རྒྱལ་ཁོངས་ཁ་ན་ཊ་ནས་ཡིན་པའི་པར་པ་གྷིར་གྷོལཁོ་བྷིར་ཋིར(Gregory Colbert)ནི་དེང་སང་མཐོང་དཀོན་པའི་སྒྱུ་རྩལ་བའི་གྲས་ཡིན་ལ། འདས་པའི་ལོ་ངོ་བཅུའི་རིང་ལ་རང་ཉིད་ཀྱི་པར་འགྲེམ་དང་གཞན་གྱི་བཅར་འདྲི་ཐེངས་གཅིག་ཀྱང་ཁས་ལེན་བྱས་མ་མྱོང་། ཁོའི་པར་གྱི་བསྟན་དོན་ནི་མི་དང་སྲོག་ཆགས་བར་གྱི་ལྐོག་གྱུར་གྱི་འབྲེལ་བ་དེ་ཡིན་ལ། ༡༩༩༢ལོ་ནས་བརྩམས་ཏེ་ཁོ་རང་འཛམ་བུ་གླིང་གི་ཡུལ་གྲུ་མཐའ་དག་ལ་མྱུག་ཏེ་རྒྱུན་རིང་གི་ཡུལ་སྐོར་ཐེངས་ཉེར་བདུན་བྱས་མྱོང་།

742cdd1cnc2a3a7005115&690

4a2f92c68bd7c16c5107b

ཁོར་མཚོན་ན། བརྩམས་ཆོས་འདི་དག་གིས་རང་ཉིད་ཀྱི་ལྟ་ཞིབ་ལ་ཟིན་ཐོ་བཀོད་པ་མ་ཟད། རྟག་བརྟན་གྱི་རྒྱལ་ཁམས་ཤིག་གི་གསང་སྒོ་ཕྱེ་བ་རེད། བརྩམས་ཆོས་དེ་དག་གི་ཁྲོད་དུ་མིའི་རིགས་སྲོག་ཆགས་རིགས་མི་འདྲ་བ་དང་ལྷན་དུ་འཚོ་བ་རོལ་ཞིང་ཕན་ཚུན་ལ་གླེང་མོལ་བྱེད་ལ། དེ་ཡང་བརྩམས་ཆོས་ཁྲོད་ཀྱི་རང་བཞིན་དུ་ཤར་བའི་ཞི་མཐུན་གྱི་རྣམ་པ་ཙམ་མ་ཡིན་པར། བདེ་ཡངས། ལྷིང་འཇགས། ཆོས་ལུགས་ཀྱི་ཁ་དབུགས་དང་ཚོན་མདངས། སྙན་ངག་གི་བྲོ་བ་དང་བར་མེད་དུ་ཁྱབ་པའི་རྣམ་ཤེས་བཅས་ཀྱིས་བླ་ན་མེད་པའི་སེམས་ཀྱི་ཞིང་བཀོད་ཞིག་ལ་རེག་ཐུབ་པར་གྱུར་བ་རེད།

2008113155535231

0512120039873747

པར་བ་ཁོང་གིས་མི་དང་སྲོག་ཆགས་བར་གྱི་གཉུག་མར་ཡོད་པའི་བརྩེ་བ་དང་རྟེན་དང་བརྟེན་པའི་འབྲེལ་བ་སྔོག་ནས་ལེགས་པར་རྙེད་ཡོད་ལ། བརྩམས་ཆོས་ཀྱི་ཁྲོད་ནས་ང་ཚོས་འཇིགས་སྐྲག་དང་དངངས་ཞེད་གཞར་ཡང་འཚོལ་མི་ཐུབ། སྒྱུ་རྩལ་གྱི་བདེན་ཐུབ་ནི་ཚེ་སྲོག་ཡོད་ཚད་ལ་དགའ་ཞེན་བྱས་ནས་ཐོབ་པ་ཡིན་ལ། གཅིག་བྱས་ན་སེམས་ཁོང་ན་ལྷད་མེད་པར་ཡོད་པའི་བརྩེ་བ་དེའི་དབང་གིས། མཛེས་པ་བྱ་བ་ཡང་ནམ་ཡང་རྟག་བརྟན་དུ་བདག་ཅག་དང་ལྷན་དུ་བཞུགས་ཐུབ་པར་སེམས་ཀྱིན་ཡོད།

2008113155812576

2008113155847349

4a2f92c63796a001b1b41

0512120039873747

49442fd7f3604d6d6c2ed

49442fd7432cd87aedf38

 

 

རེབ་གོང་རྨུ་ཐག་ཚང་གི་སྐད་འཕྲིན་སྟེགས་བུ་ལས་བཏུས། སྐད་འཕྲིན་ཨང་གྲངས། Rebgongdream

1864827677