ལོ་ངོ་བཅུ་ལྷག་ཙམ་རིང་དུ་འཛམ་གླིང་གྲགས་ཅན་ཕྱུག་བདག་ཨང་དང་པོའི་མཚན་སྙན་ཐོབ་མཁན། མ་ཟད། ཕུལ་དུ་བྱུང་བའི་སྐྱེས་ཐོབ་ཤེས་རབ་ཀྱི་ནུས་པ་ལྡན་ཞིང་དངུལ་ལོར་གསོག་བྱེད་འཕྲུལ་འཁོར་ལྟ་བུར་བརྩིས་མཁན་འབྱོར་བདག བིལ་གཋེས། (Bill Gates 比尔盖茨)ཀྱིས་འཛམ་གླིང་ལ་ཁྱབ་བསྒྲགས་གནང་གསལ། ང་རང་ལས་དགོངས་ཞུ་རྒྱུ་ཡིན་ལ་ང་རང་གི་བཅོལ་དངུལ་ཨ་སྒོར་དུང་ཕྱུར་580ཆ་ཚང་(གཋེས།Gates盖茨)ཐེབས་རྩ་ལྷན་ཚོགས་ལ་ལེགས་སྐྱེས་སུ་འབུལ་བ་ལས་བུ་རྒྱུད་ལ་སྐར་མ་གཅིག་ཀྱང་བཞག་རྒྱུ་མིན་ཅེས་གསུང་འདུག མ་ཟད་དེ་སྔོན་ལེགས་སྐྱེས་ཕུལ་ཟིན་པའི་ཨ་སྒོར་དུང་ཕྱུར་300དེ་བརྩིས་ན་ཁོང་གི་ཞལ་འདེབས་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་900ཙམ་ཟིན་ཡོད་པ་རེད། གྲངས་ཚད་འདི་ནི་རྒྱལ་ཁབ་མང་པོའི་ལོ་གཅིག་གི་ནོར་དོན་ཁེ་འབབ་ལས་མཐོ་བ་ཞིག་རེད་འདུག འདི་ནི་འབྱོར་བདག་བཧྥེཋཋ།(Buffett 巴菲特)རྗེས་ཀྱི་རྒྱུ་ནོར་ཆ་ཚང་ལེགས་སྐྱེས་སུ་ཕུལ་མཁན་གྱི་ཚད་རིམ་ལས་བརྒལ་བའི་ཕྱུག་བདག་ཅིག་རེད།

1999ལོའི་ལོ་མགོར།་(བིལ་གཋེས།比尔盖茨)རང་ཉིད་ཀྱི་འོད་ཟེར་ལྡན་པའི་འཆར་སྒོ་རྒྱ་ནག་དུ་ཁྱབ་སྤེལ་གཏོང་བྱེད་ཝེནུས“Venus 维纳斯”ཡི་འཆར་གཞི་འཁུར་ནས་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲིན་(深圳)ལ་སླེབས། སྐབས་དེར་ཁོང་ཧྲིན་ཀྲིན་(深圳)གྱི་རྒྱང་ཤར་གསོལ་མགྲོན་ཁང་ཆེན་པོར་བཞུགས་པས་ཉིན་དེར་གསོལ་མགྲོན་ཁང་གི་ཐང་ཆེན་དང་གཡས་གཡོན་དུ་ཁོང་ལ་དགའ་གུས་ཡོད་པའི་རྒྱ་ནག་མི་དམངས་ཁྲི་སྟོང་མང་པོ་བསླེབས་ནས་འཛམ་གླིང་ཐོག་རིམ་པ་དང་པོའི་ཕྱུག་བདག་དེའི་བརྗིད་ཉམས་ལ་ལྟ་མཁན་གྱིས་ཁེངས་འདུག་མོད་། ཉིན་དེར་ཕྱུག་བདག་ཁོང་གི་དགའ་སྤྲོའི་ཉམས་སྟངས་ཐད་ནས་མི་ཚོགས་ལ་ལག་པ་གཡུག་གཡུག་ངང་ཁོང་ཚོར་འཚམས་འདྲིའི་གུས་བཏུད་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་གཏམ་བཤད་ཡང་གནང་། སྐབས་དེར་ཁོང་གི་གོན་པ་ནི་སྤྱིར་གཏང་གི་རྒྱུ་བལ་ལས་འགྲུབ་པའི་སྟོད་གོས་སྟབས་བདེ་ཞིག་གྱོན་ཡོད་པ་དང་གཏམ་བཤད་ཚ་ཚ་འུར་འུར་སྐབས་ཁོ་རང་རང་དབང་མེད་པར་རྐང་འཁྲབ་ལག་འཁྲབ་ཡང་གནང་བཞིན་དགའ་སྤྲོའི་རྣམ་པ་བསྟན། ཞིབ་ཚགས་ངང་ཁོང་ལ་ཉམས་ཞིབ་བྱེད་མཁན་གྱི་དགའ་གུས་པ་དེ་ཚོས་དེ་ཉིན་འཛམ་གླིང་ཐོག་མིང་གྲགས་ཇེ་ཆེར་ཁྱབ་པའི་ཕྱུག་བདག་ཁོང་གི་སྟོད་གོས་ཚོན་མདོག་ཅུང་ལོག་པ་དང་། རྒྱུ་ཡང་ཤོར་ཡོད་པ་མཐོང་ནས་འདིར་འོང་བའི་མི་ཚང་མ་ཧ་ལས་ནས་ཡ་མཚན་ཆེན་པོ་བྱུང།

ཉིན་གཉིས་པར་ཧྲིན་ཀྲིན་(深圳)ཚགས་པར་ལས་ཁུངས་ཞིག་གིས་གནས་ཚུལ་དེ་ལ་གསལ་བཤད་འདི་ལྟར་བྱས་འདུག ལུས་ལ་གྱོན་པ་རྫིག་པོ་དང་འགུལ་རྒྱན་སྣ་ཚོགས་སྤྲས་མཁན་ཚང་མར་དངུལ་དེ་ཙམ་མེད་པའི་རྟགས་རེད་ཅེས་དང་ཁོང་ཚོ་དེ་ཙམ་ཕྱུག་པོ་མེད་པས་ཕྱིའི་རྣམ་པ་ལ་བརྟེན་ནས་རང་ཉིད་ཕྱུག་བདག་ཏུ་མངོན་པའི་ཆེད་དུ་ཕྱི་རྒྱན་སྤྲས་ཀྱིན་ཡོད་པ་རེད། གལ་སྲིད་མི་ཞིག་ལ་ངེས་གཏན་གྱི་འབྱོར་པ་ཡོད་ན། ཁོས་རང་གི་ཕྱིའི་རྣམ་པ་ལས་རང་གི་འབྱོར་པ་བསྟན་པའི་དགོས་པ་མེད་པ་རེད། དཔེར་ན་བིལ་གཋེས(Bill Gates 比尔盖茨)ཀྱི་བལ་སྟོད་ཚོན་མདོག་ལོག་པ་དང་རྒྱུ་ཤོར་བ་ཞིག་གྱོན་ནས་མི་ཚོགས་ཁྲི་སྟོང་མང་པོའི་མདུན་དུ་གཏམ་བཤད་བྱེད་ཐུབ་ལ་མི་སུ་ཞིག་གིས་ཀྱང་རང་ཉིད་ཁོང་ལས་འབྱོར་བ་ཡོད་ཙམ་ཡང་བསམ་མི་ནུས་ཅེས་བཀོད་འདུག དོན་ངོ་མར་ཨ་རི་དང་ཡོ་རོབ་གླིང་གི་ཕྱུག་བདག་དག་དང་ཀྲུང་གོའི་ཕྱུག་བདག་དབར་བསྡུར་ཚད་བྱས་ན་ཁོང་ཚོས་རྒྱུ་ནོར་ལོངས་སྤྱོད་ཚུལ་ལ་ཡོངས་སུ་མི་མཐུན་པ་ཞིག་མཐོང་རྒྱུ་ཡོད་པ་ནི་ཀྲུང་གོའི་ཕྱུག་བདག་རྣམས་ངོ་སྲུང་ལ་དགའ་བ་དང་ངོ་སྲུང་གི་ཆེད་དུ་མོ་ཊ་དང་། ཁང་པ་ཆེན་པོ་ཡག་པོ་རྫིག་པོ་ཤ་ཏག་ཉོ་བ། གྱོན་གོས་དང་རྒྱན་ཆ་སོགས་གྲགས་ཅན་ལས་རྟགས་བེད་སྤྱོད་པ། འཛད་འགྲོན་མཐོ་བའི་ས་ཆར་བསྐྱོད་ནས་དཔོན་ངན་བསླུ་འཁྲིད་བྱས་ནས་རང་ཉིད་ལ་སྔར་ལས་ལྷག་པའི་ཁེ་ཕན་ཡོངས་ཐབས་སོགས་གང་ས་ཅི་ཐད་ནས་གཞན་དང་ཧ་ཅང་མི་འདྲ་བ་བྱེད་ཀྱིན་ཡོད། ཨ་རི་དང་ཡོ་རོབ་ཀྱི་འཛམ་གླིང་འབྱོར་བདག་དག་གི་འཚོ་བ་ནི་རྒྱུན་ལྡན་ལྟར་ཧ་ཅང་སྟབས་བདེ་བབ་ཆགས་ཡིན་པ་དང་། དཔེར་ན་ཨ་རིའི་འཛམ་གླིང་འབྱོར་བདག་བཧྥེཋཋ(Buffett 菲特)ནི་མི་སེར་དཀྱུས་མའི་བདེ་ཁུལ་ཞིག་དུ་བཞུགས་ནས་བདེ་སྲུང་མི་སྣ་དང་གཡོག་འཁོར་སོགས་གང་ཡང་མེད་པ་མ་ཚད་ཁང་པ་ཡང་ལོ་བཞི་བཅུ་ཙམ་སོང་ཟིན་པའི་མཛེས་བཟོ་མེད་པའི་ཁང་རྙིང་རྒྱ་ཁྱོན་གྲུ་བཞི་མ་ཉི་ཤུ་ཙམ་ལས་མེད་པ་ཞིག་ཡོད་པ་རེད། ཁོང་འཛམ་གླིང་ཐོག་གི་འབྱོར་བདག་ཨང་དང་པོ་དེ་ཡིན་རུང་ཁོང་གི་གཞུང་ལས་ཁང་ནི་ཧ་ཅང་ཆུང་ཞིང་རྙིང་བའི་ཐོག་བརྩེགས་ཅན་ཞིག་གི་ནང་དུ་ཡོད་པ་དང་རླངས་འཁོར་ཡང་ཧ་ཅང་རྙིང་པ་ཞིག་ཡིན་འདུག ཚོང་གཉེར་མ་རྐང་འཇོག་མཁན་རྒྱལ་ཁབ་གཞན་གྱི་ཐེབས་རྩ་ལྷན་ཚོགས་ཚོགས་མི་དག་འདིར་ཚོགས་འདུར་སླེབས་སྐབས་རང་གི་དད་བཀུར་ཆེ་བའི་འཛམ་གླིང་འབྱོར་བདག་ཆེན་པོ་དེའི་སྡོད་ཁང་དང་མོ་ཊ་རྙིང་པ་དེ་འདྲ་བེད་སྤྱོད་བཏང་གིན་ཡོད་པ་བསམ་ཡུལ་ལས་འདས་ཀྱིན་ཡོད་པ་རེད། དངོས་ཡོད་ཐོག་ཨ་རིའི་འབྱོར་བདག་བཧྥེཋཋ(Buffett 菲特)དང་། བིལ་གཋེས(Bill Gates 比尔盖茨)ཙམ་མ་ཡིན་པར་འབྱོར་བདག་ཚང་མའི་འཚོ་བ་དེ་ལྟར་སྟེ་ཁོང་ཚོས་གཅིག་ནས་མི་སེར་དཀྱུས་མའི་འཚོ་བ་དང་ཁྱད་པར་དེ་ཙམ་མེད་པ་ཞིག་བསྐྱལ་བཞིན་ཡོད་ལ་གཉིས་ནས་འཛམ་གླིང་གི་དཔལ་འབྱོར་ལ་ཚོད་འཛིན་བྱེད་ཀྱིན་ཡོད།

ང་ཚོས་རང་ཤུགས་ཀྱིས་ཁོ་ཚོས་དངུལ་མང་པོ་དེ་འདྲ་གསོག་ནས་རང་ཉིད་ཀྱིས་ལོངས་སྤྱོད་མི་བྱེད་པ་ཅི་ཡིན་ནམ། ཁོང་ཚོའི་དངུལ་གྱི་གྲངས་འབོར་དེས་རང་ཉིད་ཀྱི་བུ་ཚ་རྣམས་ཚེ་གང་ལས་ཀ་ལས་མི་དགོས་པར་ལོངས་སྤྱོད་ཀྱང་འདང་ངེས་ཡིན་རུང་བུ་ཚ་རྣམས་ལ་དངུལ་སྐར་གཅིག་ཀྱང་མི་འཇོག་པ་ཅི་ཡིན་ནམ་ཅེས་འདྲི་སྲིད། དེ་ནི་ཁོང་ཚོས་རང་གི་ཚེ་གང་འབད་བརྩོན་ལས་བསགས་པའི་དངུལ་ཚང་མ་དཀར་པོ་དགེ་བའི་ལས་གཞན་ཕན་གྱི་བྱ་བ་ཤ་སྟག་ལ་བཏང་ནས་འཛམ་གླིང་ཡུལ་གྲུ་ཀུན་གྱི་ཉམ་ཐག་ཡུལ་འཁྱར་བ་དང་རང་བྱུང་གནོད་འཚེ་ཕོག་མཁན། བཀྲེས་ལྟོགས་ཀྱིས་མནར་བའི་སེམས་ཅན་ཚང་མར་རོགས་རམ་རྒྱ་ཆེན་བྱེད་ཀྱིན་ཡོད་པ་རེད་ལ་དེ་བས་བིལ་གཋེས(Bill Gates 比尔盖茨)ཡི་ཐེབས་རྩ་ལྷན་ཚོགས་ཀྱི་དངུལ་མང་ཆེ་བ་ཨ་ཧྥེ་རི་ཀ་གླིང་གི་ཨེ་ཛེའི་འགོས་ནད་ཅན་ལ་སྨན་བཅོས་རོགས་སྐྱོར་བྱེད་ཀྱིན་ཡོད་འདུག ང་ཚོས་བལྟས་ན་བློ་ཡུལ་ལས་འདས་པའི་ཁོང་ཚོའི་ཞལ་འདེབས་བྱ་སྤྱོད་དེ་རིགས་དོན་ངོ་མར་ཧ་ལས་ཧང་སངས་དགོས་པའི་ནང་སེམས་ཀྱི་སྒུལ་ཤུགས་ཞིག་ཡིན་པ་ལས་ངར་ལངས་ནས་ཆེ་འདོད་དང་གྲགས་འདོད་ཆེད་དུ་མིན་པ་ཤེས་ཐུབ་ལ། ཆབ་སྲིད་དང་དཔལ་འབྱོར་སོགས་གནས་འབབ་ཞིག་གི་ཆེད་དུ་དེ་བས་མ་རེད་ཅེས་ལབ་ཕོད། གང་ཡིན་ཟེར་ན་ང་ཚོས་ཁོང་ཚོའི་གཏིང་དཔག་གི་གོ་རིམ་ལ་ཞིབ་འཇུག་ཡག་པོ་བྱས་ན་ཤེས་ཐུབ། འདི་ནི་ཁོ་ཚོའི་དད་པའི་འགུལ་སྐྱོད་ལས་བྱུང་བ་ཞིག་ཀྱང་རེད་འདུག

བིལ་གཋེས་(Bill Gates 比尔盖茨)ནི་ཆུང་དུས་ནས་དམ་པའི་གསུང་རབ་ལ་བལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་པ་མ་ཟད་ཚན་རིག་མཁས་ཅན་མང་པོའི་གསུང་རབ་བལྟ་མྱོང་བའི་རིག་པ་དང་སྤྱང་གྲུང་ཆ་ཚང་འཛོམས་པའི་བློ་རིག་ཅན་ཞིག་རེད་འདུག ཁོང་གི་གསུང་རབ་ཀྱིས་མི་སེམས་ལྷིང་འཇགས་སུ་གཏོང་གིན་འདུག་ལ། ཧམ་སེམས་ཡང་གནོན་ཐུབ་ཀྱིན་འདུག་ཅེས་ལས་མིར་ནན་བཤད་ཡང་ཡང་གནང་གསོལ་འདུག་ལ་ཁོང་གི་གསུང་ཚུལ་གཞན་ཞིག་ལ་ང་ནི་དཀོན་མཆོག་གིས་གདམས་སྒྲུག་གནང་བའི་རྒྱུ་ནོར་དོ་དམ་པ་ཞིག་རེད། ད་ངས་དཀོན་མཆོག་གི་བཀའ་འགྲུབ་ཟིན་པས་དཀོན་མཆོག་གི་རྒྱུ་ནོར་ངས་ཚབ་བྱས་ནས་ཉར་བ་རྣམས་ད་ཆ་དཀོན་མཆོག་ལ་ཕུལ་རྒྱུ་དེ་ལུགས་མཐུན་ཡིན་པ་ལས་ངས་དཀོན་མཆོག་གི་རྒྱུ་ནོར་དོན་མེད་འཕྲོ་བརླག་བཏང་ག་ལ་ནུས་ཅེས་རང་གི་རྒྱུ་ནོར་ཚང་མ་ཞལ་འདེབས་དུ་ཕུལ་བའི་རྒྱུ་མཚན་དུ་གསུང།

རེད་ཨ། ང་ཚོས་ཀྱང་རང་ཉིད་ཀྱི་ཡོད་ཚད་ཚང་མ་དཀོན་མཆོག་གིས་གནང་བར་རློམ་བཞིན་ཡོད་མོད། ང་ཚོར་དཀོན་མཆོག་གི་དེ་འདྲའི་དྲིན་ཆེན་པོ་གནང་བ་དེ་ང་ཚོས་དཀོན་མཆོག་གིས་བརྩེ་བའི་སེམས་ཅན་ལ་མ་ཕུལ་ན་དཀོན་མཆོག་གི་དྲིན་ཇི་ལྟར་གསོ་ཐུབ་བམ། མཚམས་འདིར་ཚང་མས་ད་བར་རང་ཉིད་ཀྱི་དཔལ་འབྱོར་བཀོལ་སྤྱོད་ལ་དོན་སྙིང་ཇི་ཙམ་ལྡན་ཡོད་མེད་ཞིག་མནོ་བསམ་ཞིག་བཞེས་ཐུབ་པར་སྨོན།