སྤུ་གྲི་སོ་ཡི་སྦྲང་རྩི་བལྡགས། །
མཁས་པའི་མིག་འབྲས་ཡིག་ཆས་བཏོན། །
མཛེས་མའི་བཞིན་རས་ངོམ་པས་རྒས། །
དཔའ་བོ་འཇིགས་མ་ཤེས་པས་ཤི། །
འཁོར་བའི་ཆོས་ལ་གད་མོ་བྲོ། །
སྙན་གྲགས་ཅན་རྣམས་འོན་པར་གྱུར། །
བཟོ་བའི་ལག་པ་གྲུམ་བུས་གདུང། །
ཕྱེ་ལེབ་མར་མེའི་ནང་དུ་མཆོངས། །
ལོང་བ་མེ་སྒྲོན་ཐོག་ནས་འགྲོ །
ཞྭ་བོ་རྐང་ཁྲིའི་འཁོར་ལོས་རྒྱུག །
བླུན་པོ་གསུང་བཤད་ཟབ་ཅིང་མཁས། །
གད་མོ་ཤོར་བའི་སྙན་ངག་མཁན། །
དབུགས་ཀྱི་རྒྱུ་བ་ཟད་ཉེ་ཀྱང། །
ཆོས་པ་ཆོས་བཞིན་སྤྱོད་པས་འཁོར། །
ཆོས་མ་སྤྱོད་ན་འཁོར་མི་ཤེས། །
སྡིག་ཅན་ཆོས་བཞིན་འཁོར་མ་ཤེས། །
འཁོར་མ་ཤེས་པ་སྲིད་ཀྱིས་འཁོར། །
རྣལ་འབྱོར་རྣལ་འབྱོར་སྒོམ་པས་འཁོར། །
རྩ་འཁོར་མེད་ན་རྣལ་འབྱོར་མིན། །
ཆོས་རྒྱམ་འཁོར་བ་བལྟས་པས་འཁོར། །
འཁོར་བ་མེད་ན་ཆོས་རྒྱམ་མེད། །

ཕྱི་ལོ་ ༡༩༧༢ ཟླ་བ་ ༥ ཚེས་ ༢༢
ཆོས་རྒྱམ་དྲུང་པ་རིན་པོ་ཆེ་མཆོག་གིས་ (1939-1987)