འགྲེལ་བྱང་། ལྷུག་རྩོམ།

ཁྲི་ཀའི་རྒྱ་ལོ་བཅོ་ལྔ།

དེ་རིང་ནི་རྒྱ་ལོ་བཅོ་ལྔ་ཡིན་པས། སྔ་དྲོ་ང་རང་ཕ་མ་གཉིས་ལ་འགྲོགས་ནས་གནས་འདིའི་སྐད་གྲགས་ཅན་གྱི་ལྷ་ཁང་མཆོད་ཁང་སྟེ། ལྷ་དཀར་པོ་བྱམས་པ་རང་བྱོན་ཁང་དང་། ཇོ་བོ་ཡིད་བཞིན་ནོར་བུ་ཁང་། རྒྱ་ནག་སྲུང་མ་ཡུལ་ལྷ་གཉེན་པོའི་ཕོ་བྲང་བཅས་ལ་ཕྱག་མཇལ་དུ་སོང་བ་ཡིན། ཟླ་རེའི་ཚེས་གཅིག་དང་བརྒྱད། བཅོ་ལྔ། གནམ་སྟོང་… ཞིབ་ཏུ་ཀློག →

བརྗེད་དཀའ་བའི་འདས་དོན།

བྱ་བ་ལ་ལ་ཞིག་སེམས་ནས་བརྗེད་འདོད་ཀྱང་བརྗེད་དཀའ་བ་དང་། བྱ་བ་ལ་ལ་ཞིག་སེམས་ལ་འཛིན་འདོད་ཀྱང་འཛིན་དཀའ་བ་རེད་ཅེས་པ་ནི་ངོ་མ་རེད། ང་ཚོས་ཆུང་དུས་ནས་དགེ་རྒན་གྱི་ཁྲིམས་རྒྱུག་འོག་ནས་ལེགས་བཤད་དང་། བརྡ་སྤྲོད། དག་ཡིག མགུར་མ། ལོ་རྒྱུས། རྒྱུན་ཤེས་སོགས་ཁ་ཝུ་དང་ཀླད་པ་དར་བ་བྱས་ཏེ་བློ་ལ་ཉིན་བཟུང་དགོང་… ཞིབ་ཏུ་ཀློག →

ཁ་བ་ནི་འདབ་མ་དྲུག་ལྡན་གྱི་མེ་ཏོག་དཀར་པོ་ཞིག

མདང་ནུབ།  འདབ་མ་དྲུག་ལྡན་གྱི་མེ་ཏོག་དཀར་པོ་ཞིག  ས་འཛིན་མ་མའི་ཕང་བ་རུ་མཛེས་སྡུག་ངང་བཞད་འདུག་མོད།  བརྩེ་བ་དང་བྲལ་བའི་མི་རྣམས་ཀྱིས་ཁྱེད་ཀྱི་མཛེས་སྡུག་གི་ལང་ཚོ་རྡོག་བརྫིས་བྱས་ཤིང་། དཀར་བོང་བོང་གི་ངོ་གདོང་ལ་ཅི་མི་སྙམ་པར་འགོམ་སྟེ་སོང་། ཡིན་ན་ཡང་། ངས་སེམས་ཆུང་ངང་གཞན་གྱི་བཤུལ་ལམ་དེད་ནས་ས… ཞིབ་ཏུ་ཀློག →

དགེ་རྒན་ལགས། སེམས་ནང་གི་ཉི་མ།

རྩོམ་རིག་དགེ་རྒན་ཨ་འཁོར་བཟོད་པ་ལགས་སུ། ཤེས་རིག་གི་གཞུང་ཤིང་དང་མུན་སེལ་གྱི་སྒྲོན་མེ། སྒྱུ་རྩལ་གྱི་བྱེད་པོ། བྱམས་བརྩེ་ཡི་བདག་ཉིད་ལགས། ཁྱེད་ནི་མི་ཡུལ་གྱི་སློབ་ཕྲུག་སྟོང་ཕྲག་གི་དཔུང་གཉེན་དང་། སློབ་མ་བརྒྱ་ཕྲག་གི་སེམས་ཀྱི་མཐོ་ས་ན་ཉར་བའི་དགེ་བའི་བཤེས་གཉེན་ཡིན། རྒན་ལགས། ཁྱེད་ཀྱི་སྨྲ་དག་པ… ཞིབ་ཏུ་ཀློག →

གྲོགས་ཚེ་ལོ་རྒྱལ། སྒྲུང་ཚེ་ལོ་རྒྱལ།

  གཅིག   སྤྱི་ལོ་༡༩༩༥ལོའི་དབྱར་གཞུང་ཞིག་ལ། སྦིར་སློབ་གྲྭའི་ཡིག་ཚང་གིས་ང་ཚོ་སློབ་མ་སྐོར་གཅིག་ཟ་ཁང་ཁང་ཚན་ཞེས་པ་ནས་གཉའ་ཁྲི་ཁང་ཚན་དང་༌། སྲོང་བཙན། ཁྲི་སྲོང་༌། ཐོན་མི་ཁང་ཚན་རེ་རེར་སྤོར་ཆོག་པ་བྱས། ངའི་ཁང་ཚན་ནི་ཐོན་མི་ཁང་ཚན་དུ་གྱུར། ང་ཐོན་མི་ཁང་ཚན་དུ་བསླེབས་རྗེས། ཉལ་ཁང་འདིའི་སླ… ཞིབ་ཏུ་ཀློག →

བསྐྱར་དུ་སློབ་ཕྲུག་ཚོ་དྲན་པ།

འཚོ་བའི་གནས་སྟངས་ཤིག་གིས་ཁ་མ་བྲལ་ཐབས་མེད་དུ་གྱུར་མོད། སེམས་ཀྱི་འབྲེལ་ཐག་ད་དུང་སྔར་བཞིན་དམ་པོར་གནས་པའི་སློབ་ཕྲུག་དག་དྲན་ཐེངས་རེ་རེར་ཕྲན་པའི་ཡ་ཆུང་སེམས་པ་ན་ཟུག་གིས་ཁེངས་ཤིང་། ཁྲ་ཆུང་མིག་ཟུང་སྐྱོ་བའི་མིག་ཆུ་ཡིས་བརླན་པ་ལ་འཛད་མཐའ་མི་འདུག ལྷག་ཏུ་དགེ་རྒན་དུས་ཆེན་མོར་བདག་ལ་སྙིང་ཉེ་ཞིང་། … ཞིབ་ཏུ་ཀློག →

འདྲ་མཉམ། འཆམ་མཐུན།

ཕུན་དབང་ལགས་ཀྱིས་ནམ་རྒྱུན་དབུས་དམར་ཕྱོགས་མཐོ་རིམ་འགོ་ཁྲིད་ཁག་ལ། ང་ཚོར་འཆམ་མཐུན་འོང་བ་ལ་འདྲ་མཉམ་གྱི་ལྟ་བ་སྔོན་དུ་འགྲོ་དགོས་པར་ཡང་དང་ བསྐྱར་དུ་བཤད་པ་ཡིན་ཟེར། རིགས་སོ་སོར་འདྲ་མཉམ་གྱི་འདུ་ཤེས་མ་བཟུང་བར་རྒྱ་རིགས་ཆེན་པོའི་འདུ་ཤེས་ཀྱི་ སྒང་ནས་འཆམ་མཐུན་གླེང་བ་ནི་རྒྱུ་མེད་པར་འབྲས་བུར་སྙེག… ཞིབ་ཏུ་ཀློག →

མི་སུ་ཡིན་རུང་རང་གི་ཚད་གཞི་དེ་ཤེས་དགོས།

སྔོན་གྱི་མེས་པོ་དག་གིས་ནམ་རྒྱུན་རང་གི་ཚད་གཞི་དེ་ལ་དང་དོད་བྱེད་པ་རེད། དེའི་རྒྱུ་མཚན་ནི་བག་མེད་པའི་ཡུལ་ལས་ལྡོག་པ་དང་། གཞན་ལ་བཀུར་སྟི་འོང་བ་དང་། ཕན་ཚུན་ལ་བརྩི་མཐོང་བྱེད་པའི་རྟགས་ཤིག་ཏུ་བཤད། འདི་ལ་གཏམ་རྒྱུད་བསོར་མོ་ཞིག་འདུག སྔོན་བུད་མེད་གཅིག་གིས་ཁྱོ་ག་མིས་བསད་ནས་སྟོང་སྙེག་ཏུ་འགྲོ་བ་ལ… ཞིབ་ཏུ་ཀློག →

ཐ་སྙད་པའི་ཁ་འདི་སྔར་ནས་ཚོན་པོ་རེད།

རྗེ་མི་ལས།ནམ་རྒྱུན་ཆོས་གསུངས་དུས། རང་དབང་དུ་མ་འདུས་པ་དེ་ཁ་གཞན་དབང་ཡིན་གསུངས་པ་ཐོས་རྐྱེན། ལོ་སྟོན་དང་དར་བློ་ཟེར་བ་གཉིས་ཀྱིས་ཕྲག་དོག་བྱས་པ་རེད།ཁོང་གཉིས་ཀྱིས་རྗེ་བཙུན་ལ། རྣལ་འབྱོར་བ་ཁྱོད་ཁྱད་པར་ཅན་ཞིག་ཡིན་པར་འདུག་པས། ཚད་མ་མཁས་ཐག་ཆོད། མི་མཁས་ན་ཆ་ལུགས་འདི་དང་།སྤྱོད་པ་འདིས་སངས་རྒྱས་ཀྱི… ཞིབ་ཏུ་ཀློག →

གྲོགས་པོ་ཞིག་ལ་ལན་དུ་ཕུལ་བ།

ཉིས་སྟོང་དགུ་ལོ་ཡས་མས་སུ་བྲིས་པའི་ལྷུག་མ་ཞིག ངས་ནམ་ནམ་ཞར་ཞར་ལ་སྙན་ངག་ཅིག་འབྲི་དོན་ནི་གང་གི་ཆེད་དུ་ཡང་མིན། གཙོ་བོ་རང་སེམས་གསལ་རིག་གི་ངོ་བོར་བྱབས་འཁྲུས་ཤིག་བྱེད་པར་སེམས་ན་དེ་ཅུང་འོས་པར་སྣང་། ངས་ནི་ནམ་རྒྱུན་རང་ཉིད་ནི་ཅིག་ཅིག་མུག་མུག་ཟེར་བའི་ཁ་བོ་ཆེ་དེ་འཐེན་གྱིན་མེད་ལ། རང་ཉིད་ཀྱིས་བྲ… ཞིབ་ཏུ་ཀློག →

དགེ་ཆོས་ཀྱི་ཟུར་ཞིག་དྲན་ཚེ།

ད་ལྟ་དོང་ཆུ་འཐུང་སྐབས།། སྔོན་མར་ཁྲོན་པ་རྐོ་མཁན་མ་བརྗེད། ༼ཕྲན་བུ་རྒྱ་བོད་ཀྱི་ཡུལ་གྲུ་དུ་མར་འཁྱམས་པའི་སྐབས་གང་མཐོང་ཞིང་ཐོས་པའི་རིག་གནས་ཀྱི་སྐོར་གྱི་བློ་བསྐྱེད་ཅི་ཡོད་ཕྱོགས་གཅིག་ཏུ་བསྡུས་ནས། འོལ་ཚོད་ཀྱིས་ཡིན་ཐག་བཅད་པ་དང་། མང་པོ་ཞིག་ལ་མགུ་བ་བསྐྱེད་པའི་སླད་དུ་ཁུངས་མེད་གཏམ་རྒྱུད་ཆེས་མཚ… ཞིབ་ཏུ་ཀློག →

ཚིགས་བཅད་ཅིག་སྐོར་ལོག་ཏུ་འགྲེལ་ཡོད།

ཚིགས་བཅད་སྐོར་ལོག་ཏུ་འགྲེལ་ཡོད། ཕལ་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས།། རྒུད་པའི་རྩ་བ་ལྷན་སྐྱེས་བདེན་འཛིན་རྙེད།། མཁས་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས།། དེ་ལས་སྡུག་པའི་ཀུན་བརྟགས་བདེན་འཛིན་རྙེད།། ཅེས་པ་ལྟར་དགེ་ཆོས་ཁོང་གིས་སྐུ་ཚེ་བསྟོད་དུ་དབུ་སེམས་ཀྱི་ལྟ་གྲུབ་ལ་ཐོས་བརྩོན་བྱས་བྱས་ཏེ། མཐར… ཞིབ་ཏུ་ཀློག →

སློབ་གྲྭའི་ནང་གི་ཁྱི་ལྡོམ།

ཞོགས་པ་དེར་མལ་ལས་ལང་རྒྱུ་ཅུང་སྔ་སོང་བ་འདྲ།ཅི་བྱེད་བྱ་བ་མི་རྙེད་ཅིང་འཚོ་བར་སྙིང་བོ་མི་རིག་པའི་ཚོར་བ་དེས་ང་སྡོད་ཤག་ནང་དུ་འདུག་མི་བཟོད་པར་གྱུར།དེ་བས་སྟོད་ལྭ་རྒྱབ་ལ་གཡོག་ཞོར་སྡོད་ཁང་བར་འཁྱམས་བརྒྱུད་ནས་སྡོད་ཤག་གཞན་པ་ཞིག་ལ་དམིགས་ནས་སོང་བ་ཡིན།ང་དང་ཐག་མི་རིང་བའི་འཁྱམས་སྣེ་དེ་རུ་ཁྱི་གུ་ཆུ… ཞིབ་ཏུ་ཀློག →

རོལ་རྩེད་ཀྱི་ལེའུ།

༡ གཞུང་ལམ་འདིའི་ཕ་རོལ་ན། འོད་ཀྲིག་ཀྲིག་གི་ཚོང་ཁང་འགའ། བྱམས་སེམས་ཀྱིས་ལྟོགས་པའི་སྒྱུ་རྩལ་བ་རེ་དང་འདྲ་བར་ཁ་གདང་ཤིང་མིག་ཅེར་དེ་འདུག ཁྱོད་ནི། སྨུག་ཤིག་ཤིག་གི་རླངས་འཁོར་ཞིག གྲོང་ཁྱེར་འདིའི་བདག་པོ་བཞིན་དུ། ལྗང་མདོག་གིས་མ་ཁེབས་པའི་གཞུང་ལམ་ཐོག་དལ་གྱིས་གཤར་འོང་ན། ཁྱོད་ཚོས་གནང་བའི་འཕྲིན་ལས… ཞིབ་ཏུ་ཀློག →

༼ཁ་བ་སིབ་སིབ་༽ཀྱི་ནང་ཁྲོལ་ལ་ཁ་འཁོར་བ།

—-གྲོགས་སྙན་ངག་པ་ཏཱ་ན་བློ་བཟང་ལགས་ཀྱི་སྙན་དེབ་༼ཁ་བ་སིབ་སིབ་༽བཀླགས་པའི་དྲན་ཐོ་ཞིག ཁོ་རང་འགྲོ་ཁར་ངས་བྱིས་བློའི་དྭངས་གཙང་གི་སེམས་གཤིས་ཤིག་འཁྱེར་ཡོད་དེ། “ཁྱོད་ཀྱིས་ཡིག་ཆ་སོགས་གང་ཡང་མ་འཁྱེར་བར་ཐམས་ཅད་ཀྱི་དོན་ཡིད་ལ་བཟུང་ནས་སོང་། འཛིན་བཟུང་བྱས་ཀྱང་ཉེས་པ་ཆེན་པོ་འཕོག་གི་མ་རེད་”ཅེས་བ… ཞིབ་ཏུ་ཀློག →

མདུད་པ།

གཅིག ང་ཚོས་རང་སེམས་གོར་མོ་ལག་ཏུ་བླངས་ཏེ་ཞིབ་འདང་ཞིག་རྒྱོབས་དང་། ཁྱོད་ཀྱིས་རང་ཉིད་ཀྱི་ལས་དབང་ལ་ཀུ་རེ་རྩེས་པ་མིན་ན། ཁྱོད་ཀྱིས་རང་ལུས་གཙང་མའི་ལང་ཚོ་རྩེད་ཆས་བྱས་པ་མིན་ན། ཁྱོད་ཀྱིས་རང་སེམས་འོ་མ་འདྲ་བོ་ནག་ཐིག་ཕབ་པ་མིན་ན། ཁྱོད་ཀྱི་སྙིང་དབུས་སུ་བཞད་པའི་ཟླ་བའི་མེ་ཏོག་དེ་གཉིས་སུ་ཞིག་གིས་མཛ… ཞིབ་ཏུ་ཀློག →

བདེན་གཏམ་གསེར་གྱི་གཙག་བུ།།

ཕྱི་རྐང་གཉིས་ཀྱིས་ཞྭ་ཆེན་མ་སྐྲག།། ནང་རང་སེམས་ཀྱི་གཏི་མུག་མ་ཞེད།། དོན་འགྲོ་ཕན་གྱི་བདེན་གཏམ་དཀར་པོ།། གོ་འདོད་པ་ཚོའི་རྣ་ལ་བསྒྲག་ཡ།། ད་ཕལ་ཆེར་གདོད་མའི་སྤྱི་ཚོགས་དེ་འཇའ་ལྟར་ཡལ་ཏེ། ཉེར་གཅིག་དྭངས་གསལ་གྱི་དཀྱོག་མཚམས་ལ་༼དུང་ཕྱུར་དྲུག་ཅུ་༽ཚང་མ་སྔོན་ཐོན་གི་ལམ་ལ་རྡོག་ཐོན་བྱེད་པས་སྐབས་འདིར། ང… ཞིབ་ཏུ་ཀློག →

བདག་དང་ལྷ་མོའི་གཏམ་རྒྱུད།

དུང་སེམས་ཀྱི་ལྷུག་བརྗོད་རིང་མོ་༼ལྷ་མོ༽་ལས་སྔོན་འགྲོའི་ལེའུ།། ཨ། ལྷ་མོ་ཞེས་པའི་མིང་འདི་ཐོས་མ་ཐག བདག་ལ་ལོ་ཟླ་དམར་པོ་ཞིག་དྲན་དུ་འཇུག་སྲིད་པས་ལྷ་མོ་ལ་ལྷ་མོ་ལས་གཞན་པའི་འགྲེལ་བརྗོད་དང་དམིགས་གསལ་གྱི་སྐད་ཆ་ཅི་ཡང་མི་འདུག འདི་ནི་བདག་ཁོ་ནའི་སྒེར་གཤིས་ཀྱི་དྲན་ཚུལ་ཞིག་ལས་ཁྱེད་ཀྱི་བསམ་བློ་དང་ས… ཞིབ་ཏུ་ཀློག →

ལྷུག་རྩོམ་ཚན་པ་གསུམ། – སེང་རྡོར།

༈ རྒྱང་འབྲོག་གི་དབྱར་ཁ།         འབྲོག་པའི་དབྱར་སར་བསླེབས་ན། སྐབས་རེར་གནམ་ས་གཉིས་ཁ་འཕྲོད་གྲབས་དང་ཤར་ནུབ་ཀུན་ཐོད་ཐུག་སྙམ་བྱེད་ཅིང་ལན་རེར་དེ་ཀུན་སྤྲུལ་པ་བཤིག་པ་བཞིན་མི་སྣང་སྟེ་རྩྭ་ཐང་ཆེན་པོ་དག་མུ་མཐའ་མེད་པར་ཤར་ཡོང་། མཉམ་བཞག་ན། རང་ཁྱིམ་ཚུན་ཆད་མིག་གིས་ཟིན་དཀའ་བའི་ཐག་རིང་ཞིག་ན་ཡོད་དུས་… ཞིབ་ཏུ་ཀློག →

འུར་ལ་དགའ་བའི་ད་ལྟའི་ན་གཞོན་ཚོ།

གང་བུ་ལྷ་དཔལ་རྒྱལ(ཟི་ལིང) མིག་མེད་པའི་ལོང་བ་རྣམས་ནི་དངོས་གནས་ཁག་མེད་དེ། ལག་ཐོགས་དབྱུག་པའམ་ཡང་ན་མི་གཞན་གྱི་རྗེས་ཁྲིད་ལ་ངེས་པར་བརྟེན་དགོས། དེ་ལྟར་མ་ཡིན་ཚེ་གཡང་ལ་ལྷུང་སྲིད་པ་བསྙོན་མེད་དོ། འོན་ཀྱང་དཔྱོད་ཤེས་ཀྱི་མིག་མངའ་བའི་མི་བུ་ཚོ་ནི་མདུན་ཁར་གཡང་ས་དང་འདམ་རྫོབ་ཅི་ཡོད་སྔོན་བལྟ་བྱེད་ཤེ… ཞིབ་ཏུ་ཀློག →

དོ་ནུབ། ང་ཕ་ཡུལ་རྩྭ་ཐང་ན་ཡོད།

ཆར་ཞོད་ཆེན་པོ་ཞིག་གི་རྗེས་སུ། ང་རང་ཕ་ཡུལ་གྱི་རྩྭ་ཐང་དུ་འབྱོར། ཕ་ཡུལ་རྩྭ་ཐང་དུ་འབྱོར་རྗེས། ཡང་བསྐྱར་ཆར་ཞོད་ཆེན་པོ་ཞིག་བབས་པ་དང་། དུམ་བུར་མཆེད་པའི་སྤྲིན་པ་དག་གི་གསེབ་ནས། མུན་པ་སྟུག་པོ་ཞིག་ཕ་ཡུལ་རྩྭ་ཐང་དུ་ལྷུང་།

འབྲོང་གཡག་གི་མཚེར་ཤུལ། དགུ་རོང་སྤུན་གྲོལ།

           “མི་ལོ་བརྒྱ་ཕྲག་དུ་མའི་སྔོན་དུ་གསེར་ནག་ལུང་པ་འདི་འབྲོང་རྒྱུད་གདོང་ཟུར་བཅོ་བརྒྱད་དང་གཡག་རྒྱུད་ལུང་ཁུག་ཁྲི་འབུམ་གྱིས་གྲུབ་ཅིང་། ལུང་པའི་རི་ཟོམ་དུ་འབྲོང་གཡག་གི་ངུར་སྒྲ་མཚམས་མེད་དུ་གྲགས་ཏེ། ཁྱི་སྤྱང་གི་རིགས་རྣམས་དབང་པོའི་སྣང་ཡུལ་དུ་མ་མཆིས་པས། རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས་བ… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑