ཚུལ་སྐྱེལ་དུ་སླེབས། གོང་ནས་དམག་དཔོན་ལི་ཇིན་[ལི་ཅིན་李璟)བཙན་པོའི་སྐུ་སྤུར་ལ་མཆོད་པ་འབུལ་དུ་བཏང་། བཙན་པོ་ཐ་མུ་ལ་སྲས་མེད། བློན་ཞང་ཡ་ལི་[ཞང་ཡན་ལི་尚延力]བྱ་བ་གཅམ་བུ་བྱེད་པ་ཞིག་གིས་ཅི་ལི་ཧུའུ་[ཆི་ལི་ཧུའུ་乞离胡)རྒྱལ་པོའི་ཁྲི་ལ་བཞག  ཅི་ལི་ཧུ་དེ་བཙུན་མོ་ལིན་ཞིའི་[མཆིམས་བཟའ་琳氏妃]ཚ་བོ་ཡིན། ཁྲི་ལ་བཞག་དུས་ལོ་གསུམ་ལས་མ་ལོན། རྒྱལ་སྲིད་བཙུན་མོ་རང་གིས་བཟུང་། དེ་དུས་བློན་ཆེན་པོ་གེ་དུན་ནོ་[བློན་ཆེན་རྗེ་སྟག་སྣ་大论结都那)ཕོ་བྲང་དུ་སླེབས་པར་བཙན་པོ་གསར་པ་མཐོང་ནས་ཕྱག་ཀྱང་མ་འཚལ་བར་ཁོ་ན་རེ། བཙན་པོ་འདས་པའི་རྗེས་ན་གཉེན་ཚན་འདི་ཙམ་ལུས་ཀྱང་རྒྱལ་པོའི་ཁྲི་ལ་ལིན་ཞིའི་བུ་བཞག  བྱིས་པ་འདི་འདྲ་ལ་བློན་པོའི་ནང་ནས་སུ་ཞིག་གིས་བརྩི་མཐོང་བྱེད། བཙན་པོ་འདི་འདྲ་བས་མཆོད་པ་ཕུལ་བ་ཡང་ལྷ་རྣམས་ཀྱིས་མི་བཞེས་པར་ངེས། ད་ནི་རང་རེ་རྒྱལ་ཁམས་ཉམས་པའི་དུས་ལ་སླེབས། ང་ལ་ནི་སྲིད་འཛིན་པའི་སྟོབས་མེད། རྒྱལ་ཁམས་འཁྲུག་ན་ཞི་བར་བྱེད་མི་ནུས། དེ་ལས་ད་ལྟ་ཤི་ན་དགའ་ཞེས་རང་གི་གྲི་བཏོན་ནས་གདོང་ལ་རྨ་བྱས་ཏེ་ཁྲག་བཏོན་ཅིང་ངུ་བཞིན་དུ་ཕྱིར་ལོག གཅམ་བུ་བྱེད་པའི་བློན་རྣམས་གྲོས་བྱས་ཏེ་བློན་ཆེན་པོ་དེ་བཟུང་ནས་ཁྲིམས་ཀྱིས་བསད། ཚུལ་དེ་ལ་བློན་པོ་གཞན་རྣམས་མ་དགའ།

ལོ་མིན་ཅོན་[ལོ་མིན་ཁྲོན་落门州]བྱ་བའི་ཡུལ་ན་སྡོད་པའི་བོད་ཀྱི་དམག་དཔོན་ཞང་གོང་ཇོ་[ཞང་ཁོ་བཞེར་尚恐热]དེ་མི་རྒྱུད་གྱོང་ཞིང་གཡོ་ཆེ་བ་ཡིན། ཁོས་མི་སྡེ་ཁག་གསུམ་དང་གྲོས་བསྡུར་བྱས་ཏེ་རྟ་དམག་ཁྲི་ཙམ་བསྡུས་ནས་ཞན་ཇོ་ན་སྡོད་པའི་བོད་ཀྱི་དམག་དཔོན་ཞང་བྷི་བྷི་[ཞང་པི་པི་尚婢婢]ས་བསྐོར་ལ་འགྲོ་བ་བཅོམ། དེ་ནས་བེ་ཇོར་[ཝེ་ཀྲིག་滑州]སླེབས་ཏེ་བློན་པོ་ཞང་ཟི་ལོ་[ཞང་ཡུ་སློ་尚与思罗]དང་འཐབ་ནས་ཕམ་པར་བྱས། དེ་ནས་ཟེན་ཅོ་[སུང་ཀྲའུ་松州]ཕྱོགས་སུ་སླེབས་ཏེ་བོད་ཀྱི་དམག་དཔོན་སུ་བྷི་[སུམ་པ་苏毗]དང་བསྡེབས་ཏེ་ཨ་ཞའི་[འ་ཞ་吐谷浑]རིགས་ཀྱི་མི་ཁྲི་བརྒྱད་དམག་ཏུ་བསྡུས་ནས་ཏའོ་ཧེ་[ཐའོ་ཧེ་洮河]བྱ་བའི་ཆུ་འགྲམ་དུ་མདའ་ར་བརྩིགས། ཞང་གོང་ཇོས་དམག་དཔོན་སུ་བྷི་ལ་བློན་ཆེན་པོ་སྤུན་དང་བཅས་པ་རྣམས་ཀྱིས་རང་ཅག་གི་རྗེ་བཙན་པོ་བཀྲོངས༑ ང་ལ་ལྷས་ལུང་བསྟན་ཏེ་ཉེས་ཅན་དེ་རྣམས་གཞོམ་དགོས་པའི་བཀའ་བབས། ཁྱེད་རྣམས་རྗེའི་སྐུ་དགྲ་ལ་གྲོགས་བྱེད་དམ་ང་ལ་བྱེད་སྨྲས་ཀྱང་དམག་དཔོན་སུ་བྷི་ཡིད་མ་ཆེས་པར་ཁོའི་གྲོགས་མ་བྱས། དེ་ནས་ཞང་གོང་ཇོས་རྟ་དམག་ཁྲིད་ནས་ཆུ་བརྒལ། མི་སྡེ་རྣམས་ཀྱིས་མགོ་བཏགས་ཞུས་ཏེ་དམག་མི་འབུམ་ལོང་བ་བསྡུས། མཐར་ཞང་ཟི་སློ་བཟུང་སྟེ་སྐེ་ཐག་པས་བཅིངས་ཏེ་བསད། དེ་ལ་བོད་ཀྱི་དམག་དཔོན་ཞང་བྷི་བྷི་དེ་ཡན་གཞུང་[ཞང་ཞུང་羊同]ཡུལ་གྱི་མི་ཡིན། ཁོང་པ་མཁས་པའི་ལས་ལ་ཤིན་ཏུ་དགའ་ཞིང་རྒྱལ་སྲིད་ཀྱི་བྱ་གཞག་ལ་དེ་ཙམ་དུ་མི་དགའ་བ་ཡིན། བློན་གཞན་རྣམས་ཀྱིས་ཁོང་ལ་གུས་པ་ཆེན་པོ་བྱེད༑ ཞང་བྷི་བྷི་དེ་སེམས་རྒྱ་ཆེ་ཞིང་ལག་ཡངས། སྟོབས་ཆེ་ཞིང་སྤྱོད་ལམ་བཙུན། རིག་པ་ཤིན་ཏུ་ཆེ་བ་ཡིན། ཁོང་ལ་ལོ་བཞི་བཅུ་ཙམ་ལོན་དུས་སུ་བཙན་པོ་ཨི་ཏའེ་(རལ་པ་ཅན་)གྱིས་མདུན་དུ་བོས་ཏེ་ཞན་ཇོའི་ཡུལ་གྱི་དམག་དཔོན་དུ་བསྐོས་ཤིང་རང་གི་དམག་རྣམས་གྲ་སྒྲིག་ལེགས་པར་བྱས། བཙན་པོ་གསར་པ་དེ་སྲོལ་དང་མི་མཐུན་པར་ཁྲི་ལ་བཞག་པའི་རྐྱེན་གྱིས་(འདས་རྗེས་ཀྱི་ལོ་༡༣༨༧པ་ལ)བོད་ཀྱི་གཙོ་བོ་རྣམས་ངོ་ལོག་བྱས། ཞང་གོང་ཇོ་རང་ཉིད་ཁྲི་འཛིན་འདོད་སྐྱེས་ཤིང་། ཡང་ཞང་བྷི་བྷི་ཡིས་རྒྱབ་ནས་དམག་བྱེད་དམ་སྙམ་པའི་དོགས་པ་ཡང་སྐྱེས། དེའི་ཕྱིར་རང་གིས་རང་ལ་ཞང་བློན་ཆེན་པོའི་གོ་ས་བྱིན་ཏེ་དམག་འབུམ་གཉིས་ཙམ་ཁྲིད་དེ་སོང་། རྟ་དང་། རྔ་མོང་། བ་ཕྱུགས་ཀྱིས་ས་གཞི་ཁེངས་པ་བྱུང་། ཇན་སི་ཅུན་[ཀྲིན་ཞི་ཅུན་镇西军]བྱ་བའི་སར་སླེབས་ཚེ་རླུང་འཚུབ་དང་འབྲུག་སྒྲ་བྱུང་སྟེ་སེར་བ་བབས། དམག་དཔོན་བཅུ་ཙམ་ཐོག་གིས་བསད། བ་ཕྱུགས་ཀྱང་མང་དུ་བསད་པས་གོང་ཇོ་རྣམ་རྟོག་ཟོས་ཏེ་ཕར་མ་ཕྱིན་པས་ས་དེར་བསྡད། ཞང་བྷི་བྷི་ཐོག་མར་མཐུན་པར་བྱས་ནས་རྗེས་ལ་གཞོམ་དགོས་སྙམ་པའི་གཡོ་བྱས། ཁོ་ལ་སྐྱེས་མང་པོ་བསྲིངས། གུས་པ་དང་བཅས་པའི་ཡི་གེ་ཡང་བཏང་སྟེ་ངེད་གཉིས་བདེ་སྐྱིད་ལོངས་སྤྱོད་ཐུན་མོང་པ་ཡིན་བྱ་བ་སྨྲས་པས་གོང་ཇོ་ཤིན་ཏུ་དགའ་སྟེ་སྨྲས་(པར)ཞང་བྷི་བྷི་དཔེ་ཆ་ལ་མཁས་པ་བདེན་ཡང་དམག་གི་ཐབས་ཅང་ཨེ་ཤེས། འོན་ཀྱང་ཁོ་ཁྱིམ་དུ་བཞག་ན་བཟང་བས་ང་རྒྱལ་པོར་གྱུར་པ་ན་ཁོ་བློན་ཆེན་པོར་བསྐོས་པ་ཡིན་ཟེར། དེ་ནས་གོང་ཇོ་ཕྱིར་ལོག་སྟེ་ཏ་སྱ་ཆེན་[ཏ་ཞ་ཁྲོན་大夏川]གྱི་འགྲམ་དུ་དམག་སྒར་བཏབ། དེའི་རྗེས་སུ་ཞང་བྷི་བྷིའི་འོག་གི་དམག་དཔོན་སྤང་གེ་ཟིན་[ཕང་རྗེ་ཞིན་庞结心]མང་ལོ་ཟི་ལུ་[མང་ལོད་ཞོ་ལུ་莽罗薛吕]གཉིས་ཀྱི་ཧེ་ཅོའི་གྲོང་གི་ལྷོ་ཕྱོགས་ནས་གོང་ཇོའི་སྟེང་དུ་འཐབ། དེ་ཡང་ཁོང་གཉིས་ཀྱིས་དམག་བཞི་ཁྲི་ཙམ་ཡིབ་ནས་བཞག   སྤང་གེ་ཟིན་ས་ཁ་མཐོན་པོར་ཕྱིན་ཏེ་མདའི་སྐེད་ལ་གོང་ཇོ་ལ་བརྙས་སྨོད་ཀྱི་ཡི་གེ་བྲིས་པ་བཏགས་ཏེ་འཕངས་པས་གོང་ཇོ་ཁྲོས་ཏེ་དམག་ཁྲིད་ནས་འཐབ་ཏུ་ཕྱིན། སྤང་གེ་ཟིན་གྱིས་གཡོ་བྱས་ཏེ་ཐོག་མར་དམག་དང་བཅས་པ་བྲོས་པར་གོང་ཇོས་དེད་དེ་སོང་། དེར་མང་ལོ་ཟི་ལུས་གློ་བུར་དུ་འཐབ་སྟེ་གོང་ཇོ་ཕམ། དེ་དུས་གནམ་འཁྲིགས་ཤིང་འབྲུག་སྒྲ་དྲག་པོ་བྱུང་སྟེ་ཤྭ་འོད་ཆེན་པོས་དམག་མང་པོ་འཁྱེར། གོང་ཇོ་གཅིག་པུ་རྟ་ལ་བཞོན་ནས་བྲོས། གོང་ཇོ་རང་དོན་མ་གྲུབ་པའི་རྐྱེན་གྱིས་དེ་ནས་མི་འཁུ་འཁྲིགས་ཆེ་བ་དང་ཁྲག་གི་ལས་ལ་དགའ་བ་ཞིག་ཏུ་སོང་། ཁོའི་འོག་ལ་སྡོད་པའི་དམག་དཔོན་ཅི་ཛང་[ཅི་གཙང་岌藏]དང་ཕྷིན་ཛང་[སྤེན་བཙན་丰薄]གཉིས་ཀ་ཞང་བྷི་བྷིའི་ཕྱོགས་སུ་བྲོས་པས་བྷི་བྷིས་ཁོ་གཉིས་ལ་ཤིན་ཏུ་མཛའ་བར་བྱས། དེའི་རྗེས་(འདས་རྗེས་ཀྱི་ལོ་༡༣༨༩)ལ་གོང་ཇོས་སླར་ཡང་བོད་ཀྱི་ཞིང་ཆེན་ཞན་ཅོ་བཅོམ། ཞང་བྷི་བྷིས་རང་གི་དམག་སྡེ་ཚན་ལྔར་བྱས་ཏེ་འཛིང་ར་བཟོས། ཀོང་ཇོས་ཀྱང་ཏུང་གུ་ཞན་[ཏུང་ཀུའུ་ཧྲན东谷山]གྱི་འགྲམ་དུ་འཛིང་ར་བརྩིགས་པར་དམག་དཔོན་ཅི་རྫང་གིས་ཁོའི་དམག་ལ་ཆུ་བཀག་པས་ཞག་བཅུའི་རྗེས་སུ་གོང་ཇོ་བྷོ་ཧན་ [པོ་ཧན་ཧྲན་簿寒山]གྱི་ཕྱོགས་སུ་སླར་ལོག  དམག་ཕྱོགས་སུ་བཀྲམ་པ་རྣམས་བསྡུས་ནས་ཁྲི་ཁ་ཤས་ཚོགས་པར་སླར་ཡང་ཧེ་ཅི་ཞན་[ཧི་ཅི་ཧྲན་鹃鸡山]གྱི་འགྲམ་དུ་བྷི་བྷི་ལ་འཐབ་ཅིང་ཡང་བསྐྱར་ནན་གུ་[ནན་ཀུའུ་南谷]བྱ་བའི་ཡུལ་དུ་འཐབ་མོ་བྱས་པ་གཉིས་ཀ་ལ་ཡང་ཁོ་ཚབས་ཆེ་བར་ཕམ། ཁོས་རང་གི་དམག་མི་རྣམས་ལོ་གཅིག་གི་བར་དུ་རང་རང་གི་ཁྱིམ་ལ་མ་བཏང་བར་བཞག

ཏ་ཅུང་གི་ལོ་གསུམ་(འདས་རྗེས་ཀྱི་ལོ་༡༣༩༣)ལ་བྷི་བྷི་དམག་དང་བཅས་པ་ཧེ་ཡུན་[ཧི་ཡོན་河源]དུ་བསྡད། གོང་ཇོ་རྨ་ཆུ་བརྒལ་ནས་ཡོང་གྲབས་བྱེད་པར་ཐོས་ཏེ་ཐོག་མར་རང་དམག་གིས་ཁོའི་སྟེང་དུ་ཕར་བརྒལ་ཡང་མ་ཐུབ་པར་ཕམ། བྷི་བྷི་དམག་དང་བཅས་པས་རྨ་ཆུའི་ཟམ་པ་བཀག་ཀྱང་ས་དེར་སྡོད་མ་ཚུགས་པས་ཟམ་པ་མེ་ལ་བསྲེགས་ནས་ཕྱིར་ལོག   གོང་ཇོ་ཅི་ཏུན་ལིན་།།ཅི་ཏིན་ལིན་鸡顶岭]དུ་སླེབས་ཏེ་ཕྷིན་ཞ་བྱ་བའི་རི་འཕྲང་བཅད་ནས་ཟམ་པ་ཞིག་ཀྱང་བཙུགས། དེ་ནས་བྷའེ་ཐུ་ལིང་[པེ་ཐུའུ་ལིན་白土岭]དུ་སླེབས་ཏེ་བྷི་བྷི་ཕྱོགས་ཀྱི་དམག་དཔོན་ཞང་མདོ་ལོ་སྟག་བཙན་[ཞང་ཏོ་ལོ་ཐར་བཟང་尚铎罗榻藏]ཕམ་པར་བྱས། དེའི་རྗེས་མོའུ་ཉུག་ཞ་[མོ་ཉེའུ་ཞ་犛牛峡]ཟེར་བའི་རི་ལུང་དུ་འཐབ་མོ་བྱས། བྷི་བྷིའི་ཕྱོགས་ཀྱི་དམག་དཔོན་ཇོ་ལུ་གུང་ལིས་[ཀྲུའུ་ལུའུ་ཀོང་ལི་烛卢巩]རི་འཕྲང་དུ་མདའ་ར་བརྩིགས་པའི་སེམས་སྐྱེས་ཀྱང་དམག་དཔོན་མོ་ལི་ཕི་ཙེས་[མོ་ལི་ཕི་ཙི་磨离罴子]དེ་ལ་མ་ཉན་པས་ཇོ་ལུ་གུང་ལིས་ན་རྫུ་བཏབ་སྟེ་ལོག  དེ་མ་ཐག་ཕི་ཙེས་གོང་ཇོ་དང་འཐབ་པས་རང་ཉིད་གཡུལ་དུ་བསད། བྷི་བྷི་ཕྱོགས་ཀྱི་དམག་ལ་ལྟོ་ཆས་ཟད་ནས་གློ་བུར་དུ་ཀན་ཇོ་ཞིང་ཆེན་གྱི་ནུབ་ཕྱོགས་འགྲོ་ས་(མཚོ་སྔོན་བྱང་རྒྱབ་)ཡོད་པར་དམག་དང་བཅས་ཏེ་སོང་། དམག་དཔོན་ཏོ་བ་དཔའེ་གོང་[ཐོ་པ་ཧེད་ཀོང་拓拨怀光]ཤན་ཇོ་བསྲུང་བར་བཞག

གོང་ཇོས་ཁོང་རྣམས་ཀྱི་རྗེས་དེད་ལོ་རྗེས་མར་བོད་ཀྱི་ཞིང་ཆེན་ཤན་ཇོ། ཁོ་ཇོ། ཀྭ་ཇོ། ཟི་ཇོ། ཨི་ཇོ། སི་ཅོ་རྣམས་ཚབས་ཆེ་བར་བཅོམ་ཞིང་བློན་ཁམས་བརྒྱད་ཀྱི་ས་ཁྱོན་ལེ་བར་སྟོང་ཕྲག་ལྔའི་བར་གྱི་ཡུལ་རྣམས་སྟོངས་པར་བྱས། ཁོའི་དམག་དཔོན་རྣམས་ཀྱང་ཁྲོས་ནས་ཁོ་གསོད་འདོད་ཀྱི་སེམས་ཀྱང་སྐྱེས། ཞང་གོང་ཇོས་རྒྱ་ནག་ནས་དམག་འབུམ་ཚོ་ལྔ་བེ་ཇོ་བསྲུང་བའི་ཕྱིར་དུ་འོང་དགོས་ཞུས་ཤིང་གོང་མའི་དྲུང་ནས་རང་ཉིད་ལ་བོད་ཀྱི་བཙན་པོའི་གོ་ས་ཞུས་ཏེ་རྒྱའི་འབངས་སུ་འདུ་བའི་གྲབས་བྱས། གོང་མ་ཞོན་ཅོང་[ཞོན་ཙུང་宣宗]གིས་དཔོན་ལུ་ཏན་[ལུའུ་ཏན་陆耽]བྱ་བ་ཁོའི་རྩར་བཏང་ཞིང་རྒྱའི་གྲོང་ཁྱེར་ཅིན་ཇོ༑ ཡོའན་ཇོ། ལིང་བུའུ། ཕྷིན་ཞན། པིན་ཇོ། ཉིན་ཇོ། འཇེན་བུའུ་རྣམས་སུ་སྡོད་པའི་དམག་རྣམས་ཁོའི་རྒྱབ་གནོན་དུ་གཏོང་དགོས་པའི་བཀའ་ཕེབས། ཞང་གོང་ཇོ་རང་ཉིད་རྒྱའི་ཕོ་བྲང་དུ་སླེབས་པ་ན་གོང་ནས་དཔོན་ལི་ཅང་[ལི་ཅིན་李璟]་ཕེབས་བསུ་ལ་བཏང་། གོང་ཇོ་ང་རྒྱལ་ཆེན་པོ་དང་བཅས་ཡུལ་བེ་ཇོ་དང་། ཧེ་ཅོ་བྱ་བའི་ཞིང་ཆེན་རྣམས་ཀྱི་དམག་དཔོན་ཆེན་པོའི་གོ་ས་གནང་དགོས་ཞེས་གོང་མ་ལ་ནན་ཏན་དུ་ཞུས་ཀྱང་མ་གསན་པས་ཁོ་ཕྱིར་ལོག་སྟེ་ཟན་ཡང་[ཞན་དབྱང་咸阳]བྱ་བའི་ཟམ་པའི་སྟེང་དུ་སླེབས་པ་ན་དབུགས་རིང་ཞིག་བཏང་སྟེ་ངས་བྱ་བ་ཆེན་པོའི་འགོ་བཙུགས་ཟིན། ཆུ་འདིར་སླར་བརྒལ་དུས་ཆུ་འདི་ལ་རྒྱ་བོད་ཀྱི་ས་མཚམས་ཡིན་པ་ཞིག་བཟོ་དགོས་ཟེར་སྐད། དེའི་དོན་དུ་ཁོ་ལོ་མིན་ཆའན་དུ་ཕྱིར་ལོག་ནས་རྒྱ་དང་གཡུལ་འགྱེད་པའི་ཕྱིར་དམག་བསྐུལ། དེ་དུས་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཟ་ཆས་མང་དུ་འཁྱེར་མ་ནུས་པས་གོང་ཇོ་ཕྱིར་ལོག་སྟེ་ཧེ་ཅོའི་[ཀོ་ཀྲིས་廓州]ཕྱོགས་སུ་བྲོས། དེའི་རྐྱེན་གྱིས་ལོ་དེའི་རིང་ལ་རྒྱ་རྣམས་ཀྱིས་ཅིན་ཞི། ཡོན་ཇོ། ཞི་མིན་ཀྭན་རྣམས་བོད་ཀྱི་ལག་ནས་ཕྱིར་འཕྲོག་ཅིང་ཨན་ལེ་ཅོ། ཞའོ་གོན། ཕྷིན་ཞན། ཅིན་ཅོ། ཕྷུ་ཇོ་བྱ་བའི་མཁར་ཆེན་ལྔ་ཡང་བོད་ཀྱི་ལག་ནས་ཤོར། ཡུལ་དེ་རྣམས་བོད་ཀྱི་ཆབ་འོག་ཏུ་ལོ་བརྒྱ་ཙམ་བསྡད་པ་ཡིན། དེ་དུས་ལོང་ཞི་དང་ཧེ་ཞིའི་ཡུལ་ནས་མི་རྒན་པོ་སྟོང་ཕྲག་གཅིག་ཙམ་རྒྱའི་རྒྱལ་ས་ལ་སླེབས་པར་གོང་མའི་མདུན་དུ་བོས་ཏེ་གྱོན་པ་དག་གསོལ་རས་སུ་བསྩལ་ཅིང་ཁོང་རྣམས་སྐྲའི་ལྷས་མ་བཀྲོལ་ཏེ་བོད་ཀྱི་ཆ་ལུགས་སྤངས་(རྒྱ་རྣམས་དེ་དུས་སྐྲ་སྤྱི་བོར་བཅིང་ཟེར།)ལོ་རྗེས་མ་(འདས་རྗེས་ཀྱི་ལོ་༡༣༩༥པའི་སྐབས་)ཤ་ཇོའི་བོད་ཀྱི་དམག་དཔོན་ཇན་ཨི་ཇོས་[ཀྲང་དབྱི་ཁྲའོ་张仪潮]གོང་མའི་དྲུང་དུ་ཀྭ་ཅོ། ཤ་ཅོ། ཡི་ཅོ། སི་ཅོ། ཀན་ཇོ་སོགས་ཀྱི་སའི་ཆགས་རིམ་གྱི་བཀོད་པ་ཕུལ། ཇན་ཨི་ཇོས་ཡུལ་མི་དྲག་པ་རྣམས་དང་གྲོས་བསྡུར་བྱས་ཏེ་རྒྱ་འབངས་སུ་འདུ་རྒྱུ་བྱས། ཉིན་གཅིག་གྲོང་གི་རྒྱལ་སྒོའི་ཕྱི་ལ་གོ་ཁྲབ་གྱོན་པའི་ཚོགས་ཆེན་པོ་ཞིག་འུར་སྒྲ་དང་བཅས་སླེབས་པར་རྒྱ་རྣམས་ཀྱིས་དེ་དག་གི་ཕྱོགས་བྱས་པས་བོད་ཀྱི་ས་སྲུང་དམག་མི་རྣམས་འཇིགས་ཏེ་བྲོས། ཇན་ཨི་ཅོས་ཡུལ་དེར་དཔོན་བྱས༑ སོ་ནམ་གྱི་བྱ་བ་དང་ས་གཞན་ལ་བདག་བྱེད་པ་སོགས་ལེགས་པར་བྱས་པ་གོང་མས་གསན་ཏེ་བསྔགས་བརྗོད་མཛད། རྗེས་སོར་ཁོ་ལ་ཤ་ཇོའི་དམག་དཔོན་གྱི་གོ་གནས་བསྩལ། དེའི་རྗེས་སུ་བོད་ཀྱི་དམག་དཔོན་ཡན་ཟིན་[ཡན་ཞིན་延心]གྱིས་རང་ཡུལ་གྱི་རྒྱལ་ཁབ་རྒུད་པ་མཐོང་ནས་རྒྱ་འབངས་སུ་འདུས། དེ་ལྟར་བེ་ཅོ་དང་ཧེ་ཅོ་རྒྱའི་ལག་ཏུ་བྱུང་། ཅིན་ཇོའི་བོད་ཀྱི་དམག་དཔོན་གོ་ཕིན་གྱིས་ཧུན་མོ་བྱ་བའི་རིགས་ཀྱི་གཙོ་བོ་དང་གྲོགས་བྱས་ཏེ་རྒྱའི་འབངས་སུ་འདུས། དེ་ལྟར་ཞིང་ཆེན་གཉིས་རྒྱའི་ལག་ཏུ་ཐོབ།

ཟན་གོང་གི་ལོ་གཉིས་པ(འདས་རྗེས་ཀྱི༡༤༠༥)ལ་ཇན་ཨི་ཇོས་ལན་ཇོ་ཞིང་ཆེན་རྒྱའི་ལག་ཏུ་སྤྲད། ཤན་ཇོའི་ཞིང་ཆེན་གྱི་དམག་དཔོན་ཇང་ཅི་ཡི[ཀྲང་ཅི་དབྱུང张季颙]གོང་ཇོ་དང་འཐབ་སྟེ་རྒྱལ། གོ་མཚོན་མང་དུ་འཕྲོག་སྟེ་གོང་དུ་བསྐྱལ། བོད་ཀྱི་དམག་ལྷག་མས་པིན་ཇོ་དང་ཉིན་ཇོ་བཅོམ་ཡང་དམག་དཔོན་ཟེ་ཧུན་ཛུན[ཞོ་ཧུང་ཙུང薛弘宗]གྱིས་ཁོང་རྣམས་ཕམ་པར་བྱས། ལོ་དེ་རང་ལ་དཔོན་ཕུ་གུ་ཅུན[ཕུའུ་ཀུའུ་ཅུན仆固俊]གྱིས་བོད་དང་གཡུལ་ཆེན་སྤྲད་དེ་འཐབ་མོའི་དུས་སུ་ཏོ་སྦ་བོ་གོན་གྱིས་བོད་ཀྱི་དམག་དཔོན་ཆེན་པོ་ཞང་གོང་ཇོ་བསད། ཁོའི་མགོ་བྲེགས་ཏེ་རྒྱའི་རྒྱལ་སར་བསྲིངས། དེ་ནས་བཟུང་བོད་ཀྱི་སྟོབས་ཤིན་ཏུ་ཉམས་དམས། བཙན་པོ་ཅི་ལི་ཧུ་དང་བློན་ཆེན་རྣམས་མ་འཆམ་པའི་མཐར་ཅི་ལྟར་གྱུར་པ་མ་ཐོས་སོ།།

གནས་དུས་ཀྱི་སྲོལ་ལུགས་སོགས་ཀྱི་སྐོར། བོད་ཡུལ་དེ་རྒྱའི་རྒྱལ་ས་ཅང་ཨན་[ཁྲང་ཨན་长安]ནས་ལེ་དབར་སྟོང་བརྒྱད་ཀྱི་ས་ན་ཡོད། ཡུལ་དེ་ལ་སྔོན་ཧན་གྱི་གོང་མ་དག་གི་དུས་སུ་ནུབ་ཕྱོགས་ཀྱི་འཇང་ཞེས་འབོད། བོད་མི་རྣམས་ཀྱི་ཐོག་མའི་རུས་ཀྱི་ཁུངས་ལེགས་པར་མ་ཤེས། འོན་ཀྱང་འགའ་ཞིག་ན་རེ། བོད་རྣམས་རྒྱལ་པོ་ཏུ་ཕ་ལི་ལོ་གུའི[ཐུའུ་ཧྥ་ལི་ལའོ་ཀུའུ་秃发利鹿孤]རྒྱུད་པ་ཡིན་ཟེར། དེ་ཡང་རྒྱལ་པོ་ལི་ལོ་གུ་དེ་གྲོངས་ཚེ་སྲས་ཕན་ཉི་[འཕན་མྱི་樊尼]ལོ་ཆུང་བའི་རྐྱེན་གྱིས་གཅུང་པོ་ནོ་ཞན་[རུ་ཐན辱檀]ལ་ཁྲི་གཏད། ཧྲི་ཏོས་ལོ་དང་པོ་(སངས་རྒྱས་འདས་རྗེ་ཀྱི་ལོ་༩༥༩) པར་ནོ་ཞན་དེ་ཅི་ཕོ་ཞི་ཕན་[ཆེ་ཧྥོ་ཀྲི་འཕན་乞佛炽盘]གྱིས་བསད། ཕན་ཉི་རང་གི་རིགས་རྣམས་དང་བཅས་ནུབ་ཏུ་བྲོས། རྨ་ཆུ་བརྒལ་ཏེ་རི་བོ་ཅི་ཞིའི་རྒྱབ་ཏུ་འཇང་རྣམས་ཚོགས་ཀྱི་ཁྲོད་དུ་རང་གི་རྒྱལ་ཁམས་ཤིག་བཏབ་སྟེ་གནས། ཕན་མྱི་དེ་རང་བཞིན་དྲང་ཞིང་སྦྱིན་པ་ལ་དགའ་བ་གྲགས་ཆེ་བས་འཇང་རྣམས་ཁོང་ལ་གུས་པ་ཆེར་བྱས། ཕན་ཉིས་ལས་བཟང་རྒྱ་ཆེན་པོ་བྱས་ན་འཇང་རྣམས་ཚོགས་འདུས་ལ་འཚོགས་པ་བཞིན་ཁོང་པའི་དྲུང་དུ་འདུས་ཤིང་། རྗེས་སོར་བྷོ་ཡེ་སུ་[སྤུར་རྒྱལ་弗夜氏]ཞེས་པ་མཚན་གསོལ།  ཁོང་གི་རིགས་རྒྱུད་ལ་ཏུ་ཕ[ཐུ་ཧྥ་秃发]བྱ་བ་ལས་ཕྱིས་ཏུའུ་ཕྷན་[ཐུ་བྷོད་吐番]བྱ་བར་གྲགས། རྒྱུད་རྣམས་འཕེལ་ནས་གྲགས་ཆེན་དུ་གྱུར། དེ་རྣམས་རྒྱུན་ཆད་མེད་པར་གཡུལ་གྱི་ལས་ཁོ་ན་བྱས་ནས་རང་གི་རྒྱལ་ཁམས་རིམ་གྱིས་རྒྱ་བསྐྱེད༑ འོན་ཀྱང་ལོ་ཉིས་བརྒྱའི་བར་རྒྱ་ནག་དང་འབྲེལ་བ་མེད། བོད་རྣམས་རྒྱལ་པོ་ལ་བཙན་པོ་དང་། དཔོན་རྣམས་ལ་བློན་ཆེ་ཆུང་སོགས་སུ་འབོད། ལེ་དབར་བརྒྱ་རེའི་མཚམས་ན་ཁྲིམས་ཁང་རེ་ཡོད། ཉེས་པ་ཆུང་ངུ་ལ་ཡང་རྩུབ་ཅིང་གདུག་པའི་ཁྲིམས་གཏོང་། ཁྲིམས་ཡིག་མེད་པས་ཁྲིམས་ཐག་དཔོན་རང་གིས་གཅོད། ཉེས་ཆེན་རྣམས་ས་འོག་ཏུ་བཙོན་ལ་འཇུག་ཅིང་ལོ་གཉིས་གསུམ་ནས་ཐར་བ་ཡང་ཡོད། རྒྱལ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་༑ མནའི་དུས་སུ་ཕྱུགས་བསད་དེ་བནྡྷེ་ཞིག་གིས་གནམ་ས། རི། ཆུ་བོ། ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ་སུས་ཀྱང་སེམས་མི་དྲང་བ་དང་སེམས་ངན་བྱེད་ན་ཕྱུགས་འདི་བཞིན་དུ་ལྷ་རྣམས་ཀྱིས་སོད་ཅིག་ཅེས་དམོད་པ་འདོར། (ལྷ་སའི་རྡོ་རིང་ལ་ཡང་དཀོན་མཆོག་གསུམ་དང་ཉི་ཟླ་སོགས་དཔང་པོ་འདི་རྣམས་བཙུགས་པ་ཡོད།)ལོ་གསུམ་ན་དཔོན་བློན་ཐམས་ཅད་ཀྱིས་མནའ་ཆེན་སྐྱེལ་བར། ཁྱེད་རྣམས་རང་རང་གི་ཡུལ་ལེགས་པར་སྐྱོང་དགོས༑ གནས་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་མནོ་གང་ཡིན་གཟིགས། གལ་ཏེ་མནའ་དང་འགལ་ན་བསད་པའི་དུད་འགྲོ་འདི་བཞིན་དུ་ལྷ་རྣམས་ཀྱིས་ཁོའི་ལུས་པོ་དུམ་བུ་ཧྲལ་ནས་སོད་ཅིག་ཅེས་མནའ་འདོར། དམག་བསྐུལ་ཚེ་གསེར་གྱི་མདའ་ཞིག་སྔོན་ལ་བརྫོངས༑ སྟོན་ཐོག་གྲོ་ནས་སྲན་མ་བྲ་བོ་རྣམས་འདེབས། ཡུལ་ཤིན་ཏུ་གྲང་བས་གྲོ་ལེགས་པོ་མི་སྨིན། གཡག་ལུག་ཁྱི་ཕག་རྟ་རྣམས་ཤིན་ཏུ་མང་། ཕ་ཝང་ཆེན་པོ་བྱི་ལའི་ཚད་ཙམ་ཡོད་པའི་པགས་པ་ཡང་གྱོན། ཡུལ་མི་རྣམས་ཕྱུགས་སྐྱོང་བས་ཁྱིམ་དུ་ཆེར་མི་སྡོད། གྲོང་ཁྱེར་མང་ཙམ་ཡོད། རྒྱལ་ས་ལ་ལོ་སེ་(ལྷ་སའམ་ར་ས་)ཟེར། མི་གྲགས་རྣམས་ཕྱིང་གུར་དུ་སྡོད། དེ་ལ་ཕེ་ལུ་(ཕོ་བྲང་)ཟེར། ཁྱིམ་གྱི་ནང་དུ་ཡོ་བྱད་རྣམས་གོ་རིམ་མེད་པར་འཇོག ལུས་གཏན་ནས་མི་འཁྲུ། མདའ་མདུང་དང་གྲི་གར་འགྲོ་ལ་མ་བྲལ་བར་བྱེད། མི་རྒན་པོ་ལས་ཀྱང་དཔའ་བོ་དར་མ་ལ་མཐོང་ཆེ། དམག་གི་དུས་སུ་དམག་མདུན་མ་ཕམ་ན་རྒྱབ་ན་ཡོད་པ་རྣམས་དགྲའི་སྟེང་དུ་རྒྱུགས། ནད་ཀྱིས་ཤི་བ་ལ་ངན་པར་བརྩི། གཡུལ་དུ་བསད་པ་ལ་བཟང་བ་བྱེད། ཁྱིམ་གཅིག་ཏུ་མི་མང་པོ་གཡུལ་དུ་ཤི་ན་ཁྱིམ་གྱི་སྒོ་ལ་ཁྲབ་འཕྱང་སྟེ་ངོ་སོ་བྱེད། མི་གཉིས་གསར་དུ་འཕྲད་ཚེ་ལག་པས་ས་ལ་བཙུགས་ནས་སྲོག་ཆགས་ཀྱི་སྐད་ལྟ་བུ་འབྱིན། ཕ་མ་ཤི་ན་སྐྲ་བསྡམ་ཞིང་གདོང་དང་གོས་ནག་པོར་བྱེད། རོ་སྦས་ནས་མྱ་ངན་སངས། བཙན་པོ་གྲོངས་ཚེ་ལྷན་དུ་ཤི་བ་རྣམས་ཀྱང་དུར་དུ་སྦ། བཙན་པོའི་ན་བཟའ་རིན་ཆེན། རྟ། གོ་མཚོན་རྣམས་ཀྱང་དུར་དུ་འཇོག པུར་གྱི་སྟེང་དུ་རི་དེའུ་འདྲ་བ་བརྩིགས། དེའི་སྟེང་དུ་སྡོང་པོ་འཛུགས་ཤིང་ས་དེར་མཆོད་པ་འབུལ་བར་བྱེད། རྫོགས་སོ།།    །།

བྱང་ཀུ་ལུ་ཏར་ཡོད་དུས་སུ་བོད་ཟླ་༣པའི་ཚེས་བཅུ་དྲུག་ལ་ཆོས་འཕེལ་གྱིས་སུག་བྲིས་བྱས།