དེང་སང་(县)ཞེས་པར་ཞན་ཞེས་འབྲི་བཞིན་འདུག ཞན་ནི་ཨ་ཧ་མ་བོའི་དོན་རེད། ད་ཞན་པ་རེད་ཟེར་དགོས་མི་འདུག་སྟེ། ང་ཚོ་རྗེས་ལུས་རེད་ཟེར་བ་རེད། མི་རིགས་ཐམས་ཅད་ཀྱི་ནང་ནས་ཞན་པ་རེད་ཟེར་བ་རེད། ཚན་རིག་མེད་གི རིག་གནས་མེད་གི་ཟེར་བ་རེད། ང་ཁྲིན་ཏུའུ་ལ་སོང་དུས། ཞིང་ཨུས་དེ་འབྲི་བཞིན་འདུག ཀན་སུའུ་ཕྱོགས་ཀྱི་དེ་བྲིས་ཡོད་གི ཡར་བཟིག་ནས་ཞན་ཞེས་བྲིས་འདུག དེ་བས་དེ་འབྲི་དགོས་ཟེར། ངས་དེར་ཞན་ཟེར་དགོས་དོན་ཏིལ་ཙམ་ཡང་མེད་ཅེས་བཤད་པ་ཡིན། ཁོ་ཚོས་ཚང་མར་གཅིག་གྱུར་གྱི་ཐམ་ག་ལས་དགོས་པས་དེ་འཇོག་དགོས་ཟེར། ངས་ཐམ་ག་ལས་དགོས་ན་བོད་སྐད་རང་ལ་ཡོད་པའི་ཡི་གེ་རྫོང་ཞེས་པ་དེ་ཞོགས། ང་ཚོས་བོད་རྒྱ་ཚིག་མཛོད་ཆེན་མོར་ཡང་རྒྱའི་(县)ཞེས་པར་རྫོང་ཞེས་འཇོག་རྒྱུ་ཡིན། གནའ་ནས་ཡིག་ཐོག་ལ་ཡོད་པ་དེ་རེད། བོད་རང་ལ་ཡི་གེ་ཡོད་བཞིན་དུ་བོད་ཡིག་འབྲི་དུས་རྒྱ་སྐད་བྱས་ནས་འབྲི་དོན་མེད་ཅེས་བཤད་པ་ཡིན། ཁོ་ཚོས་དེ་མི་ཆོག འདི་ཞིང་ཨུའི་གཞུང་ལས་ཁང་ནས་ཐག་བཅད་པ་ཡིན་ཟེར། ངས་ཞིང་ཨུའི་གཞུང་ལས་ཁང་ནས་ཐག་གཅོད་རྒྱུ་མེད། ཁྱོད་ཚོ་རྒྱ་མི་འགའ་རེད། བོད་ཡིག་གི་གནས་ཚུལ་དེ་ཁྱོད་ཚོས་མི་ཤེས་ཞེས་སྣོག་བརྒྱབ་པ་ཡིན། རྗེས་སུ་ཁར་གང་ནས་ལེན། བཙན་གྱིས་ཅིག་ལ་འབྲི་རུ་བཅུག་ནས་མར་པེ་ཅིང་ལ་ཁྱེར་སོང་འདུག ངས་དེའི་རྗེས་ལ་བསམ་འཆར་ཡི་གེ་བསྐུར་བ་ཡིན། དེ་ནས་པེ་ཅིང་གིས་དེ་ལས་མི་དགོས་ཞེས་ཡར་མངགས་འདུག དེ་ནས་ང་ཚོའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁ་ལེན་ནི་རེད། རྔ་བ་རྫོང་། ཆུ་ཆེན་རྫོང་། བཙན་ལྷ་རྫོང་ཞེས་བོད་ཡིག་འབྲི་བཞིན་ཡོད།

—འཆིང་གྲོལ་གྱིས་ཡི་གེར་ཕབ།