བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད།། སྙིགས་མའི་འགྲོ་བ་བསྐྱུར་ནས་གང་དུ་བཞུད།། གངས་ཅན་ཞིང་ནས་ཁྱེད་དྲིན་དྲན་བཞིན་སྒུག། དད་དམ་གཙང་མ་འགྱུར་མེད་སེམས་ན་ཡོད།། མི་ལོ་ཉེར་དྲུག་སྔ་རོལ་གྱི་དུས་ཚོད་འདིར་གངས་ལྗོངས་འགྲོ་བའི་མགོན་པོ་པན་ཆེན་སྣང་བ་མཐའ་ཡས་མཆོག་བཀྲ་ཤིས་ལྷུན་པོའི་སྐལ་བཟང་ཕོ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས།

པཎ་ཆེན་རིན་པོ་ཆེའི་གསུང་བཤད།

ངེད་ཀྱི་མི་ཚེ་ནི་ཀྱག་ཀྱོག་རིང་མོ་ཞིག་ཡིན་ཞེས་བཤད་ཆོག ང་ནི་མི་བདེན་པ་བདེན་དྲང་དང་ཁ་རུ་ཁ་ཐུག་ཅིག་ཡིན་ལ། ནམ་ཡང་སྐྱག་རྫུན་བཤད་མ་མྱོང་། མ་རུངས་ཁོག་བཅུག་དེ་བས་ཀྱང་བྱས་མ་མྱོང་། ཡིན་ཡང་འགོ་མཇུག་བར་གསུམ་ནས་གཞན་པ་ཚོས་ལྟ་ཚུལ་ངན་པ་དང་འཁྱོག་བཤད་སྣ་ཚོགས་བྱས་པ་རེད།

པཎ་ཆེན་རིན་པོ་ཆེའི་གསུང་བཤད།

སྔོན་མ་ང་ཚོ་བོད་ནང་ཁུལ་དུ་མཐུན་སྒྲིལ་རྩ་བ་ནས་མེད། ཆོལ་ཁ་ཕན་ཚུན་བར་མཐོང་ཆུང་གི་རྣམ་པ་ཡོད། དབུས་གཙང་བས་ཁམས་པ་དང་ཨ་མདོ་བར་མཐོང་ཆུང་བྱེད་ཀྱི་ཡོད་ལ། ཁམས་པ་དང་ཨ་མདོ་བས་དབུས་གཙང་བར་མཐོང་ཆུང་བྱེད་ཀྱི་ཡོད། དབུས་དང་གཙང་པའི་ནང་ལ་ཡང་ཕན་ཚུན་མཐོང་ཆུང་བྱེད་པའི་རྣམ་པ་ཡོད། དེའི་རྒྱུ་མཚན་ནི་ང་ཚོ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་འུ་དུམ་བཙན་གྱི་རྗེས་ལ་བོད་སིལ་བུར་ལོ་སུམ་བརྒྱར་གྱར་ཡོད་པས་ས་གནས་བར་གྱི་བཅད་བཟུང་གི་བསམ་བློས་རང་མི་རིགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད།

པཎ་ཆེན་རིན་པོ་ཆེའི་གསུང་བཤད།

དབུས་གཙང་ཁོ་ནར་དོ་སྣང་བྱས་ནས་བོད་ཁམས་ཀྱི་ས་ཆ་གཞན་དག་ལ་དོ་སྣང་མི་བྱེད་པ་ནི་ཡག་པོ་ཞིག་གཏན་ནས་མ་རེད། ད་ལྟ་དབུས་གཙང་ས་ཆ་ཧ་ཅང་དབུལ་ཕོངས་ཡིན་ལ། ད་ལོ་འབྲུ་རིགས་ཀྱི་སྤྱིའི་ཡོང་འབབ་བསྡོམས་ཀྱང་སི་ཁྲོན་ཞིང་ཆེན་གྱི་རང་སྐྱོང་ཁུལ་གཉིས་ལ་ཡང་མི་དོ། ཁོ་ཚོར་མི་ཉུང་ལ་ཡོང་འབབ་ཆེ་བས་གནད་དོན་རིགས་ཉུང་ལ། དབུས་གཙང་ནི་དེ་ལྟ་མ་ཡིན་པར་རྗེས་མ་ཡར་རྒྱས་སུ་ཕྱིན་ན་བོད་ཁམས་ཀྱི་ས་ཆ་གཞན་དག་ལ་ཡང་རོགས་སྐྱོར་བྱེད་དགོས། དེ་བས་ང་ཚོ་ལ་གོང་རིམ་ནས་དམིགས་བསལ་སྲིད་ཇུས་དང་ཕྱོགས་གཞན་དག་གིས་རོགས་སྐྱོར་མང་པོ་གནང་དགོས།

པཎ་ཆེན་རིན་པོ་ཆེའི་གསུང་བཤད།

གྱ་གཉིས་ལོར་ང་རང་ཕྱིར་དབུས་གཙང་ལ་སླེབས་སྐབས་མི་ཁ་ཤས་ཀྱི་དགའ་བསུ་ཆེར་མ་ཞུས་ཀྱང་བོད་མི་དམངས་སྤྱི་ཡོངས་ནས་དགའ་བསུ་ཚད་མེད་པ་བྱས། སྐབས་དེར་ངས་ཚང་མར་ཞུས་པ་བཞིན་དཔོན་པོ་ཁ་ཤས་ནི་བོད་ནས་ལོ་ངོ་ཉི་ཤུ་སུམ་ཅུར་བྱ་བ་བྱས་ཀྱང་། བོད་ཀྱི་་འཕར་རྩ་་ངོ་མ་དེ་ཇི་ལྟར་ལྡིང་བཞིན་ཡོད་པ་ཧ་གོ་གི་མེད། སྐད་ཆ་འདི་ལ་དོན་སྙིང་ཆེན་པོ་ལྡན་ལ། ་་འཕར་རྩ་་འདི་ངོས་ཟིན་པ་ཧ་ཅང་གལ་ཆེན་པོ་ཡིན། རང་ཉིད་ཀྱི་ཞབས་འདེགས་ཞུ་ཡུལ་དེ་ངོས་འཛིན་ཡག་པོ་བྱེད་དགོས།

པཎ་ཆེན་རིན་པོ་ཆེའི་གསུང་བཤད།

ཟླ་བ་བཅུ་གཅིག་སྐབས་ངེད་ལ་སྲོལ་ཡིག་དོན་ཚན་བཅུ་ཅན་ཞིག་སློབ་དགོས་པའི་བརྡ་སྦྱོར་ཡིག་ཆ་ཞིག་འབྱོར་ལ། དེའི་ནང་དུ《མི་རིགས་ས་ཁུལ་རང་སྐྱོང་སྲོལ་ཡིག》ཚུད་མི་འདུག འདི་ལྟ་བུའི་སྲོལ་ཡིག་གལ་ཆེན་ཞིག་ནང་ལོགས་སུ་ཚུད་དུ་མ་བཅུག་པ་དེས་དོན་དག་ག་རེ་མཚོན་ནམ། ཐེངས་སྔོན་མར་རྒྱུན་ལས་ཚོགས་འདུ་སྐབས་ཉི་ཤུ་བ་འཚོགས་དུས་ང་ཚོས་ཁྲིམས་འཛིན་སྡེ་ཁག་ལ་རང་ཉིད་ཀྱི་ལྟ་བ་བཏོན་ཡོད་ཀྱང་རྗེས་སུ་ཇི་ལྟར་བཅོས་ཡོད་པ་རེད་ཅེ་ན། མི་རིགས་ས་ཁུལ་ནས《མི་རིགས་ས་ཁུལ་རང་སྐྱོང་སྲོལ་ཡིག》སློབ་དགོས་ཟེར། ངས་དེ་མ་ཐག་འདི་ལྟར་བཅོས་པ་འགྲིག་མེད། 《རང་སྐྱོང་སྲོལ་ཡིག》དེ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པ་ནི་ང་ཚོ་གྲངས་ཉུང་མི་རིགས་གཅིག་པུའི་དོན་དག་ཙམ་མ་ཡིན་པར་གཙོ་བོ་རྒྱ་རིགས་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྤྱི་ཡོངས་ནས་སློབ་དགོས་པ་དང་ལག་བསྟར་དགོས་པའི་དོན་དག་ཞིག་རེད་ཅེས་སྨྲས་པ་ཡིན།

པཎ་ཆེན་རིན་པོ་ཆེའི་གསུང་བཤད།

སྤྲུལ་སྐུའི་གྲངས་ཀ་མང་པོ་མི་མཁོ། དགོས་པ་ནི་སྤུས་ཀ་ཡག་པོ་ཅན་ཡིན། སྔར་སྲོལ་གཞིར་བཞག་ནས་སྤྲུལ་སྐུ་ཐག་གཅོད་པའི་དབང་ཆ་དེ་ང་པན་ཆེན་ལ་སྟེར་རོགས། ངས་ཐག་བཅད་པ་རྣམས་རིམ་པ་གོང་འོག་གི་སྲིད་གཞུང་གིས་ཁས་ལེན་དགོས་ལ། གཞན་གྱིས་ཐག་བཅད་པ་རྣམས་ལ་ཁས་ལེན་མ་སྟེར་རོགས།

པཎ་ཆེན་རིན་པོ་ཆེའི་གསུང་བཤད།

ང་ཚོས་སྤྲུལ་སྐུ་ངོས་འཛིན་བྱེད་པ་ནི་ནང་ཆོས་དར་སྤེལ་དང་རྒྱུད་འཛིན། དགོན་པ་ཁག་བདག་དམ་ཡག་པོ་བྱེད་དགོས་པའི་ཆེད་དུ་རེད་མ་གཏོགས། གོས་སེར་པོ་ཞིག་གིས་བཏུམས་བཞག་ཡོད་པ་ཞིག་ལ་་ཡ་ཡ་་དང་་ལེགས་སོ་་སྟེར་བའི་ཆེད་གཏན་ནས་མིན། འདི་ལ་ཚང་མས་བསམ་གཞིག་ཐོངས། ང་ཚོས་ངོས་འཛིན་བྱས་པའི་སྤྲུལ་སྐུ་ནི་ནང་ཆོས་ལ་ཞབས་ཞུ་བསྒྲུབ་ཐུབ་པ་ཞིག་དང་། ལུང་རྟོགས་ཀྱི་ཡོན་ཏན་དུ་མས་རྒྱུད་ཕྱུག་པ། ཀུན་སྤྱོད་འདུལ་བ་བཞིན་གནས་དགོས་པ་ཞིག་མ་གཏོགས། གོས་སེར་པོས་བཏུམས་ནས་ཁྲི་མཐོན་པོའི་སྒང་ནས་བསྡད་བཞག་ན་སྙིང་བོ་མེད། དེ་འདྲ་གཏན་ནས་ཡག་པོ་མ་རེད།

པཎ་ཆེན་རིན་པོ་ཆེའི་གསུང་བཤད།

རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ། མི་རིགས་ཀྱི་རིག་གནས་དར་སྤེལ། ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་རྒྱུ་ནི་མི་རིགས་ས་ཁུལ་རང་སྐྱོང་སྲོལ་ཡིག་གི་རྩ་བའི་དགོངས་པ་ཡིན་ལ། དོན་དག་འདི་ལ་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། རིམ་པ་གོང་འོག་གི་འགོ་ཁྲིད་ལས་བྱེད་པས་འདི་ལ་བཀུར་བཟོས་དང་རྒྱབ་སྐྱོར་བྱེད་དུ་འཇུག་དགོས་ལ། དོན་དངོས་ཀྱི་ཉིན་རེའི་བྱ་བའི་ཁྲོད་ནས་དེ་ལ་བརྩི་མཐོང་དང་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས།

 རེབ་གོང་རྨུ་ཐག་ཚང་གི་སྐད་འཕྲིན་སྟེགས་བུ་ལས་བཏུས། སྐད་འཕྲིན་ཨང་གྲངས། Rebgongdream

1864827677