Digitized Tibetan Archives Material at Bonn University

དྲ་ཚིཊ་འདི་ནི་མཇར་མན་གྱི་བྷོན་གཙུག་ལག་སློབ་ཆེན་གྱིས་ངྷ་སའི་བོད་ཀྱི་དཔེ་མཛོད་ཁང་དང་བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚཊ་ཁང་། ཀུན་བདེ་གླིང་དགོན་པ་བཅས་སུ་མཉམ་འབྲེལ་བྱས་ནས་བསྒྲུབ་པ་དང་དྲ་ཚིཊ་འདིའི་ནང་དུ་གཙོ་བོ་བོད་སྡེ་བ་གཞུང་གི་ཡིག་ཚངས་ལས་ཁུངས་བཅས་སུ་བཞུཊ་སུ་གསོལ་ཡོད་པའིདཔྱད་གཞིའི་རྒྱུ་ཆ་ཁག་གཙོ་བྱས་པའི་ས་ཕག་རིན་གཙང་སྐབས་ཀྱི་དཔྱད་གཞིའི་རྒྱུ་ཆ་དང་པོའི་རིཊ་ཀྱི་སྐོར་ཉར་ཚཊ་བྱས་ཡོད།  ནང་དོན་གཙོ་བོར་བཀའ་ཤག་གིས་འབྲུག་འབྲས་བལ་གོར་ལ་དྭཊ། མན་ཛྙུའི་གོང་མ། མཚོ་སྔོན་གྱི་སོག་པོའི་རྒྱལ་ཁག སྡེ་དགེ་ས་སྤྱོད་པ་བཅས་སུ་བསྩལ་གནང་མཛད་པའི་བཀའ་ཤོག་གི་སྐོར་དང་འཇའ་ས། ལམ་ཡིག་བཅས་སོཊ་ཉར་ཚཊ་བྱས་ཡོད། དེ་ལས་གཞན་ད་དུང་བཀའ་ཤག་གིས་རྒྱ་ཁྱབ་རྫོང་གཞིས་ཁག་དང་སྤྱི་ཁྱབ་ཁག རྫོང་སྡོད་ཁག་སོཊ་སུ་ཐོང་བསྒྱུར་གནང་ཡོད་པའི་ལམ་ཡིག་གི་སྐོར་སོཊ་མདོར་ན་བོད་ཀྱི་ཉེ་དེང་རབས་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་དུས་ཤིན་ཏུ་དམན་པའི་དཔྱད་གཞིའི་རྒྱུ་ཆ་དང་པོའི་རིཊ་ཀྱི་སྐོར་མང་པོ་ཞིག་བརྙན་པར་གྱི་རྣམ་པའི་དྲ་སྟེང་ལ་བཞག་ཡོད་པར་མ་ཟད་ཆ་ཚང་རིན་མེད་ཀྱི་རྣམ་པའི་ཤེས་ལྡན་པ་དག་གི་སྤྱན་ལམ་དུ་བསྟར་ཡོད།

དྲ་ཚིཊ། www.dtab.uni-bonn.de/tibdoc/index1.html

Tibetan Buddhist Resource Center

བོད་ཀྱི་ནང་བསྟན་དཔེ་ཚོཊ་ལྟེ་གནས་ངོ་སྤྲོད།  དཔེ་ཚོཊ་ལྟེ་གནས་འདི་ནི་ཨ་རི་བ་འཇམ་དབྱངས་རྣམ་རྒྱལ་ལཊ་ཀྱིས་སྐུ་ཚེའི་ཧྲིལ་བོའི་འབད་འབུངས་ལ་བརྟེན་ནས་གྲུབ་པ་དང་། དྲ་ཚིཊ་འདིའི་ནང་དུ་སྔར་གྱི་བོད་ཁོངས་བསྙོན་མེད་ཡིན་པའི་ས་ཆ་གཙོ་བོ་འབྲུག་ཡུལ་དང་འབྲས་ལྗོངས། ལ་དྭཊ། སྤལ་ཏི།  ཁུ་ནུ།  སྒང་ཐོག་དང་རྡོ་རྗེ་གླིང་སོཊ་སུ་བཞུཊ་སུ་གསོལ་ཡོད་པའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཡིག་ཆ་ཁག་ཕལ་ཆེ་བ་བསྡུ་རུབ་བྱས་ཡོད་ལ། དེ་ལས་གཞན་བོད་ཡུལ་སྟོད་སྨད་བར་གསུམ་དང་། ཕྱི་སོག་དང་ནང་སོག ཨུ་རུ་སུའི་སོག་པོའི་རྒྱལ་ཁག་བཞི། ནུབ་ཕྱོཊ་ཀྱི་དཔེ་མཛོད་ཁང་གྲཊ་ཅན་ཁག་དང་ཨ་རིའི་རྒྱལ་ཚོཊ་ཀྱི་དཔེ་མཛོད་ཁང་། ཉི་ཧོང་གི་དཔེ་མཛོད་ཁང་བཅས་སུ་བཞུཊ་སུ་གསོལ་ཡོད་པའི་བོད་ཡིག་གི་སྟེང་བྲིས་པ་དང་བོད་བརྒྱུད་ནང་བསྟན་གཙོ་བྱས་པའི་རྒྱུ་ཆ་མང་པོ་ཞིག་བསྡུ་རུབ་བྱས་ཡོས་སྟབས། མིག་སྔར་ས་སྒང་འདིའི་སྟེང་གི་བོད་ཡིག་གི་གློག་རྡུལ་དཔེ་མཛོད་ཆེས་ཆེ་ཤས་རུ་གྱུར་ཡོད། དྲ་ཚིཊ་འདི་ནི་བོད་རིག་པའི་མཁས་དབང་རྣམ་པ་དང་ལྷག་དོན་བོད་ཀྱི་རིག་གནས་ལ་དུང་བ་ཡོད་པའི་མི་རྣམས་ལ་ཞབས་འདེཊ་ཞུ་ཆེད་ཨ་རིའི་རྒྱལ་ཚོཊ་ཀྱི་རོཊ་བསྐྱོར་འོག་བཙུཊ་པས་ཁེ་ལས་ཀྱི་རང་བཞིན་མ་ཡིན་པའི་དྲ་ཚིཊ་ཤིག་ཡིན།

གལ་སྲིད་ཁྱེད་རང་གིས་དྲ་ཚིཊ་འདི་བེད་སྤྱོད་བྱས་ནས་བོད་ཡིག་གི་རྒྱུ་ཆ་ཁག་ཕབ་ལེན་བྱེད་འདོད་ཡོད་ཚེ་གོ་རིམ་དང་པོ་སྔོན་ལ་དྲ་ཚིཊ་འདིའི་སྒང་ལ་ནང་འཛུལ་བྱེད་དགོས་པ་དང་། དྲ་ཚིཊ་འདིའི་ཐོག་མའི་དྲ་ངོས་ཀྱི་རྣམ་པ་ནི་དབྱིན་ཇི་ཡིན་པ་དང་། གལ་སྲིད་ཁྱེད་རང་གིས་དབྱིན་ཇི་ཡག་པོ་མི་མཁྱེན་པ་ཡིན་ན་དྲ་ངོས་ཀྱི་རྣམ་པ་བོད་ཡིག་ཏུ་བསྒྱུར་ཆོག གོ་རིམ་གཉིས་པ་ནི་ཁྱེད་ཀྱིས་རང་ལ་དབང་བའི་ས་མིག་ཅིག་བཟོ་དགོས། གོ་རིམ་གསུམ་པ་ནི་ཁྱེད་ཀྱིས་སྒེར་ལ་དབང་བའི་ས་མིག་ཅིག་བཟོས་ཟིན་པ་དང་ཐོ་འཇུག་བྱས་རྗེས་ད་གཟོད་དྲ་ངོས་ཀྱི་རྒྱུ་ཆ་ཁག་ཕབ་ལེན་བྱས་ཆོག གལ་སྲིད་ཁྱེད་རང་ལ་ཕབ་ལེན་བྱེད་པའི་གོ་རིམ་ཁྲོད་དཀའ་ཁག་བྱུང་ན་དཔེ་མཛོད་ལྟེ་གནས་ཀྱི་འགན་འཛིན་པར་གློག་ཡིག་གི་ལམ་ནས་བཀའ་འདྲི་བྱས་ཆོག དཔེ་མཛོད་ལྟེ་གནས་ཀྱི་འགན་འཛིན་པའི་གློག་ཡིག་གི་སྤྲེལ་ཐག་ནི་གཤམ་ལྟར།

Kelsang Lhamo སྐལ་བཟང་ལྷ་མོ། ༼ཆོས་འཛིན༽   གློག་ཡིག་གི་སྤྲེལ་ཐག kelsang@tbrc.org

དྲ་ཚིཊ། www.tbrc.org