ཨུ་རུ་སུའི་རྩོམ་རིག་མཁན་པོ་ལེབ-ཋོལ་སི་ཊོ་འེས་སྒྲུང་ཞིག་བཤད་པ་འདི་ལྟར།

སྔ་མོ་ཞིག་ལ། དྲེད་ཕྲུག་གཉིས་ཡོད༑ ཉིན་ཞིག ཁོ་གཉིས་ལ་བག་ལེབ་གཅིག་རག་བྱུང༑ དེ་ཇི་ལྟར་དྲང་སྙོམ་གྱིས་བགོ་དགོས་མ་ཤེས་པར་སྡོད་སྐབས་ཝ་མོ་ཞིག་སླེབས་བྱུང༑ ཝ་མོ་ན་རེ། ངས་ཁྱོད་གཉིས་ལ་བགོ་རོགས་བྱེད་ཨཱ༑ ཞེས་བཤད༑ དེ་ནས་ཝ་མོས་བག་ལེབ་དེ་ཚུར་བླངས་ནས་རང་འདོད་ལྟར་དུམ་བུ་གཉིས་སུ་བགོས་རྗེས། ཁོ་གཉིས་ལ་ཚལ་བ་ཚལ་བ་བྱིན༑ ཁོས་བགོས་པར་ཆེ་ཆུང་ཤོར་སྟབས་དྲེད་ཕྲུག་ཅིག་གིས། ངའི་སྐལ་ཆུང་འདུག དྲང་སྙོམ་མ་རེད༑ ཅེས་འུར་བརྒྱབ༑ ཝ་མོས་གཅིག་བལྟས་ནས། བདེན་པ་རེད། ཁྱོད་ཀྱི་སྐལ་ཆུང་འདུག༑ ཟེར་ནས་ཆེ་བ་དེ་ཚུར་བླངས་ཤིང་། དེའི་ཁ་ནས་རང་གིས་ཁམ་གང་ཟོས༑ སྐབས་དེར། དྲེད་ཕྲུག་གཞན་པ་དེས། ད་ངའི་སྐལ་ཆུང་འདུག དྲང་སྙོམ་མ་རེད༑ ཅེས་འུར་བརྒྱབ༑ ཁོས་ཡང་ཆེ་བ་དེ་ཚུར་བླངས་ནས་ཁ་ནས་ཁམ་གང་ཟོས༑ ཝ་མོས་དེ་ལྟར། ཕར་ལ་སོ་གཅིག་བཏབ། ཚུར་ལ་སོ་གཅིག་བཏབ། ཁམ་གང་རེ་གང་རེ་བྱས་ནས་བག་ལེབ་དེའི་ཕྱེད་ཀ་རང་གིས་ཟོས་པ་རེད༑ མཐའ་མཇུག དྲེད་ཕྲུག་གཉིས་ཀར་ཆེ་ཆུང་ཧ་ལམ་གཅིག་འདྲ་ཡིན་པའི་སྐལ་ཆུང་ངུ་རེ་ལས་མ་ཐེམས༑

སྒྲུང་དེ་ལས། དབང་ཆ་གཅིག་སྡུད་ཡིན་ན་དྲང་སྙོམ་ཡོང་ཐབས་མེད་དོ་ཞེས་པའི་གནད་བསྟན་ཡོད༑

དབྱིན་ཇིའི་མཚན་ཉིད་རིག་པ་མཁན་ཧ་རིན་ཊོན་གྱིས་ཀྱང་སྒྲུང་ཞིག་བཤད་པ་འདི་ལྟར།

ཉིན་ཞིག བུ་མོ་གཉིས་ལ་བག་ལེབ་གཅིག་རག་བྱུང༑ ཁོ་མོ་གཉིས་ཀས་དེ་ཇི་ལྟར་དྲང་སྙོམ་གྱིས་བགོ་བར་གྲོས་ཁ་བསྡུར་མཐར། བུ་མོ་གཅིག་ན་རེ། འོ་རེད། བགོད་མཁན་ང་ཡིན་ན། སྔོན་ལ་སྐལ་ལེན་མཁན་ཁྱོད་གྱིས། བགོད་མཁན་ཁྱོད་ཡིན་ན། སྔོན་ལ་སྐལ་ལེན་མཁན་ང་བྱེད༑ ཅེས་བཤད༑

སྒྲུང་དེ་ལས། དྲང་ཞིང་སྙོམ་པ་ཡོང་དགོས་ན་དབང་ཆ་ངེས་པར་ཆ་གསེས་དགོས་ཞེས་པའི་གནད་བསྟན་ཡོད༑