ཚེ་བརྟན་བཀྲ་ཤིས་ཀྱིས་བསྒྱུར།

མཱོ་ན་ལེ་ས་(mona lisa)ཡི་རི་མོ་ནི་ནམ་ཡང་ཉམས་པ་མེད་པའི་འཛམ་གླིང་གི་ཆེས་གྲགས་ཅན་གྱི་རི་མོའི་གྲས་ཤིག་ཡིན། དེ་ནི་ལཱོ་ན་འར་ཏཱོ་ངྷ་བན་སི་ (Leonardo da Vinci) ཡིས་བྲིས། རི་མོ་འདི་ནི་ལྐོག་གྱུར་གྱི་འཛུམ་མདངས་ཆེ་བའི་བུད་མེད་ཅིག་གི་སྣང་བརྙན་ཡིན་པས།  གནའ་ནས་ད་ལྟའི་བར་དུ་མི་མང་པོ་ཞིག་གིས་ལྐོག་གྱུར་གྱི་མཛུམ་མདངས་དེས་གང་ཞིག་ལ་བལྟ་གྱིན་ཡོད་པར་བསམ་གཞིགས་བྱེད་ཀྱི་ཡོད། དེང་སྐབས་མཱོ་ན་ལེ་ས་ནི་ཧྤ་རན་སིའི་ (France) རྒྱལ་ས་ཕེ་རི་སི་ (Paris) ཡི་ལཱོའི་བུར་ (Louver) ཞེས་པའི་གནའ་རབས་དང་འཛམ་གླིང་ན་དཀོན་པའི་སྒྱུ་རྩལ་གཅེས་སྲུང་འགྲེམས་སྟོན་ཁང་དུ་ཡོད།

མཱོ་ན་ལེ་ས་(mona lisa)

མཱོ་ན་ལེ་ས་(mona lisa)

མཱོ་ན་ལེ་ས་ནི་ལཱོ་ན་འར་ཏཱོ་ངྷ་བན་སིས་ཕྱི་ལོ་༡༥༠༣ ནས་ ༡༥༠༦ གི་བར་དུ་བྲིས་པ་རེད། སྤྱིར་བཏང་མཱོ་ན་ལེ་ས་ནི་ཧྤི་ལོ་རན་སི་ (Florence) ནས་ཡིན་པའི་ཧྤ་རན་སི་སུ་ཁོ་ངྷལ་གྷེ་པོ་ཁན་ངྷ་ (Francesco del Gioconda) ཡི་ཆུང་མ་ཡིིིན་པས་མོ་ལ་ལཱ་ཁན་ངྷ་ཞེས་ཀྱང་ཟེར། ལཱོ་ན་འར་ཏོས་རི་མོ་འདི་འབྲི་འགོ་འཛུགས་སྐབས་ཁོ་ལོ་ ༥༡ ཡིན་ཞིང་། མཱོ་ན་ལེ་ཟ་ནི་ལོ་ ༢༤ ཡིན། རི་མོ་འབྲི་བའི་ལོ་ཟླ་དག་གི་ནང་མཱོ་ན་ལེ་ས་རྒྱུན་ཏུ་ཕྱི་དྲོའི་ཉི་འོད་འཇམ་པའི་སྐབས་དང་བསྟུན་ནས་ཕུལ་ཏུ་བྱུང་བའི་རི་མོའི་འབྲི་ཁང་དུ་འགྲོ་བཞིན་ཡོད།  རི་མོ་འདི་ཕལ་ཆེར་ལོ་ངོ་བཞིའི་རིང་ལ་ལཱོ་ན་འར་ཏཱོས་ཧུར་ཐག་གིས་བྲིས་པ་ཞིག་ཡིན་ལ།རི་མོ་འདི་འབྲི་བའི་རྒྱུད་རིམ་ཁྲོད་མི་སྣ་དང་འཆར་སྣང་མཚོན་པའི་ཡུལ་ལྗོངས་གཉིས་ཀས་ཁོའི་ཡིད་དབང་འཕྲོག་ཡོད་པས་རྒྱབ་ལོགས་སུ་ཡོད་པའི་བརྗིད་ཆགས་ཀྱི་ཡུལ་ལྗོངས་དེ་མི་སྣ་དང་མ་འདྲེས་པར་རྒྱབ་ལྗོངས་སུ་ཡན་གར་བཞག་ཡོད།

རི་མོ་འདི་ནི་ཡིད་དབང་འཕྲོག་པའི་བུད་མེད་ཅིག་གསོན་ཡོད་པ་དང་མཚུངས་པས། ལྐོག་ཏུ་གྱུར་བའི་ངོ་གདོང་གི་རྣམ་པས་ལོ་རེ་རེར་མི་ས་ཡ་མང་པོའི་ཡིད་དབང་འཕྲོག་གི་ཡོད་ལ། སྨུག་ལོང་འཐིབས་པའི་ཁོ་མོའི་རྒྱབ་ཀྱི་ཡུལ་ལྗོངས་ཀྱིས་ཀྱང་ལྐོག་གྱུར་གྱི་ཡུལ་གྲུ་ཞིག་མཚོན་གྱི་ཡོད། རི་མོ་འདིས་ལཱོ་ན་འར་ཏོ་རང་ཉིད་ཀྱི་ཡིད་དབང་ཡང་འཕྲོག་ཡོད་པས་ཁོས་རི་མོའི་མཇུག་མ་འགྲུབ་པར་ཁ་གཡར་ནས་མཱོ་ན་ལེ་ཟ་ཡི་ཁྱོ་ག་ཧྤ་རན་སི་སུ་ཁཱོ་ལ་མ་སྤྲད་པ་མ་ཟད། ཁོ་གང་དུ་སོང་ཡང་རི་མོ་འདི་ཁོ་དང་མཉམ་དུ་འཁྱེར་ནས་འགྲོ། མཱོ་ན་ལེ་སའི་སྣང་འརྙན་བཞེངས་བསྐྲུན་བྱེད་སྐབས་སུ་ལཱོ་ན་འར་ཏོས་རོལ་མོ་བ་དང་། གླུ་གཞས་གཏོང་མཁན། བཞད་གར་བ་སོགས་ཀྱང་ཁོ་མོ་དགའ་སྤྲོ་རྒྱས་པའི་སླད་མགྲོན་འགུགས་བྱས་མྱོང་།

ཕྱི་ལོ་༡༥༡༦ ལོར་ལཱོ་ན་འར་ཏོ་ཨཱེ་ཏྲ་ལི་ནས་ཧྤ་རིིན་སིར་གནས་སྤོ་བྱེད་སྐབས་རྒྱལ་པོ་ཧྤ་རན་ཁུ་སི་ཡིས་ཁོ་ལ་ལཱོ་རི་ཞེས་པའི་གྲོང་ཚོ་ (Loire Vallay) དེར་ཡིད་དུ་འོང་བའི་ས་ཆ་ཞིག་སྤྲད། རྗེས་སུ་རྒྱལ་པོ་ཧྥ་རན་ཁུ་སི་ཡིས་གསེར་གྱི་ཌམ་ཀ་ ༤༠༠༠ མཱོ་ན་ལེ་ཟ་ཡི་རི་མོ་ལ་སྤྲོད་རྩིས་བྱས་ན་ཡང་ཁོ་ལ་དེ་མ་ཐོབ་པ་རེད། འོན་ཀྱང་ཕྱི་ལོ་ ༡༥༡༩ ལོར་ལཱོ་ན་འར་ཏཱོ་ཤི་རྗེས་རི་མོ་དེ་གཞི་ནས་རྒྱལ་པོ་ཧྤ་རན་ཁུ་སི་ལ་དབང་། རྒྱུ་མཚན་དེས་རི་མོ་དེ་ནི་རྗེས་སུ་རྒྱལ་པོ་ཧྤ་རན་ཁུ་སི་ཡི་ཅ་དངོས་སུ་གྱུར་ནས་རིམ་གྱིས་ཧྤ་རན་སིའི་དབང་བསྒྱུར་བའི་ལག་ཏུ་ཐོབ། ཕྱི་ལོ་༡༨༠༠ ནང་རི་མོ་དེ་ནཱེ་པོ་ལན་བྷོ་ན་ཕར་ཏྲི་ (Napoleon Bonapart) ཡི་ལག་ཏུ་ཐོབ་སྟེ་ཁོས་རི་མོ་དེ་རང་གི་ཉལ་ཁང་ནང་དུ་བཀལ་ནས་བཞག

འདས་པའི་ལོ་ངོ་ ༤༥༠ ནང་རི་མོ་དེ་ཐེངས་གཉིས་ལ་བོར་བརླག་བྱུང་མྱོང་། ཐེངས་དང་པོ་ ༡༩༡༡ ལོར་ལཱོའི་བུར་ཞེས་བའི་ཡུལ་སྟེ། ད་ལྟའི་འགྲེམས་སྟོན་བྱེད་སའི་ཡུལ་དེ་ནས་བོར་བརླགས་བྱུང་། ལོ་ངོ་གཉིས་ཀྱི་རྗེས་སུ་མཱོ་ན་ལེ་སའི་རི་མོ་དེ་ཨཱི་ཏྲ་ལེ་ (Italy) ནས་རྙེད་སོན་བྱུང་། ཐེངས་གཉིས་པ་ནི་ཕྱི་ལོ་ ༡༩༦༢ ཟླ་ ༡༢ ནས་ ༡༩༦༣ ཟླ་ ༣ བར་དུ་ཨ་རིའི་སྲིད་འཛིན་ ༣༥ པ་ཇོན་ཧྤི་ཁཱེ་ནེ་སྒྲི་(Jone F.Kennedy) ཡིས་ཧ་ཅང་གཟབ་ནན་ཡིན་པའི་བདེ་སྲུང་འགན་ལེན་འོག་མཱོ་ན་ལེ་སའི་རི་མོ་སྲིད་འཛིན་གྱི་སྐུ་མགྲོན་ངོས་ནས་ཨཱ་རི་ལ་ཁྱེར་སྐབས་ཉིན་གྲངས་ ༢༦ ལ་བོར་བརླགས་བྱུང་བ་རེད།