དུས་ཚོད། ༢༠༡༠ ༨ ༡
ས་གནས། པེ་ཅིན་སློབ་ཆེན་ལོ་བརྒྱའི་དྲན་གསོ་ཐོག་ཁང་།

མི་ཞིག་གིས་ལུང་ཡུན་ཐེ་ཁྱེད་ལ་ཀྲུང་གོའི་རྨི་ལམ་ཡོད་དམ་ཞེས་འདྲི་ན། བདག་གིས་ཁོ་ལ་ཁྱེད་ཀྱིས་བཤད་པའི་ཀྲུང་གོ་ནི་གང་ཞིག་ལ་གོ་བ་ཡིན་ཞེས་ལྡོག་འདྲི་བྱེད་ངེས། གལ་ཏེ་ཁྱེད་ཀྱིས་བཤད་པའི་ཀྲུང་གོ་ནི་་རྒྱལ་ཁབ་་དང་་སྲིད་གཞུང་་ལ་གོ་བ་ཡིན་ན། རྒྱལ་ཁབ་དང་སྲིད་གཞུང་ནི་ཁོ་མོའི་སེམས་ན་དོ་དམ་རྩ་འཛུགས་ཤིག་ལས་ཅི་ཡང་མིན། དེ་བས་དགོངས་པ་མ་ཚོམ་ལགས། ང་ལ་རྒྱལ་ཁབ་ཀྱི་རྨི་ལམ་མེད་ལ། སྲིད་གཞུང་ལ་མཐུན་མཐུན་ཞིག་བཤད་ངེས།

གལ་ཏེ་ཁྱེད་ཀྱིས་བཤད་པའི་ཀྲུང་གོ་ནི་ས་གཞི་འདིའི་སྟེང་འཚོ་བའི་མི་དང་དེའི་སྤྱི་ཚོགས་ལ་གོ་བ་ཡིན་ན། ང་ལ་རྨི་ལམ་ལོས་རེ་ཡོད། མཛེས་པའི་ས་གཞི་འདི་ནི་བདག་གི་ཕ་ས་དང་མ་ཡུལ་ཡིན་པ་གཞིར་བཅས། ས་གཞི་འདིའི་བདེ་སྡུག་མཐའ་དག་ཐེའེ་ཝན་དང་ཡོངས་སུ་དཀྲིས་ནས་ཡོད། མ་ཟད་ས་གཞི་འདིའི་དར་བ་དང་རྒུད་པ་ནི་མིའི་རིགས་སྤྱི་ཡོངས་ཀྱི་མ་འོངས་བའི་ལས་དབང་ལ་འབྲེལ་ཡོད་སྟབས། ང་ལ་རྨི་ལམ་མེད་པ་ག་ལ་སྲིད།

བདག་གིས་ཀྲུང་གོ་སྟོབས་དང་ལྡན་པ་མཐོང་འདོད་དེ། དེ་ཡང་དཔལ་ཡོན་གྱིས་ཉེར་རྒྱུ་བྱས་ནས་འཚར་ལོངས་བྱུང་ན་འདོད་ཡོད།

དེས་ན་དཔལ་ཡོན་ལ་ངོས་འཛིན་ཇི་ལྟར་བྱ་འམ་ཞེས་དྲི་ན། དེ་ཡང་མི་དཀའ་སྟེ་དེ་རིང་བདག་གིས་ང་རང་ཉིད་ཀྱི་སེམས་ནང་ནས་དཔལ་ཡོན་ལ་ངོས་འཛིན་ག་འདྲ་བྱེད་པ་ཁྱེད་ཅག་ཀུན་པོ་ལ་ངོ་སྤྲད་པར་བྱ། གྲོང་ཁྱེར་ཞིག་གི་དཔལ་ཡོན་གྱི་ཚད་གཞི་ནི་གྲོང་ཁྱེར་འདིས་སྨྱོ་ནད་ཐེབས་པའི་མི་ཞིག་ལ་སྟ་སྟངས་ག་འདྲ་འཛིན་མིན་དང་། དབང་བོ་རྒྱུན་ལྡན་མིན་པའི་མི་ལ་ཞབས་འདེགས་དང་དམིགས་བསལ་ག་རེ་བྱིན་ཡོད་མེད་དང་། རྒན་ཚང་དང་བདག་མེད་དྭ་ཕྲུག་བཅས་ལ་རོགས་ག་རེ་བྱས་མིན། འཁྱམ་པོ་ལས་མེད་དག་ལ་དོན་དག་ག་རེ་སྒྲུབ་མིན་སྟེང་ནས་འཇོག་དགོས་པ་ཡིན། འདི་ནི་བདག་གི་ཞིབ་ཚགས་པོའི་སྒོ་ནས་བཞག་པའི་གྲོང་ཁྱེར་གྱི་དཔལ་ཡོན་གྱི་ཚད་གཞི་ཡིན།

རྒྱལ་ཁབ་ཞིག་གི་དཔལ་ཡོན་གྱི་ཚད་གཞི་ནི་རྒྱལ་ཁབ་འདིས་ཕྱི་འོངས་ཀྱི་མི་ལ་སྟ་སྟངས་ག་འདྲ་འཛིན་པ་དང་། གྲངས་ཉུང་མི་རིགས་ལ་ལྟ་སྟངས་ག་འདྲ་འཛིན་མིན་ཡིན། རྒྱལ་ཁབ་འདིས་གྲངས་མང་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་རྣམ་འགྱུར་ལས་མཐོང་ཐུབ། དཔེར་ཆགས་བཞག་ན་ཀྲུང་གོའི་མི་དུང་ཕྱུར་བཅུ་གསུམ་གྱིས་གྲངས་ཉུང་མི་རིགས་མི་གྲངས་སྟོང་གཉིས་གསུམ་ཅན་ལ་འཛིན་པའི་ལྟ་སྟངས་ལས་མཚོན་ཐུབ།

དོན་ངོ་མ་སུ་ཞིག་གི་་རྒྱལ་ཁབ་སྟོབས་ལྡན་་འགྱུར་མིན་ལ་ཁ་ཡ་བྱེད་སྲིད་དམ། མ་མཐའ་ངས་ནི་བྱེད་མི་སྲིད།

ངས་དོ་སྣང་བྱེད་ས་ནི་ད་སྔོན་ངས་བཤད་པའི་དཔལ་ཡོན་གྱི་ཚད་གཞི་སྟེ། རྒྱལ་ཁབ་ཆེན་པོ་འདིས་ཉམ་ཆུང་འཁོས་ཞན་དང་གྲངས་ཉུང་མི་རིགས་ལ་ལྟ་སྟངས་འཛིན་ཚུལ་དང་། ཕྱོགས་གཞན་གྱི་མི་མཐུན་པའི་བསམ་ཚུལ་ལ་གདོང་གཏད་ཚུལ་སོགས་ཡིན་ལ། འདི་ནི་ངས་དམིགས་ཀྱིས་དོ་སྣང་བྱེད་ཚུལ་ཡིན།

གལ་ཏེ། སྟོབས་ལྡན་གྱི་རྒྱལ་ཁབ་ཀྱིས་ཁོའི་མི་སེར་ལ་བྱིན་པའི་སྣང་བ་ནི་དམག་དོན་རྔམ་བརྗིད་རོལ་བ་དང་། དཔལ་འབྱོར་འབད་མེད་ལྷུག་ལྷུག ཆབ་སྲིད་ང་ཆེ་ང་བཙན་སོགས་ཡིན་ན་བདག་གིས་རྒྱལ་ཁབ་འདི་རྩ་བ་ནས་དར་རྒྱས་མ་འགྲོ་རོགས་ཞེས་སྨོན་ལམ་རྒྱག་གི་ཡིན། ཉེར་རྐྱེན་འདི་དག་གིས་དར་རྒྱས་སུ་ཕྱིན་པའི་མཇུག་འབྲས་ལ་རྒྱལ་ཁབ་འདིའི་མི་སེར་དང་མིའི་རིགས་སྤྱི་ལ་གོད་ཆག་དང་ཉེན་ཁ་ཏན་ཏན་འབྱུང་ངེས་པ་ཡིན་ནོ།།

ཡང་སུ་ཞིག་གིས་་ཁྲག་རྒྱུད་གཅིག་་ཡིན་མིན་ལ་ཁ་ཡ་བྱེད་སྲིད་དམ། མ་མཐའ་ངས་ཁ་ཡ་མི་བྱེད། གལ་སྲིད་ང་ཚོ་དཔལ་ཡོན་གྱི་ཚད་གཞི་ལ་སྤྱི་མཐུན་གྱི་འཛིན་སྟངས་ཞིག་མེད་པ་དང་། ང་ཚོ་ལ་རྨང་གཞིའི་རིན་ཐང་ལྟ་བའི་སྟེང་ནས་སྐད་ཆ་དང་བགྲོ་གླེང་འབྱུང་བ་མེད་ཚེ། ཁྲག་རྒྱུད་གཅིག་ཙམ་པོ་བའི་སྟེང་ནས་ག་རེ་བྱེད་ཡ་ཡོད་རེད།

ང་ལ་ཡིད་ཆེས་བྱེད་རོགས། ངས་ཀྲུང་གོ་ལ་འཛིན་པའི་རྣམ་འགྱུར་ནི་གཙང་མ་ཡིན། ཡིན་ན་ཡང་ཁྱེད་ཀྱིས་ང་ལ་་སྟོབས་ལྡན་རྒྱལ་ཁབ་་དང་་ཁྲག་རྒྱུད་གཅིག་་པའི་སྐད་ཆ་མ་གླེང་རོགས།

ངའི་སེམས་གཏིང་ནས་རེ་སྒུག་བྱེད་ས་ནི་དཔལ་ཡོན་གྱི་ཚད་གཞིས་ཁྲུ་ཚད་རྒྱག་སྤོབས་པའམ་རྒྱག་ཆོག་པའི་ཀྲུང་གོ་ཡིན། དེ་ལྟ་བུའི་ཀྲུང་གོ་ནི་སྤོབས་སེམས་ཀྱིས་སེམས་རྒྱ་ཆེ་རུ་གཏོང་ཐུབ་ལ། སེམས་རྒྱ་ཆེ་བས་སྣ་ཚོགས་དང་ལེན་བྱེད་ཐུབ། རྒྱུ་དེ་ལ་བརྟེན་ནས་བབ་ཆགས་ཤིང་ཕུགས་རྒྱང་ཅན་དུ་འགྱུར་ངེས། གལ་སྲིད་དཔལ་ཡོན་གྱི་སྟོབས་ཀྱིས་བབ་ཆགས་ཕུགས་རྒྱང་ཅན་དུ་གྱུར་བའི་དུས་སུ། ཁོའི་མིའི་རིགས་ཀྱི་ཞི་བདེ་ལ་གནད་འགག་གི་བྱས་རྗེས་འབུལ་ཐུབ།

དེ་རིང་པེ་ཅིན་སློབ་ཆེན་འདི་ནས་བདག་གིས༡༩༨༦ལོར་ཐའེ་ཝན་གྱི་གཏམ་བཤད་ཅིག་གི་མཇུག་དྲན་གསོས་ཏེ་འདི་བཞུགས་རྒྱལ་ནང་གི་ཀློག་མཁན་དག་ལ་འབུལ་འདོད།

་་ དོ་དགོང་ང་རང་འདི་ནས་འགྲེང་སྟེ་སྐད་ཆ་བཤད་དུས་སེམས་ལ་འཇིགས་སྣང་གིས་ཁེངས་ཡོད་ལ། དོ་དགོང་གི་གཏམ་བཤད་ཀྱི་ཚིག་དག་བརྗེད་སོང་ན་མཇུག་འབྲས་ག་འདྲ་འབྱུང་ངམ་སྙམ་ནས་འཇིགས་སྣང་སྐྱེས་བཞིན་ཡོད། ངའི་རྨི་ལམ་ནི། ཀྲུང་གོ་བའི་མི་རབས་རྗེས་མས་མ་འོངས་བའི་དགོང་མོ་གང་ཡིན་ཀྱང་ས་ཆ་གང་ཡིན་ཀྱང་སེམས་གཏིང་གི་སྐད་ཆ་བཤད་ཐུབ་པ་ཞིག་སྨོན་ཡོད། མ་ཟད་སེམས་ལ་འཇིགས་སྣང་སྐྱེས་མི་དགོས་པ་ཞིག་བྱུང་ན་སྙམ། ང་ཚོའི་མི་རབས་འདིའི་འབད་པ་ཆེན་པོས་བསྒྲུབ་པ་མཐའ་དག་ནི་མི་རབས་རྗེས་མ་དག་འཇིགས་སྣང་སྐྱེ་མི་དགོས་པའི་རང་དབང་དེའི་ཆེད་དུ་མ་ཡིན་ནམ། ་་

 

 

 རེབ་གོང་རྨུ་ཐག་ཚང་གི་སྐད་འཕྲིན་སྟེགས་བུ་ལས་བཏུས། སྐད་འཕྲིན་ཨང་གྲངས། Rebgongdream

1864827677